ཀུ་ཤུ་ཁ་པར་ཐོན ༡༤

ཀུ་ཤུ་མ་ལག་ཐོན་༡༦་དངོས་སུ་འདོན་སྤེལ་བྱས་པ་བཟུང་། མི་མང་པོ་ཞིག་གིས་དྲ་ལམ་དུ། མི་འགྱངས་བར་ཁྲོམ་རར་འགྲེམས་སྤེལ་བྱེད་ངེས་པའི་ཀུ་ཤུ་ཁ་པར་ཐོན་༡༤་སྐོར་ལ་གནས་ཚུལ་སྣ་ཚོགས་ཞིག་སྤེལ་དང་སྤེལ་མུས་ཡིན། ཀུ་ཤུ་ཁ་པར་འགྲེམས་སྤེལ་བྱེད་པར་ད་དུང་དུས་ཡུན་ཟླ་བ་ཁ་ཤས་འགོར་ངེས་ཀྱི་ཡོད་རུང་། མི་ཚོས་འདས་པའི་ཉམས་མྱོང་དང་སོ་སོའི་འཆར་སྣང་མཉམ་སྤུངས་བྱས་པའི་འབྲས་བུ་ལ་བརྟེན་ནས། ད་ཆ། ང་ཚོས་ཀུ་ཤུ་ཁ་པར་ཐོན་iPhone 14 དང་ iPhone 14 Pro་སོགས་ཀྱི་བཟོ་བཀོད་དང་ཁྱད་ཆོས་སོགས་ག་འདྲ་ཡོད་མེད་རོབ་ཙམ་ཚོད་དཔག་དང་ཤེས་རྟོགས་ཐུབ་ཀྱི་ཡོད།

ཀུ་ཤུ་བཟོ་ཚོང་ཁང་གིས་ཁ་པར་ཐོན་གསར་མི་འདྲ་བ་རིགས་བཞི་འདོན་སྤེལ་བྱེད་ངེས་པ་དག་ནི། iPhone 14 དང་། iPhone 14 Max iPhone 14 Pro iPhone 14 Pro Max བཅས་ཡིན།

གསལ་བཤད། འདི་ནི་དྲ་ལམ་དུ་མི་ཚོས་ཚོད་དཔག་བྱས་ནས་བཏོན་པའི་ཁ་པར་གྱི་མ་དཔེ་ཙམ་ཡིན་པ་ལས། ཀུ་ཤུ་བཟོ་ཚོང་ཁང་གིས་གཞུང་འབྲེལ་གྱི་ཐོག་ནས་བཏོན་པའི་གནས་ཚུལ་གང་ཡང་མིན།

ཀུ་ཤུ་ཁ་པར་༡༤་འདོན་སྤེལ་གྱི་ཚེས་གྲངས།

དུས་ད་ལྟའི་ཆར། ཀུ་ཤུ་ཁ་པར་༡༤་ག་དུས་འདོན་སྤེལ་བྱེད་ངེས་མིན། མི་སུས་ཀྱང་ཤེས་ཀྱི་མེད། འོན་ཀྱང་། ཀུ་ཤུ་བཟོ་ཚོང་ཁང་གི་ལོ་འཁོར་མཛད་སྒོ་ཞིག་ལོ་རེའི་ཟླ་༩་ཚེས་༡༣་ཉིན་འཚོགས་ཀྱི་ཡོད་པ་དང་། མཛད་སྒོ་དེའི་རྗེས་ནས་ཀུ་ཤུ་ཁ་པར་ཐོན་གསར་པ་འདོན་སྤེལ་བྱེད་སྲོལ་ཡོད་པར་བརྟེན། ཀུ་ཤུ་ཁ་པར་ཐོན་༡༤་ཡང་འདི་ལོའི་ཟླ་༩་པའི་ཟླ་མཇུག་ཏུ་འདོན་སྤེལ་བྱེད་ངེས་པའི་ཚོད་དཔག་བྱེད་ཀྱི་ཡོད། 

ང་ཚོས་ཧ་གོ་བའི་གནས་ཚུལ་ཁག་ནི།

ཀུ་ཤུ་བཟོ་ཚོང་ཁང་གིས་ཟླ་༩་པའི་ཚེས་ཚེས་༡༣།༡༤་གང་རུང་ཞིག་ལ་ལོ་འཁོར་མཛད་སྒོ་བསྐོང་ངེས་པ་དང་།དེའི་རྗེས་ཀྱི་གཟའ་འཁོར་གཅིག་དང་ཕྱེད་ཀའི་རྗེས་སུ་ཁ་པར་ཐོན་གསར་པ་འདོན་སྤེལ་བྱེད་སྲོལ་ཡོད་ལ། འདོན་སྤེལ་གྱི་ཉིན་མོ་གཟའ་པ་སངས་འདེམས་སྲོལ་ཡོད།

ཀུ་ཤུ་ཁ་པར་ཐོན་༡༣་ལ་ཆ་མཚོན་ན། ཟླ་༩་པའི་ཚེས་༡༧་དྲ་ལམ་ནས་མངགས་ཉོ་འགོ་འཛུགས་བྱས་ཡོད་ལ། ཚོང་ཁང་ནང་ནས་ཚེས་༢༤་ནས་བཟུང་འཚོང་འགོ་བརྩམས་ཡོད།

ཀུ་ཤུ་ཁ་པར་ཐོན་༡༤་པའི་རིན་གོང་།

ཁ་པར་གྱི་མ་དཔེ།ཤོངས་ཚད།རིན་གོང་།
iPhone 14128GB¥ 5392.77
iPhone 14 pro128GB¥ 6742.65
iPhone 14 max128GB¥ 6067.71
iPhone 14 pro max128GB¥ 7417.59

ཀུ་ཤུ་ཁ་པར iPhone 14 & iPhone 14 max གྱི་ཁྱད་ཆོས་ཁག 

མདུན་གྱི་པར་ཆས། 12 MP (རང་འགུལ་ལེགས་སྒྲིག་གི་ཁྱད་ཆོས།)
རྒྱབ་ཀྱི་པར་ཆས།12 MP + 12MP
སྒྲིག་གཅོད་ཆས།Apple A15 bionic
སྐབས་བསྟུན་གསོག་ཆས།6GB LPDDR 4X
ཤོངས་ཚད།128GB – 512GB
དྲ་བའི་འབྲེལ་མཐུད།5G, 4G, 3G, 2G (འཁོར་སྐར་རྨང་གཞི་བྱས་པའི་ཛ་དྲག་གི་ཁྱད་ཆོས།)
འཆར་ངོས།6.1 inches / 6.7 inches (1170 x 2532 OLED screens / 60Hz refresh rate)
དམིགས་བསལ་གྱི་ཁྱད་ཆོས།ངོ་གདོང་ངོས་འཛིན་ཆས། རླུང་གནོན་འཇལ་ཆས། འཁོར་མདའ་གསུམ་གྱི་དཔྱད་ཆས། མགྱོགས་ཚད་འཇལ་ཆས། ཚོར་འདྲེན་འཕྲུལ་ཆས། འོད་ཚོར་ཆས། ཕྱོགས་སྟོན་འཁོར་ལོ། Siri བཅས་སོ།།


Leave a Reply

Your email address will not be published. Required fields are marked *