ངས་ཁྱེད་ཀྱི་གསང་ཚིག་ག་རེ་ཡིན་མིན་ཚོད་དཔག་བྱེད་ཐུབ།
གསང་ཚིག་གཏོར་བར་ཐབས་ལམ་མང་པོ་ཡོད་ལ།འཇབ་རྒོལ་པ་མང་པོ་ཞིག་གིས།དུས་རྒྱུན་དྲྭ་ཐོག་ཏུ་རིན་མེད་ཡིན་པའི་གསང་ཚིག་གཏོར་བྱེད་ཀྱི་ཡོ་ཆས་རིགས་བེད་སྤྱོད་བྱེད་ཀྱི་ཡོད།
སྤྱི་ཚོགས་འཆར་འགོད་ལས་རིགས། དྲྭ་ཐོག་གི་འཇབ་རྒོལ་པས་སྤྱི་ཚོགས་འཆར་འགོད་ལས་རིགས་ཀྱི་ལག་རྩལ་བེད་སྤྱད་དེ། དྲྭ་མྱུལ་བྱེད་མཁན་གྱི་གང་ཟག་གི་གསང་ཚིག་བཙན་གྱིས་ཕྱིར་བསྒྲགས་བྱེད་དུ་འཇུག་གི་ཡོད།
ལག་སྒུལ་ཚོད་དཔག དྲྭ་ཐོག་གི་འཇབ་རྒོལ་པས་སྒེར་གྱི་གནས་ཚུལ་དཔེར་ན། མི་ཞིག་གི་མིང་དང་། སྐྱེས་ཚེས། སློབ་ཨང་སོགས་བེད་སྤྱད་དེ། སྤྱིར་བཏང་གི་གསང་ཚིག་རིགས་ཚོད་དཔག་བྱེད་ཀྱི་ཡོད།
བར་གཅོད། གསང་ཚིག་རིགས་དྲྭ་འབྲེལ་གྱི་ལམ་ཁ་བརྒྱུད་ནས་བརྒྱུད་གཏོང་བྱེད་ཀྱི་ཡོད་པས། ལམ་བར་དུ་མི་གཞན་གྱིས་བཀག་འགོག་དང་རྐུ་མ་རྒྱག་གི་ཡོད།
གསང་ཚིག་རྐུ་བ། དྲྭ་ཐོག་གི་འཇབ་རྒོལ་པས་བཙན་པོ་ཉར་མེད་པའི་གསང་ཚིག་རིགས་རྐུ་མ་རྒྱག་ཐུབ་ཀྱི་ཡོད།
ཕྲག་གོང་ནས་ལྟ་བ། མི་ཞིག་གིས་གསང་ཚིག་གཏགས་དུས། དེ་ལ་ཞིབ་ཚགས་པོའི་སྒོ་ནས་ལྟ་བ།
གསང་ཚིག་ཐོ་འགོད། ནང་འཇུག་བྱས་པའི་གསང་ཚིག་ཐོ་འགོད་ཀྱིས། མི་ཞིག་གིས་སོ་སོའི་ཡོ་ཆས་སྟེང་གསང་ཚིག་ཅིག་གཏག་པའི་སྐབས་སུ་བར་གཅོད་བྱེད་ཀྱི་ཡོད།
དམུ་རྒོད་ཀྱི་སྟོབས་ཤུགས། གསང་ཚིག་ཅིག་མ་རྙེད་པའི་དབར་དུ། གསང་ཚིག་དུང་ཕྱུར་མང་པོ་རང་འགུལ་ཚོད་དཔག་གི་ཐབས་ལམ་བེད་སྤྱད་དེ་ཚོད་དཔག་བྱེད་ཀྱི་ཡོད།
འཚོལ་ཞིབ། གློག་རྡུལ་གྱི་ངོ་བོའི་ཐོག་གསོག་ཉར་བྱས་ཡོད་པའི་གསང་ཚིག་གི་གནས་ཚུལ་གྱི་ཆེད་དུ། འཕྲུལ་རིག་གི་རྨང་གཞིའི་འཛུགས་སྐྲུན་འཚོལ་གྱི་ཡོད།
བོད་མི་ཚོས་བཟོས་པའི་ཆེས་རྒྱུན་ལྡན་གྱི་གསང་ཚིག་ཁག་ཅིག
-
- Password
-
- 123456
-
- Lhasa Tibet
-
- 03101959
- སོ་སོའི་མིང་དཔེར་ན། Tashidawa
- སོ་སོའི་སྐྱེས་ཚེས། དཔེར་ན། ༡༩༩༡
- I love you
ང་ཚོས་དྲྭ་ཐོག་གི་འཇབ་རྒོལ་པ་ཞིག་གིས་དམུ་རྒོད་ཀྱི་་སྟོབས་ཤུགས་ཟེར་བའི་འཇབ་རྒོལ་གྱི་ཐབབས་ལམ་དེ་བེད་སྤྱོད་བཏང་སྟེ།མི་ཚོས་བཟོ་སྲིད་པའི་གསང་ཚིག་གི་སྒྲིག་སྦྱོར་ཚང་མ།དཔེར་ན།
- “aaaaaaaa”
- “aaaaaaab”
- “aaaaaaac”
སོགས་ཚོད་དཔག་བྱས་པའི་དབང་དུ་བཏང་ན། ཁོ་ཚོས་ཁྱེད་ཀྱི་གསང་ཚིག་ལས་སླ་པོའི་སྒོ་ནས་ཚོད་དཔག་བྱེད་སྲིད། རྒྱུ་མཚན་འདིའི་དབང་གིས། སོ་སོའི་གསང་ཚིག་གཞན་གྱིས་ལས་སླ་པོའི་སྒོ་ནས་ཚོད་དཔག་བྱེད་མི་ཐུབ་པའི་ཆེད་དུ། གསང་ཚིག་གི་གྲུབ་ཆའི་ཁོངས་སུ། ཨང་གྲངས་དང་། ཡི་གེ་ཆེ་བ། ཡི་གེ་ཆུང་བ། དམིགས་བསལ་ཨང་རྟགས་སོགས་བླུགས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གསང་ཚིག་ཇི་ཙམ་གྱིས་མགོ་ཉོག་བཟོས་པ་ཡིན་ན།དྲྭ་ཐོག་གི་འཇབ་རྒོལ་པས་གསང་ཚིག་གཏོར་བར་དེ་ཙམ་གྱིིས་དུས་ཚོད་མང་པོ་འགོར་གྱི་ཡོད།