ཧྭ་ཝེ་ཁ་པར Huawei Mate 80

Huawei Mate 80 ནི། ཧྭ་ཝེ་བཟོ་ཚོང་ཁང་གིས་ཆེད་དམིགས་ཀྱི་ཐོག་ནས་འཆར་འགོད་བྱས་པའི་ཉེར་སྤྱོད་མ་ལག་ཐོན་གསར་ཤོས་HarmonyOS 6་ནང་དུ་བཅུག་ཡོད་པའི་ཁ་པར་ཐོན་གསར་ཤོས་དེ་ཡིན། 

རིན་གོང་།  ཤོང་ཚད་ཆེ་ཆུང་དང་། བཟོ་བཀོད། མིང་གི་ཁྱད་པར( Huawei Mate 80 / Huawei Mate 80 Pro/ Huawei Mate 80 Pro/ MaxHuawei Mate RS Ultimate Design)སོགས་མི་འདྲ་བ་ལྟར། ཁ་པར་གྱི་རིན་གོང་དམངས་སྒོར་4699་ནས-12999་བར་ཡིན། ཧྭ་ཝེ་བཟོ་ཚོང་ཁང་གིས་བརྗོད་ན། སྔོན་ཚུད་ནས་ཁ་པར་ཐོན་གསར་པ་མངགས་མཁན་ས་ཡ་༢་བརྒལ་ཚར་ཡོད་ཟེར།

ས་རྡུལ་དང་ཆུ་འགོག་གི་ནུས་པ། IP69 ཡིན་པས། ཁ་པར་གྱི་ཚེ་ཚད་ངོས་ནས་བརྗོད་ན། ཁ་པར་གཞན་ལས་ལྷག་པར་ངོས་འཛིན་བྱེད། 

པར་ཆས། Mate 80 ལ་སྤུས་ཚད་མཐོ་བའི་པར་ཆས་ཁག་བཞི་ཡོད་ལ། དེ་དག་གི་ནང་གི་པར་ཆས་གཙོ་བོའི་ཤུགས་ཚད་ནི། 50MP ཡིན་ལ། མཐོང་རྒྱ་ཇེ་ཆེར་གཏོང་བྱེད་ཀྱི་པར་ཆས་ཀྱི་ཤུགས་ཚད་ནི།  40MP ཡིན། པར་ཆས་གསུམ་པ་སྟེ་རྒྱང་གཟུགས་ཉེ་བར་འཐེན་བྱེད་ཀྱི་པར་ཆས་ཀྱི་ཤུགས་ཚད་ནི 12MP ཡིན། པར་ཆས་བཞི་པའི་བྱེད་ལས་གཙོ་བོ་ནི་བྱ་དངོས་ཀྱི་ཚོས་གཞི་སྒྲིག་སྦྱོར་བྱས་ཏེ་དངོས་ཡོད་རང་བཞིན་མཐོར་འདེགས་གཏོང་རྒྱུ་དེ་ཡིན། 

རང་ཉིད་པར་ལེན་གྱི་ནུས་པ། 13 MP ཡིན། 

འཆར་ཤེལ་གྱི་གསལ་ཚད། ད་ལྟའི་ཁྲོམ་རའི་ནང་གི་ཁ་པར་འཆར་ངོས་ཀྱི་འོད་གསལ་ཚད་མཐོ་ཤོས་ཀྱི་གྲས་སུ་ཚུད་ཡོད་པས། ཕྱི་རོལ་དུ་ཉི་འོད་ཇི་ལྟར་ཤུགས་ཆེནའང་བརྙན་ཡོལ་ཀློག་པར་དེ་ཙམ་དཀའ་ངལ་མེད་པས། དུས་རྒྱུན་དུ་ཕྱི་རོལ་ནས་ཁ་པར་ཡང་ཡང་བེད་སྤྱོད་བྱེད་མཁན་ཞིག་ཡིན་ན། ཁྱད་ཆོས་འདི་ཕན་ཐོགས་ཆེན་པོ་ཡོང་གི་རེད།

བྱེད་ལས། ཁ་པར་འདི་ལ་Kirin 9030་ཉིང་ལྷེབ་ཀྱི་ནུས་ཤུགས་བསྩལ་ཡོད་པས། བྱེད་ལས་ཧ་ཅང་མགྱོགས་པར་ངོས་འཛིན་བྱེད་ལ།  ཁ་པར་གྱི་ཚ་དྲོད་སྙོམས་སྒྲིག་བྱེད་ཐུབ་པའི་མ་ལག་ཞིག་ཀྱང་ཡོད་འདུག

གློག་རྫས། གློག་རྫས་ཀྱི་ནུས་ཤུགས་ཆེ་ཆུང་ནི་5750-6,000 mAh བར་ཡིན་ལ། སྐུད་ཡོད་དང་སྐུད་མེད་གཉིས་ཀའི་ལམ་ནས་གློག་གསོག་པའི་ནུས་པ་ཡོད། 100Wཅན་གྱི་གློག་གི་སྐུད་པ་བརྒྱུད་ནས་གློག་མགྱོགས་པོ་གསོག་ཐུབ་པ་དང་། སྐུད་མེད་གློག་གསོག་གི་ཤུགས་ཚད་ནི་80W ཡིན། ད་དུང་། ཁ་པར་གཅིག་ནས་ཁ་པར་གཞན་ལ་སྐུད་མེད་ཀྱི་ཐོག་ནས་གློག་གསོག་པའི་ཤུགས་ཚད་ནི 20W ཡིན། 

དེ་བཞིན་ “ཕྱི་རོལ་འགྲུལ་བཞུད་ཀྱི་རྣམ་པ”་ཟེར་བའི་དམིགས་བསལ་གྱི་བྱེད་ནུས་ཤིག་ཡོད་པ་དེ་སྤྱད་དེ། ཁ་པར་ནང་གི་གལ་ཆེན་མིན་པའི་ཁྱད་ཆོས་རྣམས་སྒོ་བརྒྱབ་ཚེ། ཉིན་ 14 རིང་གློག་འདང་ཐུབ་ཀྱི་ཡོད་པར་བརྗོད་འདུག   དེ་བས། ཧྭ་ཝེ་ཁ་པར་གསར་པ་འདི་ཉིན་རྒྱུན་དུ་དུས་ཡུན་རིང་པོར་ཁ་པར་བེད་སྤྱོད་བྱེད་མཁན་དང་། ཡང་ཡང་འགྲུལ་བཞུད་བྱེད་མཁན། ཡང་ན་འགྲུལ་བསྐྱོད་སྐབས་གློག་མགྱོགས་པོར་གསོག་དགོས་མཁན་ཚོར་འཚམས་པོ་ཡོད།

Leave a Reply

Your email address will not be published. Required fields are marked *