སྐད་འཕྲིན་ནང་གི་ཁ་བརྡའི་ལོ་རྒྱུས་དང་གཞི་གྲངས་ཇི་ལྟར་གཙང་གསུབ་བྱེད་དགོས།
སྐད་འཕྲིན་ནང་གི་ཁ་བརྡའི་ལོ་རྒྱུས་གསུབ་ན། ཁ་པར་གྱི་ནང་གསོག་ཁེངས་འགྲོ་བའི་དཀའ་ངལ་དེ་སེལ་བར་ཕན་པ་ཆེ་ལ། ཕྱོགས་གཞན་ཞིག་ནས་རང་ཉིད་ཀྱིས་ཆ་འཕྲིན་གང་ཞིག་སྐད་འཕྲིན་ནང་དུ་བཏང་ཡོད་མེད་མི་གཞན་གྱིས་མ་མཐོང་བར་ཕན། དེ་གཙང་གསུབ་བྱེད་སྟངས་ནི། 1. སྐད་འཕྲིན་གྱི་སྒྲིག་འགོད།(设置)> 2. རྒྱུན་སྤྱོད།(通用)> 3. གསོག་འཇོག་གི་བར་སྟོང་། (存储空间) > 4. ཁ་བརྡའི་ཟིན་བྲིས། (聊天记录)> 5. དོ་དམ།(管理)བཅས་རིམ་པ་བཞིན་དུ་སོང་ནས་གསུབ་དགོས།
གློག་ཀླད་དྲ་ཚིགས་སྟེང་གི་མཉེན་ཆས་ཁག་ངའི་ཁ་པར་གྱི་ནང་དུ་ནང་འཇུག་བྱེད་མི་ཐུབ་དོན་གང་ཡིན་ནམ།
གློག་ཀླད་དྲ་ཚིགས་སྟེང་གི་མཉེན་ཆས་མང་ཆེ་བ་ཞིག་ཨན་ཌོ་ཁ་པར་གྱི་ནང་དུ་མ་གཏོགས་ནང་འཇུག་བྱེད་མི་ཐུབ་པས། མཉེན་ཆས་ཤིག་ཕབ་ལེན་མ་བྱས་པའི་སྔོན་དུ།
མཉེན་ཆས་དེ་སྒེའུ་ཁང་རྩིས་འཕྲུལ་དང་། ཀུ་ཤུ་རྩིས་འཕྲུལ། ཀུ་ཤུ་ཁ་པར། ཡང་ན། ཨན་ཌོ་ཁ་པར་སོགས་གློག་ཆས་གང་གི་ནང་དུ་ལས་ཀ་བྱེད་ཐུབ་མིན་ལྟ་དགོས།
དཔེར་ན། སྒེའུ་ཁུང་རྩིས་འཕྲུལ་ཀྱི་ཆེད་དུ་བཟོས་པའི་མཉེས་ཆས་ཤིག་ཀུ་ཤུ་རྩིས་འཕྲུལ་གྱི་ནང་དུ་ནང་འཇུག་བྱེད་མི་ཐུབ་པ་ལྟ་བུའོ།།
བདེ་འཇགས་ཀྱི་མཉེན་ཆས་རིགས་ཏེ་འཛོམས་དང་བརྡ་རྟགས་སོགས་གང་ནས་རག་ཐུབ།
ཨན་ཌོ་ཁ་པར་བཀོལ་སྤྱོད་བྱེད་མཁན་ཚོས་འཛོམས(Zom Mobile Messenger)་དང་བརྡ་རྟགས་(Signal)མཉེན་ཆས་སོགས་གློད་ཀླད་དྲ་ཚིགས་ loklad.lamyiq.com ཀྱི་སྟེང་ནས་ཕབ་ལེན་བྱེད་ཐུབ།
འོན་ཀྱང་། ཁྱེད་རང་ཀུ་ཤུ་ཁ་པར་བཀོལ་སྤྱོད་བྱེད་མཁན་ཡིན་ཚེ། ཀུ་ཤུ་བིམ་མཛོད་ཀྱི་ནང་ནས་རྙེད་ཐུབ།
ངས་VPN བཀོལ་གྱི་ཡོད་པ་གཞན་གྱིས་ཤེས་ཐུབ་བམ།
གལ་ཏེ། གཞན་གྱིས་ཁྱེད་ལ་གསང་མྱུལ་བྱེད་ཀྱི་ཡོད་ཚེ། ཁྱེད་ཀྱི་དྲ་བ་VPN་ཞིག་དང་སྦྲེལ་ཡོད་པ་དྲ་སྟེང་ནས་ཞིབ་བཤེར་བྱས་ན་ཤེས་ཐུབ། འོན་ཀྱང་། ཁྱེད་ཀྱིས་དྲ་སྟེང་ནས་ལས་ཀ་ཅི་ཞིག་བྱས་ཡོད་མེད་ཤེས་མི་ཐུབ་ལ། ཁྱེད་ཀྱིས་IP ཁ་བྱང་ངོ་མ་ཤེས་མི་ཐུབ། དེ་མ་ཚད། ཁྱེད་ཀྱི་སྡོད་གནས་ངོ་མ་གང་ཡིན་ཤེས་མི་ཐུབ་པ་མ་ཟད། ཁྱེད་ཀྱིས་མི་སུ་དང་འབྲེལ་བ་བྱེད་ཀྱི་ཡོད་མེད་ཀྱང་ཤེས་མི་ཐུབ། གསལ་བཤད། 1. སྐད་འཕྲིན་ནང་ནས་མི་སུ་དང་འབྲེལ་བ་བྱས་ཡོད་མེད་སྦས་མི་ཐུབ། 2. ཚད་ལྡན་གྱི་VPN བཀོལ་སྤྱོད་མ་བྱས་ན་བདེ་འཇགས་ལ་ཉེན་ཁ་ཡོད།
ཕྱི་ཕྱོགས་སུ་ཐོ་འགོད་བྱས་པའི་བིམ་མཛོད་དང་རྒྱལ་ནང་གི་ཁ་པར་ཨང་གྲངས་གཉིས་སྦྲེལ་ན་ཉེན་ཁ་ཆེན་པོ་ཡོད་དམ།
ཁ་པར་ནང་གི་ས་གནས་ཞབས་ཞུ་སྒོ་བརྒྱབ་ན་རང་གི་བདེ་འཇགས་ལ་ཕན་པ་ཡོད་དམ།
ཁ་པར་ནང་གི་ས་གནས་ཀྱི་ཞབས་ཞུ་སྒོ་བརྒྱབ་ཚེ། ཁ་པར་ནང་གི་བཀོལ་ཆས་ཁག་གིས་ཁྱེད་ཀྱི་ད་ལྟའི་སྡོད་གནས་ཀྱི་ཆ་འཕྲིན་བསྡུ་ལེན་བྱེད་མི་ཐུབ་པས། བདེ་འཇགས་ཀྱི་ཆ་ནས་ཅུང་ཡག་པོ་ཡོད།
འོན་ཀྱང་། དེ་གཅིག་པུས་མི་ཕན། གལ་ཏེ་ཁྱེད་རང་བདེ་འཇགས་ལ་དོ་ཁུར་བྱེད་མཁན་ཞིག་ཡིན་ཚེ། གསང་གཏམ་བཤད་སྐབས། ཁ་པར་གནམ་གྲུའི་གནས་སྐབས(飞行模式)་ཀྱི་ཐོག་ཏུ་བསྒྲིགས་རྗེས།
ཁང་པ་གཞན་ཞིག་གི་ནང་དུ་འཇོག་དགོས། ད་དུང་། བྱ་འགུལ་གལ་ཆེན་ལ་ཞུགས་སྐབས། ཁ་པར་རང་ཉིད་དང་མཉམ་དུ་མ་འཁྱེར་ན་ཡག་ཤོས་ཡིན།
བདེ་འཇགས་ཀྱི་ཐད་ནས་བཤད་ན། ཁ་པར་ཚང་མའི་ནང་ནས་ཀུ་ཤུ་ཁ་པར་ཡག་ཤོས་ཡིན་ནམ།
སུས་ང་ལ་གསང་མྱུལ་དང་ལྐོག་ཉན་བྱེད་ཐུབ། ལས་ཀ་དེ་མི་གང་རུང་ཞིག་གིས་ཀྱང་བྱེད་ཐུབ་བམ།
མི་ཕལ་བ་ཞིག་གིས་ཁྱེད་ཀྱི་ཐོག་ཏུ་གསང་མྱུལ་བྱེད་མི་ཐུབ། གསང་མྱུལ་ཟེར་བ་དེ་སྲིད་གཞུང་དང་དྲ་བའི་ཞབས་ཞུ་མཁོ་སྤྲོད་བྱེད་མཁན་སོགས་ཀྱིས་བྱེད་ཐུབ་ཀྱི་ཡོད།
ཁྱེད་ཀྱིས་ང་ལ་ཀུ་ཤུ་ཁ་པར་གྱི་ནང་དུ་བཀོལ་ཆོག་པའི་VPN ཞིག་ངོ་སྤྲོད་གནང་རོགས།
