ཧྭ་ཝེ་ཁ་པར Mate 90

ཧྭ་ཝེ་བཟོ་ཚོང་ཁང་གིས་ཁ་པར་Mate 90  གསར་དུ་བཏོན་པ་དེས་ཀུ་ཤུ་ཁ་པར་ཐོན་རིམ་iPhone 18 ཁག་ལ་གདོང་ཐུག་གི་འགྲན་རྩོད་ཅིག་བསླངས་ཡོད། གང་ཡིན་ཞེ་ན།  ཁ་པར་གསར་པ་འདིའི་ནང་གི་བྱེད་ནུས་དང་། པར་ཆས། འཆར་ཤེལ། གློག་རྫས། རིག་ནུས་བཅས་ཀྱི་ཐད་ལ་ཡར་རྒྱས་ཆེན་པོ་བཏང་ཡོད། 

 བྱེད་ནུས། ཧྭ་ཝེ་བཟོ་ཚོང་ཁང་རང་ངོས་ནས་གསར་གཏོད་བྱས་པའི་Kirin 9050 Pro ཉིང་ལྷེབ་ཚད་མཐོ་ཤོས་ཀྱི་བྱེད་ནུས་དེ་ཁ་པར་ཐོན་སྔོན་མ་ཁག་དང་བསྡུར་ན། སྤྱི་ཡོངས་ཀྱི་བྱེད་ནུས་31% ཡར་རྒྱས་བཏང་ཡོད་པ་དང་། རིག་ནུས་བཀོལ་སྤྱོད་བྱེད་པའི་ནུས་པ140% ཡར་རྒྱས་བཏང་ཡོད་པ་གང་ཞིག་ལ་གློག་ཤུགས་གྲོན་ཆུང་བྱེད་པའི་ནུས་པ་ཆེ་རུ་བཏང་ཡོད་འདུག  འདི་ནི་ཀུ་ཤུ་ཁ་པར་གྱི་ཉིང་ལྷེབ་A20 Pro དང་མཉམ་དུ་རྒྱལ་སྤྱིའི་ཁྲོམ་རའི་ནང་འགྲན་བསྡུར་བྱེད་ཐུབ་པའི་རྟགས་མཚན་གསལ་པོ་ཞིག་ཡིན་པར་བརྗོད་ཀྱི་ཡོད།

 པར་ཆས། ཧྭ་ཝེ་ཁ་པར་ནང་གི་པར་ཆས་ཀྱི་ནུས་པ་སྔར་ལས་ཀྱང་ཤུགས་ཆེ་རུ་བཏང་ཡོད། དཔེར་ན། རྒྱལ་ཤེལ་པར་ཆས་སྤྱད་དེ་རྒྱང་ཐག་རིང་བའི་ཅ་དངོས་སོགས་བརྙན་དང་པར་ལེན་སྐབས། རྒྱང་ཤེལ་གྱིས་ཅ་དངོས་མདུན་ལ་ཤུགས་ཆེར་འཐེན་རུང་པར་གྱི་སྤུས་ཚད་མི་ཉམས་པར་བརྗོད་ཀྱི་ཡོད། པར་ཆས་རྐྱང་བའི་ངོས་ཐད་ནས་བརྗོད་ན། ཀུ་ཤུ་ཁ་པར་ལས་རྒྱལ་ནང་ནས་བཟོས་པའི་ཁ་པར་ཁག་གིས་བླངས་པའི་པར་གྱི་སྤུས་ཚད་ལེགས་པ་ཡོད། 

 འཆར་ཤེལ།  Mate 90 Pro ཁག་གི་འོད་གསལ་ཚད་མཐོ་ཤོས་ནི་12,000 nits བར་སླེབས་ཐུབ་ཀྱི་ཡོད་པར་བརྟེན། འཆར་ཤེལ་གྱི་མཁྲེགས་ཆས་ངོས་ཐད་ནས་ཀྱང་། ཀུ་ཤུ་ཁ་པར་ལ་འགྲན་འཛུགས་ཀྱི་ཡོད་པ་མཚོན་གྱི་ཡོད།

