Galaxy Z TriFold ཁ་པར།

སེམས་སོང་(三星)བཟོ་ཚོང་ཁང་གིས་སེམས་སོང་ཁ་པར་སུམ་ལྟེབ་ཅན་ཐོག་མ་སྟེ། Galaxy Z TriFold ཞེས་པ་དེ་ཁྲོམ་རར་དངོས་སུ་འགྲེམས་སྤེལ་མ་བྱས་པའི་སྔོན་ལ་རྒྱ་ནང་དུ་མངགས་ཉོ་བྱེད་ཆོག་པ་བཟོས་འདུག་ལ། སེམས་སོང་བཟོ་ཚོང་ཁང་གི་གཞུང་ཕྱོགས་ཀྱི་དྲ་ཚིགས་སུ། ཉིན་རེར་མངགས་ཉོ་བྱེད་ཆོག་པའི་ཁ་པར་གྱི་གྲངས་ཀར་ཚད་བཀག་བཟོས་ཡོད་པ་རེད། 

Galaxy Z TriFold 16GB + 512GB ཁ་པར་གྱི་རིན་གོང་ནི་དམངས་སྒོར་19,999​​་ཡིན་ལ། 16GB + 1TB་ལ་དམངས་སྒོར་21,999​​་ཡིན།

ཁ་པར་གྱི་ལྗིད་ཚད་ནི་ཁེ་309་ཡིན།

པར་ཆས་གསུམ་ཡོད་པ་དང་། དེའི་ཁོངས་ཀྱི་པར་ཆས་གཙོ་བོའི་ཤུགས་ཚད་ནི200MP་ཡིན།

གློག་རྫས་ཀྱི་འདང་ཚད་ནི། 5,600mAh ཡིན།

ཉེར་སྤྱོད་མ་ལག Android 16

ཧྭ་ཝེ་ཁ་པར་སུམ་ལྟེབ་ཅན་དང་མི་འདྲ་ས་ཞིག་ཡོད་པ་ནི། ཁ་པར་འདི་ལྟེབ་སྐབས་ནང་ལྟེབ་རྒྱག་དགོས།

Galaxy Z TriFold དང་Huawei Mate XTs གཉིས་ཀ་རོབ་ཙམ་བསྡུར་ན།

  1. འཆར་ཤེལ་གྱི་ཆེ་ཆུང་དང་གསལ་ཚད།

Huawei Mate XTs འཆར་ཤེལ་ཆེ་བ་ཡོད་ཀྱང་། གསལ་ཚད་ཀྱི་ཆ་ནས་སེམས་སོང་Galaxy Z TriFold་བཟང་བ་ཡོད།

  1. གློག་སྙུག 

 Huawei Mate XTs སྟེང་དུ་གློག་སྙུག་བཀོལ་ཐུབ་རུང་། Galaxy Z TriFold་གིས་གློག་སྙུག་རྒྱབ་སྐྱོར་མི་བྱེད།

པར་ཆས་ཀྱི་ཤུགས་ཚད།  Huawei Mate XT(50 MP )་ལས་Galaxy Z TriFold(200 MP)ཡི་པར་ཆས་ཀྱི་ཤུགས་ཚད་མཐོ།

  1. གློག་རྫས་ཀྱི་འདང་ཚད། 

Huawei Mate XT དང་Galaxy Z TriFold གཉིས་ཀྱི་གློག་རྫས་ཀྱི་འདང་ཚད་གཅིག་མཚུངས་ཡིན་ཡང་། ཧྭ་ཝེ་ཁ་པར་སུམ་ལྟེབ་ཅན་གྱི་ནང་དུ་སེམས་སོང་ལས་གློག་མགྱོགས་པ་གསོག་ཐུབ། 

  1. ཆུ་འགོག་གི་ནུས་པ། 

Galaxy Z TriFold ཡི་ཆུ་འགོག་གི་ནུས་པ་ནི IP48 ཡིན་ཡང་།Huawei Mate XT་ཆུ་འགོག་གི་ནུས་པ་ག་འདྲ་ཡིན་མིན་གསལ་ཁ་མེད།

Leave a Reply

Your email address will not be published. Required fields are marked *