ཀུ་ཤུ་ཁ་པར་ནང་དུ་བཀོལ་ཆོག་པའི་ཚད་ལྡན་གྱི་VPN ཞིག་ཕབ་ལེན་བྱེད་རྒྱུ་མེད། གང་ཡིན་ཞེ་ན། སྤྱི་ལོ་༢༠༡༧་ནས་བཟུང་།
ཀུ་ཤུ་བཟོ་ཚོང་ཁང་གིས་སྲིད་གཞུང་གི་རེ་སྐུལ་ལྟར་ཀུ་ཤུ་བིམ་མཛོད་ཀྱི་ནང་ནས་VPN གང་ཡང་ཕབ་ལེན་བྱེད་རྒྱུ་མེད་པ་བཟོས་ཡོད་པ་རེད།
གལ་ཏེ། རྒྱལ་སྤྱིའི་སྟེང་གི་ཚད་ལྡན་གྱི་VPN བཀོལ་དགོས་ན། ཀུ་ཤུ་བིམ་མཛོད་ཕྱི་རྒྱལ་དུ་ཐོ་འགོད་བྱས་ན་མ་གཏོགས་ཐབས་གཞན་མེད།
གསལ་བཤད། ཀུ་ཤུའི་App Store་ནང་ནས་ཁྱེད་ཀྱིས་རྒྱལ་ནང་ནས་བཟོས་པའི་VPN གང་མང་ཞིག་རྙེད་སྲིད་ཀྱང་། དེ་དག་གི་བདེ་འཇགས་ཀྱི་ཚད་གཞི་ག་འདྲ་ཡོད་མེད་བཤད་ཚོད་མི་ཐུབ་པས། ཡིད་གཟབ་བྱེད་དགོས།
རང་ཉིད་ཀྱི་ཁ་པར་VPN དང་སྦྲེལ་ཚར་བའི་རྗེས་སུ། སྐད་འཕྲིན་ནང་ནས་གསང་གཏམ་བཤད་ན་བདེ་འཇགས་ཡིན་ནམ།
ཁྱེད་ཀྱི་ཁ་པར་VPN དང་སྦྲེལ་ཡོད་རུང་། དེས་སྐད་འཕྲིན་ནང་ནས་གསང་གཏམ་བཤད་པ་ལ་ཕན་ནུས་གང་ཡང་ཐོན་མི་ཐུབ་པས། གསང་གཏམ་རིགས། སྐད་འཕྲིན་མ་ཡིན་པའི་འཕྲིན་གཏོང་ཞབས་ཞུའམ་དྲ་ལམ་གྱི་སྡིངས་ཆ་གཞན་པའི་ནང་ནས་བཤད་ན་ལེགས།
ཀུ་ཤུ་ཁ་པར་ནང་དུ། Apple ID བིམ་མཛོད་ཇི་ལྟར་བཟོ་དགོས།
ཀུ་ཤུ་བིམ་མཛོད་Apple ID བཟོ་རྒྱུ་ཧ་ཅང་ལས་སླ་པོ་ཡིན། ཁྱེད་ཀྱིས་དྲ་ངོས་https://lamyiq.com/2020/02/21/apple-id/ འདིའི་སྟེང་གི་གོ་རིམ་ཁག་ཞིབ་ཏུ་ཀློགས། དེ་ནས་ཀུ་ཤུའི་གཞུང་ཕྱོགས་དྲ་ཚིགས་https://account.apple.com/account#་སྟེང་ནས་བཟོ་དགོས།
Apple ID བིམ་མཛོད་ཕྱི་རྒྱལ་དུ་ཇི་ལྟར་ཐོ་འགོད་བྱེད་དགོས།
ཀུ་ཤུའི་གཞུང་ཕྱོགས་དྲ་ཚིགས་https://account.apple.com/account# སྟེང་ནས་Apple ID བིམ་མཛོད་ཐོ་འགོད་བྱེད་སྐབས། རྒྱལ་ཁབ་ཨ་རི་ལྟ་བུ་ཞིག་འདེམས་ཏེ་བཟོ་དགོས། འོན་ཀྱང་། གསལ་བཤད་ཞུ་རྒྱུ་ཞིག་ལ། དེང་སང་། བིམ་མཛོད་བཟོ་སྐབས། རང་ཉིད་ཀྱི་ཁ་པར་ཨང་གྲངས་དང་སྦྲེལ་དགོས་པའི་ཆ་རྐྱེན་གསར་པ་ཞིག་ཁ་སྣོན་བྱས་ཡོད་སྟབས། རང་ཉིད་ཀྱི་རྒྱལ་ནང་གི་ཁ་པར་དང་སྦྲེལ་ན། བདེ་འཇགས་ཀྱི་ཆ་ནས་ཉེན་ཁ་ཡོད་སྲིད།
ཁྱེད་ཀྱིས་ང་ལ་སྤྱོད་སྒོ་ཆེ་བའི་VPN ཁག་ཅིག་ངོ་སྤྲོད་གནང་རོགས།
རྒྱལ་སྤྱིའི་སྟེང་གི་ཚད་ལྡན་གྱི་VPN ནི། psiphon དང་། lantern tunnel bear ་ལྟ་བུ་ཡིན་ལ། དེ་དག་ཁྱེད་ཀྱིས་གློག་ཀླད་དྲ་ཚིགས་ loklad.lamyiq.com སྟེང་ནས་ཕབ་ལེན་བྱེད་ཐུབ།
ཨན་ཌོ་ཁ་པར་ནང་དུ་བདེ་འཇགས་ཀྱི་མཉེན་ཆས་གང་ནས་ཕབ་ལེན་བྱེད་དགོས།
ཁྱེད་ཀྱིས་གློག་ཀླད་དྲ་ཚིགས་( loklad.lamyiq.com )སྟེང་ནས། རྒྱལ་སྤྱིའི་སྟེང་གི་བདེ་འཇགས་ཀྱི་མཉེན་ཆས་དང་ཚད་ལྡན་གྱི་VPN ཁག་ཅིག་རང་ཉིད་ཀྱི་ཨན་ཌོ་ཁ་པར་དང་རྩིས་འཕྲུལ་སོགས་ཀྱི་ནང་དུ་ཕབ་ལེན་བྱེད་ཐུབ། མཉེན་ཆས་གང་ཞིག་རང་ཉིད་ཀྱི་གློག་ཆས་གང་གི་ནང་དུ་ལས་ཀ་བྱེད་ཐུབ་མིན་ལ་ལྟ་དགོས། དཔེར་ན། ཨན་ཌོ་ཁ་པར་གྱི་ནང་དུ་བཟོས་པའི་མཉེན་ཆས་ཤིག་ཀུ་ཤུ་ཁ་པར་གྱི་ནང་དུ་ནང་འཇུག་བྱེད་མི་ཐུབ་པ་ཤེས་དགོས།
རྒྱལ་ནང་གི་མཉེན་ཆས་ཚོང་ཁང་ནས་བདེ་འཇགས་ཀྱི་མཉེན་ཆས་གང་ཡང་མི་རྙེད་དོན་གང་ཡིན་ནམ།
རྒྱལ་ནང་གི་མཉེན་ཆས་ཚོང་ཁང་ནས་བདེ་འཇགས་ཀྱི་མཉེན་ཆས་ཁག་བཀག་འགོག་བྱས་ཡོད་པས་རྙེད་མི་ཐུབ། འོན་ཀྱང་། ཨན་ཌོ་ཁ་པར་ནང་དུ་རང་ལ་གང་དགོས་པའི་མཉེན་ཆས་དེ་ཐད་ཀར་དྲ་ལམ་ནས་བཙལ་ཏེ། ནང་འཇུག་བྱེད་ཆོག་པའི་གདམ་ག་ཡོད། དེ་ལ་བཀོལ་ཆས་ཟུར་འཇུག་ཟེར། ཀུ་ཤུ་ཁ་པར་ལ་གདམ་ག་དེ་མེད། ཨན་ཌོ་ཁ་པར་ནང་དུ་བདེ་འཇགས་ཀྱི་མཉེན་ཆས་རིགས་འདི་ལས་ཕབ་ལེན་བྱེད་རོགས། https://loklad.lamyiq.com/
མིས་བཟོས་རིག་ནུས ChatGPT ཇི་ལྟར་བེད་སྤྱོད་གཏོང་ཐུབ།