གློག་རྫས། Mate 90 Pro Max ཡི་གློག་རྫས་ཀྱི་ཚད་གཞི་ནི་6,800mAh ཡིན་པས། ཉིན་རེའི་སྤྱོད་སྒོའི་ཐད་ནས་བཤད་ན། དུས་ཡུན་རྒྱུན་རིང་པོར་གློག་འདང་ཐུབ་ཀྱི་ཡོད་པར་བརྟེན། གློག་རྫས་ཀྱི་ཆ་ནས་ཀུ་ཤུ་ཁ་པར་གྱི་ནུས་པ་ཞན་པའི་གློག་རྫས་ཕམ་པར་བརྒྱབ་ཡོད། 

ཧྭ་ཝེ་དང་ཀུ་ཤུ་བཟོ་ཚོང་ཁང་གཉིས་ཀས། རིག་ནུས་ཁ་པར་ནང་དུ་ཐད་ཀར་བཅུག་ཡོད།  ཧྭ་ཝེ་བཟོ་ཚོང་ཁང་གིས Kirinཉིང་ལྷེབ་དང་ HarmonyOS ཉེར་སྤྱོད་མ་ལག་བརྒྱུད་ནས་ཁ་པར་ནང་དུ་ཐད་ཀར་རིག་ནུས་ཀྱི་ནུས་པ་སྤྲོད་རྒྱུར་ཤུགས་བརྒྱབ་ཡོད་ལ། ཀུ་ཤུ་བཟོ་ཚོང་ཁང་གིས་ཀྱང་A20 Pro ཉིང་ལྷེབ་དང་iOS་ཀུ་ཤུ་ཉེར་སྤྱོད་མ་ལག་བརྒྱུད་ནས་ཀུ་ཤུ་ཁ་པར་གྱི་ནང་དུ་རིག་ནུས་ཀྱི་བྱེད་ལས་སྔར་ལས་ཀྱང་གཏིང་ཇེ་ཟབ་ཏུ་གཏོང་གི་ཡོད།

ཀུ་ཤུ་བཟོ་ཚོང་ཁང་ལ་ཀུ་ཤུའི་ཉེར་སྤྱོད་མ་ལག་དང་། བུམ་འཛོད། ཀུ་ཤུའི་ཞབས་ཞུ་ཁག  ད་དུང་། རྒྱལ་སྤྱིའི་ཁྲོམ་ར་བཅས་ཀྱི་ཐད་ནས་ཧྭ་ཝེ་དང་བསྡུར་ན། ཁོར་ཡུག་དང་གནས་བབ་བཟང་བ་ཡོད། འོན་ཀྱང་། དུས་ཡུན་ཐུང་ངུའི་ནང་གི་ཧྭ་ཝེ་བཟོ་ཚོང་ཁང་གི་འཕེལ་རྒྱས་ཀྱི་མྱུར་ཚད་འདི་ཡང་དོ་སྣང་བྱེད་འོས་པའི་གནད་དོན་ཞིག་ཆགས་ཡོད།

སྔོན་ཆད་ཧྭ་ཝེ་བཟོ་ཚོང་ཁང་གིས་ཁ་པར་གྱི་ཁྲོམ་རའི་ནང་གནས་ཐུབ་པར་འབད་དགོས་ཀྱི་ཡོད་མོད། ད་ཆ་རང་ངོས་ནས་ཉིང་ལྷེབ་བཟོ་བ་དང་། པར་ཆས་ཀྱི་ལག་རྩལ་ཡར་རྒྱས་གཏོང་བ། རིག་ནུས་ལ་ཤུགས་སྣོན་རྒྱག་བཞིན་པ་འདི་དག་གིས་ཀུ་ཤུ་བཟོ་ཚོང་ཁང་གི་མཁྲེགས་ཆས་ལ་འགྲན་སློང་བྱེད་ཐུབ་པའི་གནས་བབ་ལ་སླེབས་ཡོད་པ་མཚོན་གྱི་ཡོད།

ཧྭ་ཝེ་ཁ་པར་ཁག་གིས་ད་དུང་ཀུ་ཤུའི་རྗེས་ཟིན་མེད་རུང་།  Mate 90 ཐོན་རིམ་ཁག་གིས་ཁ་པར་གྱི་ཚོང་རྟགས་འདི་གཉིས་ཀའི་སྤུས་ཚད་ཐད་ཀྱི་ཧེ་བག་ཇེ་ཆུང་དུ་གཏོང་བཞིན་པ་གསལ་པོར་སྟོན་གྱི་ཡོད།

Leave a Reply

Your email address will not be published. Required fields are marked *