ChatGPT ནི་ཨ་རི་ནས་བཟོས་པའི་མིས་བཟོས་རིག་ནུས་ཤིག་ཡིན་ལ། རྒྱལ་ནང་ནས་བཀོལ་སྤྱོད་བྱེད་མི་ནུས། གསལ་བཤད། རྒྱལ་ནང་ནས་བཟོས་པའི་ DeepSeek(深度求索人工智能) ཟེར་བའི་མིས་བཟོས་རིག་ནུས་དེ་ད་ཆ་འཛམ་གླིང་ནང་དུ་བཟང་ངན་གཉིས་ཀྱི་ཐོག་ནས་སྐད་གྲགས་ཆགས་ཀྱི་ཡོད། བཟང་ཕྱོགས་ནས་བརྗོད་ན། འཕྲུལ་མི་འདི་ལ་རྩིས་རིག་དང་དངོས་ཁམས་སོགས་ཀྱི་རྙོག་འཛིང་ཆེ་བའི་དྲི་བ་ཁག་ལ་ལན་འདེབས་བྱེད་པའི་ནུས་པ་ཧ་ཅང་ཆེ། འོན་ཀྱང་། ཕྱོགས་གཞན་ཞིག་ནས། འཕྲུལ་མི་འདིས་གྲངས་རིག་གི་རྩིས་ཚུལ་བེད་སྤྱད་དེ། འཛད་སྤྱོད་པའི་གནས་ཚུལ་གང་མང་ཕྱོགས་བསྡུས་བྱས་ཏེ། གསང་མྱུལ་དང་རྗེས་འདེད་སོགས་བྱེད་ཐུབ་ཀྱི་ཡོད།
སྨོན་ལམ་ཚིག་མཛོད་གང་ནས་ཕབ་ལེན་བྱེད་ཐུབ།
སྨོན་ལམ་རིག་ནུས་གང་ནས་ཕབ་ལེན་བྱེད་ཐུབ།
སྨོན་ལམ་རིག་ནུས་བཀོལ་སྤྱོད་བྱེད་པར་མཉེན་ཆས་སོགས་ཕབ་ལེན་བྱེད་རྒྱུ་མེད། ཐད་ཀར་དྲ་ཚིགས་བརྒྱུད་ནས་བཀོལ་སྤྱོད་བྱེད་དགོས་ཀྱང་། རྒྱལ་ནང་ནས་དྲ་ཚིགས་དེ་ཁ་འབྱེད་མི་ཐུབ་བོ།།
Claude རིག་ནུས་བོད་ཁུལ་དུ་བེད་སྤྱོད་གཏོང་ཐུབ་བམ།
Claude རིག་ནུས་ཀྱི་ནང་དུ་བོད་ཡིག་རྒྱབ་སྐྱོར་བྱེད་པ་མ་ཟད། དེའི་ནང་དུ་བོད་ཡིག་གི་དྲི་བ་ཁག་ལ་ལན་འདེབས་བྱེད་པའི་ནུས་པའང་ཚད་དང་ལྡན་པ་ཞིག་ཡིན། འོན་ཀྱང་རྒྱལ་ནང་ནས་བཀོལ་སྤྱོད་མི་ཐུབ་པ་རེད།
ཁྱེད་ཀྱིས་ང་ལ་ཕྱི་རྒྱལ་གྱི་Apple ID བིམ་མཛོད་ཅིག་བཟོ་ཐུབ་བམ།
དེང་སང་བིམ་མཛོད་ID བཟོ་སྐབས་ངེས་པར་དུ་རང་ཉིད་ཀྱི་ཁ་པར་ཨང་གྲངས་ངོ་མ་ཐོ་འགོད་བྱས་ཏེ། དེའི་སྟེང་དུ་འབྱོར་བའི་གསང་ཨང་བེད་སྤྱད་དེ་བཟོ་དགོས། དེ་བས་ངས་ཁྱེད་ལ་བཟོ་ཐུབ་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད། འོན་ཀྱང་། ID བཟོ་སྟངས་ཀྱི་གོ་རིམ་ཁག་དྲ་ཚིགས་འདི་ནས་ཀློགས། https://lamyiq.com/2020/02/21/apple-id/ ད་དུང་། དྲི་བ་ཡོད་ན། ང་ལ་ཐད་ཀར་སྐད་འཕྲིན་དང་ཞབས་ཞུའི་སྟེགས་བུ་གང་རུང་བརྒྱུད་ནས་འབྲེལ་བ་གནང་རོགས།
རང་ཉིད་ཀྱི་ཁ་པར་VPN་སྦྲེལ་ཡོད་རུང་། ད་དུང་གསང་བ་ཤོར་བའི་ཉེན་ཁ་ཡོད་དམ།
ལོས་ཡོད། གལ་ཏེ། ཁྱེད་ཀྱི་ཁ་པར་དང་ཐོག་ནས་གཞན་གྱི་སྟངས་འཛིན་འོག་ཏུ་ཤོར་ཡོད་པའམ། ཁྱེད་ཀྱི་བཀོལ་སྤྱོད་བྱེད་ཀྱིན་པའི་VPN དེ་ཚད་ལྡན་མིན་ཚེ། གསང་བ་ཤོར་བའི་ཉེན་ཁ་ཡོད། 1) ཁྱེད་ཀྱི་ཁ་པར་ལ་ནད་དུག་ཕོག་ཡོད་མེད་སྐོར་ཤེས་འདོད་ཚེ། https://lamyiq.com/2022/08/24/infection/ དྲ་ངོས་འདི་ནས་ཀློགས། 2) ཁྱེད་ཀྱིས་ཚད་ལྡན་གྱི་VPN ཁག་ཅིག་གློག་ཀླད་དྲ་ཚིགས་སྟེང་ནས་རྙེད་ཐུབ།
ང་རང་མི་གཞན་གྱི་གསང་མྱུལ་འོག་ཏུ་ཚུད་ཡོད་པ་ཇི་ལྟར་ཤེས་ཐུབ།
ད་ལྟའི་གསང་མྱུལ་་གྱི་ཐབས་ལམ་དེ་སྲོལ་རྒྱུན་གྱི་ཐབས་ལམ་ལས་ཡོངས་སུ་བརྒལ་ཡོད། གང་ཡིན་ཞེ་ན། དེང་སྐབས་ཁ་པར་ནང་དུ་མཉེན་ཆས་སྣ་ཚོགས་ནང་འཇུག་བྱེད་རྒྱུ་ཡོད་པ་བཞིན། འབྲེལ་མཐུད་ཀྱི་མཉེན་ཆས་(སྐད་འཕྲིན་དང་། QQ་ལྟ་བུ)་དེ་དག་བརྒྱུད་ནས་ཀྱང་་གསང་མྱུལ་བྱེད་ཐུབ་ཀྱི་ཡོད།
མི་གཞན་ལ་ཁ་པར་གཏོང་སྐབས། ཁྱེད་ཀྱི་ཐོག་ཏུ་གསང་མྱུལ་བྱེད་ཀྱི་ཡོད་ཚེ། ཁ་པར་གཏོང་སྐབས། རྒྱབ་ནས་སྐད་སྒྲ་གཞན་པ་དང་བྲག་ཅ་སོགས་གོ་སྲིད་ལ། ཕྱོགས་གཉིས་ཀས་ཁ་པར་གཏོང་མཚམས་མ་བཞག་རུང་། ཁ་པར་གློ་བུར་དུ་ཆད་འགྲོ་བ་སོགས་ཡོང་སྲིད།
གལ་ཏེ། ཁྱེད་ཀྱི་ཁ་པར་ནང་གི་འཕྲིན་གཏོང་མཉེན་ཆས་གང་རུང་བརྒྱུད་ནས་གསང་མྱུལ་བྱེད་ཀྱི་ཡོད་ཚེ།
- ཁ་པར་གྱི་ཚ་དྲོད་ཤུགས་ཆེར་རྒྱས་པ་དང་གློག་རྫས་མགྱོགས་པོ་རྫོགས་འགྲོ་བ།
- ཁ་པར་ནང་གི་ཡིག་ཆ་ཁག་མེད་པར་ཆགས་འགྲོ་བ།
- ཁ་པར་ནང་དུ་དོན་མེད་ཀྱི་ཁྱབ་བསྒྲགས་མངོན་པ་དང་སྒེའུ་ཁུང་གསར་བ་ཁ་འབྱེད་འགྲོ་བའི་སྣང་ཚུལ་འབྱུང་བ།
- ས་གནས་གཞན་ནས་ཡིག་ཟམ་དང་འཕྲིན་གཏོང་མཉེན་ཆས་སོགས་ཀྱི་ནང་དུ་འཛུལ་ཡོད་པའི་རྟགས་མངོན་པ།
- ཁྱེད་ཀྱིས་ཁ་པར་གྱི་པར་ཆས་དང་སྐད་སྦུག་བཀོལ་སྤྱོད་བྱེད་ཀྱི་མེད་རུང་། དེ་དག་གིས་བྱེད་ལས་རྩོམ་གྱི་ཡོད་པའི་རྟགས་མཚན་སོགས་འབྱུང་གི་ཡོད།
ཁྱེད་རང་གསང་མྱུལ་འོག་ཏུ་མ་ཤོར་བའི་ཆེད་དུ། སྣེ་གཉིས་བར་གྱི་གསང་སྡོམ་གྱི་ཁྱད་ཆོས་མཁོ་སྤྲོད་བྱེད་ཀྱི་ཡོད་པའི་མཉེན་ཆས་རིགས་བཀོལ་སྤྱོད་བྱེད་དགོས་ལ། རྒྱུན་དུ། དྲ་རྒྱའི་བདེ་འཇགས་འགན་སྲུང་གི་བྱེད་ཐབས་ཁག་ལག་བསྟར་བྱེད་དགོས། དེའི་སྐོར་ལ་རྒྱས་པ་འདི་ནས་ཀློགས། https://lamyiq.com/2022/10/14/personal-cyber-security/
ཁ་པར་ནང་གི་བཀོལ་ཆས་ཀྱི་ཆོག་མཆན་ཇི་ལྟར་དོ་དམ་བྱེད་དགོས།
ཨན་ཌོ་དང་ཀུ་ཤུ་ཁ་པར་གཉིས་ཀའི་ནང་ནས་མཉེན་ཆས་ཀྱི་ཆོག་མཆན་ཚོད་འཛིན་བྱེད་སྟངས་སྐོར་ལ་འདི་ནས་ཀློགས། ཀུ་ཤུ་ཁ་པར་ནང་དུ་བཀོལ་ཆས་ཀྱི་ཆོག་མཆན་ལ་དོ་དམ་བྱེད་སྟངས། https://lamyiq.com/2023/05/24/how-to-check-app-per-ios/ ཨན་ཌོ་ཁ་པར་ནང་དུ་བཀོལ་ཆས་ཀྱི་ཆོག་མཆན་ལ་དོ་དམ་བྱེད་སྟངས། https://lamyiq.com/2023/05/24/how-to-check-app-perm-in-and-dev/ (MAKE་THESE་LINKS་PUBLIC)
ཀུ་ཤུ་ཁ་པར་ནང་དུ་ཕབ་ལེན་བྱས་ཡོད་པའི་ཡིག་ཆ་ཁག་ཇི་ལྟར་གཙང་གསུབ་བྱེད་དགོས།
ཀུ་ཤུ་ཁ་པར་ནང་ནས་ཟླ་རེར་སྒོར་མོ་འཐེན་འགྲོ་བ་དེ་ཇི་ལྟར་བཀག་དགོས།
སྒེའུ་ཁུང་རྩིས་འཕྲུལ་ནང་བཀོལ་ཆོག་པའི་VPN ཡག་ཤོས་དེ་གང་ཡིན།
དེང་སང་TOR དང་ Psiphon་སོགས་བཀོལ་སྤྱོད་བྱེད་མི་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ།
VPN ཇི་ལྟར་བཀོལ་སྤྱོད་བྱེད་དགོས་མིན་ལམ་སྟོན་ཞིག་གནང་རོགས།
དྲ་ཚིགས་ངོ་མ་དང་རྫུན་མ་གང་ཡིན་ཇི་ལྟར་དབྱེ་བ་འབྱེད་དགོས།
གསང་གྲངས་བརྟན་པོ་ཞིག་ཇི་ལྟར་བཟོ་དགོས།
དྲ་སྟེང་གི་ཐོ་ཁོངས་གང་རུང་དུ་གསང་གྲངས་བཟོ་སྐབས། དེའི་ནང་དུ་རང་ཉིད་ཀྱི་མིང་དང་། སྐྱེས་ཚེས། ཐོབ་ཐང་ལག་འཁྱེར་ཨང་གྲངས། ཁ་པར་ཨང་གྲངས་སོགས་གཏན་ནས་འཇུག་མི་རུང་། གསང་གྲངས་བཟོ་སྐབས། དེ་རང་ཉིད་ཀྱིས་དྲན་སླ་བ་གང་ཞིག་ལ། མི་གཞན་གྱིས་ཚོད་དཔག་བྱེད་མི་ཐུབ་པ་ཞིག་ཡིན་དགོས། དཔེར་ན། ཁྱེད་ཀྱི་གསང་གྲངས zhaxi888 ཡིན་པའི་དབང་དུ་བཏང་ན། ལས་སླ་བའི་གསང་ཚིག་དེ་ མགོ་ཉོག་དུ་བསྒྱུར་སྟངས་ནི། འདི་Zh@xi* ཡིན། མགོ་ཉོག་ལྟ་བུར་སྣང་བའི་གསང་གྲངས་དེའི་ནང་དུ། zhaxi888་འདིའི་ནང་གི་ a ཚབ་ཏུ @ དང་། 888ཚབ་ཏུ་་མཐེབ་གཞོང་སྟེང་གི་*བརྗེས་ཡོད་པ་ཙམ་ཡིན། གསང་གྲངས་འདི་ལྟ་བུ་རང་ཉིད་ཀྱིས་དྲན་པར་དཀའ་ངལ་མེད་རུང་། གཞན་གྱིས་ཚོད་དཔག་བྱེད་པར་དཀའ་ངལ་ཆེའོ།། ད་དུང་དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། གསང་གྲངས་བརྟན་པོ་བཟོས་རྗེས། དེ་དྲ་ལམ་ནས་མི་གཞན་ལ་མཉམ་སྤྱོད་བྱེད་མི་རུང་ངོ་།། https://lamyiq.com/2022/05/03/password/
རང་ཉིད་ཀྱི་ཁ་པར་དང་རྩིས་འཕྲུལ་སོགས་གཞན་གྱི་སྟངས་འཛིན་འོག་ཤོར་ཡོད་མེད་ཇི་ལྟར་ངོས་འཛིན་བྱེད་དགོས།
རང་ཉིད་ཀྱི་ཁ་པར་དང་རྩིས་འཕྲུལ་སོགས་ལ་ནད་དུག་ཕོག་ཡོད་ཚེ། ནད་དུག་བརྒྱུད་ནས་མི་གཞན་གྱིས་ཁྱེད་ཀྱི་གློག་ཆས་ལ་སྟངས་འཛིན་བྱེད་ཐུབ་ཀྱི་ཡོད། རང་ཉིད་ཀྱི་རྩིས་འཕྲུལ་དང་ཁ་པར་སོགས་ལ་ནད་དུག་ཕོག་ཡོད་པའི་རྟགས་མཚན་མང་པོ་ཡོད། དེའི་སྐོར་ལ་ཤེས་འདོད་ན། ལམ་ཡིག་དྲ་ཚིགས་སྟེང་གི་རྩོམ་ཡིག་འདི་ལ་གཟིགས་རོགས། ཁ་པར་ལ་ནད་དུག་ཕོག་ཡོད་མེད་བརྟག་ཐབས https://lamyiq.com/2022/08/24/infection/་ ཀུ་ཤུ་རྩིས་འཕྲུལ་ལ་ནད་དུག་ཕོག་ཡོད་མེད་བརྟག་ཐབས། https://lamyiq.com/2023/11/28/mac-virus/
གསང་གྲངས་བརྟན་པོ་ཞིག་ཇི་ལྟར་བཟོ་དགོས།
འཁྱུག་དབྱངས་དང་མགྱོགས་འཕྲིན་སོགས་ཀྱི་སྟེང་དུ་བོད་ཡིག་འགོག་པ་དེ་ཁྲིམས་མཐུན་ཡིན་ནམ།
མཚན་གུང་ལ་དྲ་མྱུལ་བྱས་ན། རང་ཉིད་ཀྱི་བདེ་འཇགས་ལ་ཕན་ཟེར་བ་དེ་བདེན་ནམ།
སྣེ་གཉིས་བར་གྱི་གསང་སྡོམ་ཟེར་བ་དེའི་དོན་གང་ཡིན་པ་དང་། དེའི་ཁེ་ཕན་གང་ཡིན་ནམ།
སྣེ་གཉིས་བར་གྱི་གསང་སྡོམ་ཟེར་དུས། འཕྲིན་ཐུང་ཞབས་ཞུའི་མཉེན་ཆས་ཞིག་གི་ནང་དུ་མི་གཉིས་ཀྱིས་ཁ་བརྡ་བྱེད་སྐབས། ཁ་བརྡའི་ནང་དོན་ལ་མི་སུ་ཞིག་གིས་ཀྱང་ལྐོག་ལྟ་ཀློག་ཉན་བྱེད་མི་ཐུབ་པའི་ཁྱད་ཆོས་ཤིག་ཟེར་ཞིང་། དེའི་ཁེ་ཕན་ནི་རང་ཉིད་ཀྱི་གསང་བ་གཞན་ལ་མི་ཤོར་བས་བདེ་འཇགས་ལ་ཕན་ཐོགས་ཧ་ཅང་ཆེ། ལམ་ཡིག་དྲ་ཚིགས་སྟེང་ནས་དེའི་སྐོར་ལ་མང་བ་ཀློག་རོགས། https://lamyiq.com/2019/10/29/end-to-end-encryption/
ཁ་པར་ནང་གི་ནད་དུག་འགོག་བྱེད་ཀྱི་མཉེན་ཆས་ཡག་ཤོས་དེ་གང་ཡིན།
ནད་དུག་འགོག་བྱེད་ཀྱི་མཉེན་ཆས་མང་ཆེ་བ་རིན་མེད་མིན། འོན་ཀྱང་། ལྟ་ཞིབ(LookOut) ཟེར་བའི་མཉེན་ཆས་དེ་ཡག་པོ་མ་ཟད། རིན་མེད་ཡིན་པས། ཁྱེད་ཀྱིས་གློག་ཀླད་དྲ་ཚིགས་བརྒྱུད་ནས་ཕབ་ལེན་བྱེད་ཆོག https://loklad.lamyiq.com/apps/lookout/
ཀུ་ཤུ་ཁ་པར་གྱི་ཉེར་སྤྱོད་མ་ལག་ཇི་ལྟར་གསར་སྣོན་བྱེད་དགོས།
ཀུ་ཤུ་ཁ་པར་གྱི་ཉེར་སྤྱོད་མ་ལག་གསར་སྣོན་བྱེད་པར། 1. སྒྲིག་འགོད(设置) > 2. རྒྱུན་སྤྱོད(通用)> 3. མཉེན་ཆས་གསར་སྣོན(软件更新) རིམ་པ་ལྟར་ཕེབས་ཏེ། གསར་སྣོན་བྱེད་དགོས། ད་དུང་། རང་འགུལ་གསར་སྣོན་(自动更新)ཁ་ཕྱེ་བཞག་ན་ཡག
VPN བཀོལ་སྤྱོད་བྱས་ན་ཁྲིམས་འགལ་ཡིན་ནམ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་ཀྱི་ནང་དུ། གཞུང་གི་ཆོག་མཆན་མེད་པར། VPN་བཀོལ་མི་ཆོག་ཅེས་གསལ་ཡོད། འོན་ཀྱང་། རྒྱལ་ནང་དུ་VPN་བཀོལ་སྤྱོད་བྱེད་མཁན་ས་ཡ་མང་པོ་ཡོད་པ་ཡོངས་གྲགས་ཡིན་ལ། ཚོང་ལས་སྡེ་ཁག་མང་པོ་ཞིག་གིས་ཚོང་གི་ཆེད་དུ་བཀོལ་གྱི་ཡོད། དེ་མ་ཟད། རྒྱལ་ནང་ནས་བཟོས་པའི་VPN་མང་པོ་ཁ་པར་ནང་གི་མཉེན་ཆས་ཀྱི་མཛོད་ནང་ནས་རྙེད་ཐུབ་པ་དེས་རྒྱལ་ནང་དུ་VPN གཏན་འགོག་བྱས་མེད་པ་མཚོན། གལ་ཏེ། ཁྱེད་ཀྱིས་«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་བའི་བདེ་འཇགས་བཅའ་ཁྲིམས»སྐོར་ལ་ཤེས་འདོད་ཚེ། འདི་ནས་ཀློག་རོགས། https://lamyiq.com/2019/01/29/cyber-security-law/
VPN གང་རུང་ཞིག་ལ་ཡིད་ཆེས་བྱེད་ཆོག་མིན་ཇི་ལྟར་ར་སྤྲོད་བྱེད་དགོས།
དྲ་རྒྱ་བཤེར་ཆས་ཡག་ཤོས་དེ་གང་ཡིན་ནམ། དེ་གང་ནས་ཕབ་ལེན་བྱེད་ཐུབ།
དྲ་རྒྱ་བཤེར་ཆས་ཡག་ཤོས་ཟེར་དུས། མི་སྒེར་གྱི་ཆ་འཕྲིན་ལྐོག་ནས་བསྡུ་རུབ་མི་བྱེད་པར་མ་ཟད། མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་བྱེད་མཁན་བཀག་འགོག་བྱེད་མཁན་གྱི་བཤེར་ཆས་ཤིག་ཡིན་དགོས། ཁྱེད་ཀྱིས་གློག་ཀླད་དྲ་ཚིགས་སྟེང་ནས། བདེ་འཇགས་ཀྱི་བཤེར་ཆས་ཁག་ཅིག་ཕབ་ལེན་བྱེད་ཐུབ། https://loklad.lamyiq.com/
སྤྲིན་མཛོད་ཀྱི་སྟེང་དུ་གསང་བའི་ཡིག་ཆ་ཉར་ཚགས་བྱས་ན་བདེ་འཇགས་ཡིན་ནམ།
ཁྱེད་ཀྱིས་རང་ཉིད་ཀྱི་ཡིག་ཆ་གལ་ཆེན་དག་དྲ་ལམ་གྱི་སྤྲིན་མཛོད་ཀྱི་ནང་དུ་ཉར་ཚགས་བྱས་ཚེ། ཡིག་ཆ་དེའི་བདག་དབང་མི་གཞན་ལ་སྤྲད་པ་དང་གཅིག་མཚུངས་ཡིན། སྤྲིན་མཛོད་ཀྱི་ཞབས་ཞུ་མཁོ་སྤྲོད་བྱེད་མཁན་གྱི་ཚོང་ལས་སྡེ་ཁག་གིས་ཁྱེད་ཀྱི་ཡིག་ཆ་བཀོལ་སྤྱོད་ལོག་པ་བྱེད་སྲིད་ལ། མི་གཞན་ལ་རྩིས་སྤྲོད་དང་བཙོང་ཡང་སྲིད་པས། རང་ཉིད་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེ། ཁྱེད་ཀྱིས་སྤྲིན་མཛོད་སྐོར་ལ་རྒྱས་པ་མཁྱེན་འདོད་ཚེ། འདི་ནས་ཀློགས། https://lamyiq.com/2021/07/20/icloud/
སོ་སོའི་རྩིས་འཕྲུལ་ཇི་ལྟར་སྲུང་སྐྱོབ་བྱེད་དགོས།
རང་ཉིད་ཀྱི་རྩིས་འཕྲུལ་སྲུང་སྐྱོབ་བྱེད་པར་བསྒྲུབ་དགོས་པའི་ལས་དོན་ཁག་ཅིག་ཡོད་དེ།
- གསང་ཚིག་བརྟན་པོ་བཟོས་ཏེ། རྩིས་འཕྲུལ་ལ་ཟྭ་རྒྱག་དགོས། ངོ་གདོང་ངོས་འཛིན་དང་། དཔེ་རིས་སྟབས་བདེ། དེ་བཞིན་ཨང་གྲངས་4 ཅན་གྱི་གསང་གྲངས་སོགས་སྟབས་བདེ་པོ་ཡོད་ཀྱང་། དེ་དག་བདེ་འཇགས་ཆེ་ཤོས་ཀྱི་གདམ་ག་མིན། གསང་གྲངས་འདི་དག་གཞན་གྱིས་ལས་སླ་པོའི་ཐོག་ནས་གཏོར་ཐུབ་ལ། ངོ་གདོང་དང་མཛུབ་རིས་སོགས་ཀྱི་གདམ་ག་བསྒྲིགས་ཡོད་ཚེ། ཁྱེད་ལ་བཙན་ཤེད་ཀྱིས་ཐོག་ནས་ཁ་པར་ཁ་འབྱེད་དུ་འཇུག་སྲིད་ཀྱི་ཡོད།
- རྩིས་འཕྲུལ་གྱི་མཁྲེགས་ཆས་གསང་྄སྡོམ་བྱེད་དགོས། ཀུ་ཤུ་རྩིས་འཕྲུལ་ཡིན་ན། FileVault སྤྱོད་ཆོག་ལ། སྒེའུ་ཁུང་རྩིས་འཕྲུལ་ཡིན་ན། BitLocker སྤྱོད་ཆོག འདི་གཉིས་ཀས་རྩིས་འཕྲུལ་ནང་གི་གཞི་གྲངས་སྲུང་སྐྱོབ་བྱེད་ཐུབ།
- སྤྱི་སྤྱོད་སྐུད་མེད་དྲ་བ་བཀོལ་སྤྱོད་མ་བྱེད། གནམ་ཐང་དང་། དཔེ་མཛོད་ཁང་། ཟ་ཁང་སོགས་སུ་རིན་མེད་ཀྱི་ཐོག་ནས་བཀོལ་སྤྱོད་བྱེད་ཆོག་པའི་སྤྱི་སྤྱོད་སྐུད་མེད་དྲ་བ་བེད་སྤྱོད་མ་གཏོང་རོགས། གལ་ཏེ་ངེས་པར་དུ་བེད་སྤྱོད་གཏོང་དགོས་བྱུང་ཚེ། Tor་དང་། ཡང་ན་VPN་བརྒྱུད་ནས་དྲ་སྦྲེལ་བྱེད་དགོས། སྤྱི་སྤྱོད་སྐུད་མེད་དྲ་བའི་སྐོར་https://lamyiq.com/2022/04/05/public-wifi/ འདི་ནས་ཀློགས།
- ཉེར་སྤྱོད་མ་ལག་(OS)དང་མཉེན་ཆས་དུས་རྒྱུན་དུ་གསར་སྣོན་བྱེད་དགོས། གསར་སྣོན་བྱེད་རྒྱུ་ནམ་ཡང་་ཕྱིར་འགྱངས་མ་བྱེད། གསར་སྣོན་བྱས་ན་རང་ཉིད་ཀྱི་བདེ་འཇགས་ལ་ཕན།
- དྲ་ཐོག་གི་འཇབ་རྒོལ་པར་གཡོལ་བར། ཡིག་ཟམ་དང་དྲ་སྟེང་གི་བརྒྱུད་ལམ་གང་རུང་ནས་འབྱོར་བའི་འབྲེལ་ཐག་གི་སྟེང་གི་གང་བྱུང་ནོན་མི་རུང་། འབྲེལ་ཐག་དེའི་རིགས་གཞུང་འབྲེལ་ཡིན་པ་ལྟར་སྣང་ངེས་ཀྱང་། ངེས་པར་དུ་གཏོང་མཁན་དེ་ཁུངས་ལྡན་ཡིན་མིན་རྩད་གཅོད་ཞིབ་མོ་བྱེད་དགོས། དེ་མ་གཏོགས། མཛུབ་གནོན་ཐེངས་གཅིག་གིས་ཁྱེད་ལ་གནོད་འཚེ་ཆེན་པོ་ཕོག་སྲིད། དེའི་སྐོར་རྒྱས་པ་འདི་ནས་ཀློགས། https://lamyiq.com/2019/06/04/dont-click-on-link/
- རང་ཉིད་ཀྱི་རྩིས་འཕྲུལ་ས་ཆ་གང་རུང་ནས་སྣང་མེད་དུ་བསྐྱུར་མི་རུང་།
- དྲ་རྒྱའི་བདེ་འཇགས་ཀྱི་གཞི་རྩའི་ལག་ལེན་གལ་ཆེན་ཁག་ལག་བསྟར་བྱེད་དགོས། ནད་དུག་འགོག་ཐུབ་མིན་གང་ཟག་རང་ཉིད་ལ་རག་ལས་ཡོད་པས། རང་ཉིད་ཀྱི་དྲ་ཐོག་གི་ཀུན་སྤྱོད་ལ་དོ་སྣང་བྱེད་དགོས། དེའི་སྐོར་རྒྱས་པ་ https://lamyiq.com/2022/11/16/self-awareness/ འདི་ནས་ཀློགས།
སོ་སོའི་ཁ་པར་གྱི་བདེ་འཇགས་ཇི་ལྟར་སྲུང་སྐྱོབ་བྱེད་དགོས།
རང་ཉིད་ཀྱི་ཁ་པར་བདེ་འཇགས་ཡོང་བའི་བྱེད་ཐབས་གང་དག་ཡོད་ཅེ་ན།
- ཁྱེད་རང་གི་ཁ་པར་གྱི་ནང་དུ་མི་སུ་ཡང་འཇུག་ཏུ་མ་འཇུག ཁ་པར་གྱི་སྒོ་འབྱེད་སྐབས། གསང་ཚིག་བརྟན་པོ་བེད་སྤྱོད་བྱེད་དགོས། ངོ་གདོང་ངོས་འཛིན་དང་། དཔེ་རིས་སྟབས་བདེ། དེ་བཞིན་ཨང་གྲངས་4 ཅན་གྱི་གསང་གྲངས་སོགས་སྟབས་བདེ་པོ་ཡོད་ཀྱང་། དེ་དག་བདེ་འཇགས་ཆེ་ཤོས་ཀྱི་གདམ་ག་མིན། གསང་གྲངས་འདི་དག་གཞན་གྱིས་ལས་སླ་པོའི་ཐོག་ནས་གཏོར་ཐུབ་ལ། ངོ་གདོང་དང་མཛུབ་རིས་སོགས་ཀྱི་གདམ་ག་བསྒྲིགས་ཡོད་ཚེ། ཁྱེད་ལ་བཙན་ཤེད་ཀྱིས་ཐོག་ནས་ཁ་པར་ཁ་འབྱེད་དུ་འཇུག་སྲིད་ཀྱི་ཡོད།
- ཁྱེད་རང་གི་ཁ་པར་གསང་྄སྡོམ་བྱེད་དགོས། ཀུ་ཤུ་ཁ་པར་གྱི་ནང་དུ་ཁ་པར་གསང་སྡོམ་གྱི་ཁྱད་ཆོས་རང་འགུལ་གྱི་ཐོག་ནས་ནུས་ཡོད་བཟོས་ཡོད་པས། ཁྱེད་ཀྱིས་དམིགས་བསལ་གང་ཡང་བྱེད་མི་དགོས། ཨན་ཌོ་ཁ་པར་བཀོལ་གྱི་ཡོད་ཚེ། ཁ་པར་གསང་སྡོམ་གྱི་ཁྱད་ཆོས་ནུས་ཡོད་བཟོས་ཡོད་པའི་ཁག་ཐེག་བྱེད་དགོས། འདིས་ཁྱེད་ཀྱི་ཁ་པར་ནང་གི་གཞི་གྲངས་སྲུང་སྐྱོབ་བྱེད་པར་ཕན་ཐོགས།
- མཉེན་ཆས་ངན་པ་དང་རྒྱང་བཀྱེད། ཁྱེད་ལ་དགོས་པའི་མཉེན་ཆས་ཁོ་ན་ནང་འཇུག་བྱེད་དགོས། མཉེན་ཆས་ཅི་ཙམ་གྱིས་མང་ན། ཁྱེད་ཀྱི་སྟེང་དུ་གསང་མྱུལ་བྱེད་སྲིད་པའི་ཉེན་ཆ་དེ་ཙམ་གྱི་ཆེ་བ་ཡོད། ཁྱེད་ཀྱིས་བེད་སྤྱོད་བྱེད་བཞིན་པའི་མཉེན་ཆས་དེ་ཚོས་ཀྱང་དགོས་ངེས་ཀྱི་ཆོག་མཆན་ཁོ་ན་མ་གཏོགས་ལེན་གྱི་མེད་པའི་ཁག་ཐེག་བྱེད་དགོས།
- སྤྱི་སྤྱོད་སྐུད་མེད་དྲ་བ་བཀོལ་སྤྱོད་མ་བྱེད། གནམ་ཐང་དང་། དཔེ་མཛོད་ཁང་། ཟ་ཁང་སོགས་སུ་རིན་མེད་ཀྱི་ཐོག་ནས་བཀོལ་སྤྱོད་བྱེད་ཆོག་པའི་སྤྱི་སྤྱོད་སྐུད་མེད་དྲ་བ་བེད་སྤྱོད་མ་གཏོང་རོགས། གལ་ཏེ་ངེས་པར་དུ་བེད་སྤྱོད་གཏོང་དགོས་བྱུང་ཚེ། Tor་དང་། ཡང་ན་VPN་བརྒྱུད་ནས་དྲ་སྦྲེལ་བྱེད་དགོས། སྤྱི་སྤྱོད་སྐུད་མེད་དྲ་བའི་སྐོར་https://lamyiq.com/2022/04/05/public-wifi/ འདི་ནས་ཀློགས།
- ཉེར་སྤྱོད་མ་ལག་(OS)དང་མཉེན་ཆས་དུས་རྒྱུན་དུ་གསར་སྣོན་བྱེད་དགོས། གསར་སྣོན་བྱེད་རྒྱུ་ནམ་ཡང་་ཕྱིར་འགྱངས་མ་བྱེད། གསར་སྣོན་བྱས་ན་རང་ཉིད་ཀྱི་བདེ་འཇགས་ལ་ཕན།
- དྲ་ཐོག་གི་འཇབ་རྒོལ་པར་གཡོལ་དགོས། ཡིག་ཟམ་དང་དྲ་སྟེང་གི་བརྒྱུད་ལམ་གང་རུང་ནས་འབྱོར་བའི་འབྲེལ་ཐག་གི་སྟེང་གི་གང་བྱུང་ནོན་མི་རུང་། འབྲེལ་ཐག་དེའི་རིགས་གཞུང་འབྲེལ་ཡིན་པ་ལྟར་སྣང་ངེས་ཀྱང་། ངེས་པར་དུ་གཏོང་མཁན་དེ་ཁུངས་ལྡན་ཡིན་མིན་རྩད་གཅོད་ཞིབ་མོ་བྱེད་དགོས། དེ་མ་གཏོགས། མཛུབ་གནོན་ཐེངས་གཅིག་གིས་ཁྱེད་ལ་གནོད་འཚེ་ཆེན་པོ་ཕོག་སྲིད། དེའི་སྐོར་རྒྱས་པ་འདི་ནས་ཀློགས། https://lamyiq.com/2019/06/04/dont-click-on-link/
- ངའི་ཁ་པར་འཚོལ་བའི་ཁྱད་ཆོས་ནུས་ཡོད་བཟོས། ཁ་པར་བོར་བརླག་བྱུང་བའམ། གཞན་གྱིས་བརྐུས་ཚེ། ཁ་པར་གང་དུ་ཡོད་མེད་འཚོལ་ཐུབ། ཁ་པར་མི་ངན་པའི་ལག་ཏུ་ཤོར་ཡོད་པ་ཤེས་རྟོགས་བྱུང་བའམ། ཁ་པར་གཞུང་བཞེས་བཏང་ཚེ། ཁ་པར་ནང་གི་གཞི་གྲངས་ཡོད་དོ་ཅོག་རྒྱང་རིང་ནས་གཙང་གསུབ་བྱེད་ཐུབ།
- དྲ་རྒྱའི་བདེ་འཇགས་ཀྱི་གཞི་རྩའི་ལག་ལེན་གལ་ཆེན་ཁག་ལག་བསྟར་བྱེད་དགོས། ནད་དུག་འགོག་ཐུབ་མིན་གང་ཟག་རང་ཉིད་ལ་རག་ལས་ཡོད་པས། རང་ཉིད་ཀྱི་དྲ་ཐོག་གི་ཀུན་སྤྱོད་ལ་དོ་སྣང་བྱེད་དགོས། དེའི་སྐོར་རྒྱས་པ་ https://lamyiq.com/2022/11/16/self-awareness/ འདི་ནས་ཀློགས།
ཁ་པར་གྱི་ཞབས་ཞུ་སྤྲོད་མཁན་(དཔེར་ན། ཀྲུང་གོ་འབྲེལ་འཕྲིན་ལྟ་བུ)གྱིས་ང་ཚོའི་སྡོད་གནས་རྗེས་འདེད་གཏོང་མི་ཐུབ་པའི་ཆེད་དུ་ག་རེ་བྱེད་དགོས་སམ།
ཁ་པར་གྱི་ཞབས་ཞུ་སྤྲོད་མཁན་(དཔེར་ན། ཀྲུང་གོ་འབྲེལ་འཕྲིན་ལྟ་བུ)གྱིས་ང་ཚོའི་སྡོད་གནས་རྗེས་འདེད་གཏོང་མི་ཐུབ་པའི་ཆེད་དུ་ག་རེ་བྱེད་དགོས་སམ།
གལ་ཏེ་ཁྱེད་ཀྱི་་ཁ་པར་དྲ་བར་མཐུད་ཡོད་ན། བརྡ་རྟགས་ཀྱི་ལྕགས་སྡོང་གི་ཟུར་གསུམ་མའི་བཀོད་པ་བརྒྱུད་ནས་ཁྱེད་ཀྱི་སྡོད་གནས་ངོས་འཛིན་བྱེད་ཐུབ། དེའི་སྐོར་ལ་མང་བ་ཤེས་འདོད་ཚེ། https://lamyiq.com/2019/10/07/trangulation/ འདི་ཀློག་རོགས། གལ་ཏེ། ཁྱེད་ཀྱིས་རང་ཉིད་མི་གཞན་པའི་གསང་མྱུལ་འོག་ཏུ་ཤོར་ཚར་ཡོད་པའི་དོགས་པ་བྱུང་ཚེ། ཁ་པར་གྱི་བྱང་བུ་བརྗེས་པ་ཙམ་གྱིས་མི་འགྲིག་པར། ཁ་པར་ཡང་བརྗེ་དགོས།
བྱ་འགུལ་གལ་ཆེན་གྱི་ནང་དུ་མཉམ་ཞུགས་བྱེད་སྐབས་ཁ་པར་རང་ཉིད་དང་ལྷན་་དུ་མ་འཁྱེར་ན་བཟང་། ཁྱེད་ཀྱིས་གང་བྱེད་ཐུབ་པ་ནི།
གལ་ཏེ་བྱ་འགུལ་དང་ཚོགས་འདུ་གལ་ཆེན་གྱི་སྐབས་སུ་ངེས་པར་དུ་དྲ་རྒྱ་དགོས་ན་ཁ་པར་གསར་པ་བེད་སྤྱོད་གཏོང་དགོས། སྐུད་མེད་དྲ་བ་ཁ་ཤས་ལ་རེས་མོས་ཀྱི་ཐོག་ནས་སྦྲེལ་དགོས། བྱང་བུ་གསར་པ་ཞིག་བཏང་རུང་། ཁ་པར་མ་བརྗེ་ན་ཕན་ཐོགས་གང་ཡང་མེད། གང་ཡིན་ཞེ་ན། ཁྱེད་ཀྱི་ཁ་པར་གྱི་རྒྱལ་སྤྱིའི་ཁ་པར་ཡོ་ཆས་ཀྱི་ངོ་རྟགས་་(IMEI)་བརྒྱུད་ནས་ཁྱེད་རང་སུ་ཡིན་མིན་དེ་མ་ཐག་རྩད་གཅོད་བྱེད་ཐུབ།
གལ་ཏེ། བྱ་འགུལ་སྐབས་སུ། དྲ་རྒྱ་དགོས་ཀྱི་མེད་ཚེ། པར་ཆས་ཆུང་ཆུང་ཞིག་གམ། ཡང་ན་བྱང་བུ་མེད་པའི་ཁ་པར་གསར་པ་ཞིག་སྤྱོད་དགོས། ཁྱེད་ཀྱི་དུས་རྒྱུན་གྱི་ཁ་པར་འཁྱེར་ཚེ། དེའི་ནང་དུ་བྱང་བུ་མ་བཅུག་རུང་། ཁྱེད་རང་ངོས་འཛིན་དང་རྗེས་འདེད་གཏོང་ཐུབ་ཀྱི་ཡོད་པ་ཤེས་དགོས།
ཁ་པར་ནང་གི་མཉེན་ཆས་བརྒྱུད་ནས་རྗེས་འདེད་གཏོང་བའི་བྱེད་ལས་ཇི་ལྟར་འགོག་དགོས།
ཁ་པར་ནང་གི་མཉེན་ཆས་བརྒྱུད་ནས་རྗེས་འདེད་གཏོང་བའི་ལས་བཀག་འགོག་བྱེད་དགོས་ཚེ།
- ཁ་པར་ནང་གི་ས་གནས་ཀྱི་ཞབས་ཞུ་(定位服务)དུས་རྟག་ཏུ་ཁ་བརྒྱབ་དགོས། ས་ཁྲ་བཀོལ་སྤྱོད་བྱེད་དགོས་པའི་གནས་སྐབས་དང་འགྲུལ་བསྐྱོད་ཀྱི་སྐབས་སུ་ས་གནས་གང་རུང་ཞིག་འཚོལ་དགོས་བའི་སྐབས་སུ་ད་གཟོད་ཞབས་ཞུ་དེ་ཁ་ཕྱེ་དགོས།
- ཁ་པར་ནང་གི་མཉེན་ཆས་ཁག་ལ་རང་ཉིད་ཀྱི་སྡོད་གནས་ཤེས་སུ་མ་འཇུག མཉེན་ཆས་གང་རུང་ཞིག་གིས་བྱེད་ལས་རྩོམ་པར་སྡོད་གནས་ཀྱི་ཆོག་མཆན་ངེས་པར་དུ་སྤྲོད་དགོས་བྱུང་ན་མ་གཏོགས། ཁ་པར་ནང་དུ་ཕབ་ལེན་བྱས་ཡོད་པའི་མཉེན་ཆས་ཡོད་དོ་ཅོག་ལ་རང་ཉིད་ཀྱི་སྡོད་གནས་ཤེས་ཆོག་པའི་ཆོག་མཆན་མ་སྤྲོད།
- ཨན་ཌོ་དང་ཀུ་ཤུ་ཁ་པར་གཉིས་ཀའི་ནང་ནས་མཉེན་ཆས་ཀྱི་ཆོག་མཆན་ཚོད་འཛིན་བྱེད་དགོས། དེའི་སྐོར་ལ་འདི་ནས་ཀློགས། ཀུ་ཤུ་ཁ་པར་ནང་དུ་བཀོལ་ཆས་ཀྱི་ཆོག་མཆན་ལ་དོ་དམ་བྱེད་སྟངས། https://lamyiq.com/2023/05/24/how-to-check-app-per-ios/ ཨན་ཌོ་ཁ་པར་ནང་དུ་བཀོལ་ཆས་ཀྱི་ཆོག་མཆན་ལ་དོ་དམ་བྱེད་སྟངས། https://lamyiq.com/2023/05/24/how-to-check-app-perm-in-and-dev/
- ཁྱེད་རང་གི་ཁ་པར་གྱི་གསང་རྒྱའི་སྒྲིག་འགོད་(隐私设置)བརྒྱུད་ནས་སྒེར་ལ་དམིགས་པའི་ཁྱབ་བསྒྲགས་ཀྱི་རིགས་ཚོད་འཛིན་བྱེད་དགོས།
- ཁྱེད་རང་གི་གནས་ཡུལ་ངོ་མ་སྦས་ཆེད་དུ་་TOR དང་ VPN་སོགས་བཀོལ་སྤྱོད་བྱེད་དགོས།
བདེ་འཇགས་ཀྱི་ཐོག་ནས་ཡིག་ཆ་བརྒྱུད་གཏོང་བྱེད་ཐབས་ཀྱི་ལམ་ཁ་གང་ཡོད།
ཚོར་བ་རྣོན་པོ་ཡོད་པའི་པར་རིས་དང་ཡིག་ཆ་སོགས་དྲ་ལམ་ནས་བརྒྱུད་གཏོང་བྱེད་དགོས་ཚེ། བརྡ་རྟགས་དང་འཛོམས་ལྟ་བུའི་སྣེ་གཉིས་བར་གྱི་གསང་སྡོམ་མཁོ་སྤྲོད་བྱེད་མཁན་གྱི་བདེ་འཇགས་ཀྱི་མ་ལག་བེད་སྤྱོད་བྱེད་དགོས། https://lamyiq.com/2019/10/29/end-to-end-encryption/
དྲ་མྱུལ་བྱེད་དུས་རང་ཉིད་ཀྱི་ངོ་བོ་ཇི་ལྟར་སྦ་གསང་བྱེད་དགོས།
ཁྱེད་ཀྱིས་Tor་བཤེར་ཆས་བེད་སྤྱད་དེ་དྲ་རྒྱར་མཐུད་སྐབས་རང་ཉིད་ཀྱི་ངོ་བོ་སྦ་གསང་བྱེད་ཐུབ་པ་མ་ཟད། མ་ལག་འདིས་ཁྱེད་རང་གི་ས་ཁུལ་དུ་བཀག་སྡོམ་བྱས་པའི་དྲ་ཚིགས་ལ་ཡང་ལྟ་ཀློག་བྱེད་དུ་འཇུག་ཐུབ།Tor དང་སྦྲེལ་ཚར་བའི་རྗེས་སུ་ཁྱེད་རང་དྲ་ལམ་ནས་སྐོར་བ་ལན་མང་བརྒྱབ་སྟེ་འགྲོ་གི་ཡོད་པས། གཞན་གྱིས་ཁྱེད་རང་རྗེས་འདེད་གཏོང་རྒྱུ་ཧ་ལམ་མི་སྲིད་པ་ཡིན། Tor སྐོར་ལ་མང་ཙམ་ཤེས་འདོད་ཡོད་ན། https://www.torproject.org/
VPN རྟོག་བཟོས་མི་སྒེར་དྲ་བས་ཁྱེད་ཀྱི་IPཁ་བྱང་སྦ་གསང་བྱེད་ཀྱི་ཡོད་པ་མ་ཟད། ཁྱེད་ཀྱི་འབྲེལ་མཐུད་ཀྱི་ལམ་ཁ་གསང་སྡོམ་བྱས་ཏེ། ཁྱེད་ལ་གསང་རྒྱ་དང་བདེ་འཇགས་ཀྱི་ཚད་གཞི་གང་མཚམས་ཤིག་སྤྲོད་ཀྱི་ཡོད། འོན་ཀྱང་། VPN་གང་དེའི་ཞབས་ཞུ་སྤྲོད་མཁན་སུ་ཡིན་པ་དང་། ཁོང་ཚོ་སུ་དང་འབྲེལ་བ་ཡོད་མེད། ང་ཚོའི་དྲ་མྱུལ་གྱི་དྲན་ཐོའི་ཁོངས་སུ་སུ་འཛུལ་ཐུབ་མིན་བཅས་ཀྱི་ཐོག་ལ་བསམ་ཞིབ་བྱེད་དགོས།
རང་ཉིད་ཀྱི་ཡིག་ཟམ་གཞན་གྱི་སྟངས་འཛིན་འོག་ཤོར་ཡོད་མེད་ཇི་ལྟར་ཤེས་ཐུབ།
གལ་ཏེ། ཁྱེད་ཀྱི་ཡིག་ཟམ་མི་གཞན་གྱི་སྟངས་འཛིན་འོག་ཏུ་ཤོར་ཡོད་ཚེ། གཤམ་གྱི་རྟགས་མཚན་འདི་དག་མངོན་ངེས།
1.རང་ཉིད་ཀྱི་ཐོ་འགོད་མིང་དང་གསང་གྲངས་བརྒྱུད་ནས་ནང་འཛུལ་བྱེད་མི་ཐུབ་པ་དང་།
- ས་གནས་གཞན་ནས་ཁྱེད་ཀྱི་ཡིག་ཟམ་ནང་དུ་འཛུལ་ཐབས་བྱེད་ཀྱི་ཡོད་པའམ། ཡིག་ཟམ་གྱི་གསང་གྲངས་བརྗེ་ཐབས་བྱེད་ཀྱི་ཡོད་པའི་བརྡ་ལན་འབྱོར་བ།
- ཁྱེད་ཀྱི་གྲོགས་པོ་ཚོར། ཁྱེད་ཀྱིས་མ་བཏང་རུང་། ཁྱེད་ཀྱི་མིང་ཐོག་ནས་འཕྲིན་ཐུང་དང་། འབྲེལ་ཐག པར་རིས་ཁྱད་མཚར་དེ་འདྲ་འབྱོར་བ།
- སྒྲིག་འགོད་ཀྱི་ཁོངས་ནས་ཁྱེད་ཀྱི་མགོ་པར་དང་། ངོ་སྤྲོད། དེ་མིན་གྱི་ཡིག་ཆ་རིགས་བརྗེས་ཡོད་པ།
- ཁྱེད་ཀྱི་སྡོད་གནས་མ་ཡིན་པའི་ས་གནས་གཞན་ནས་ཁྱེད་ཀྱི་མ་ལག་གི་ཁོངས་སུ་འཛུལ་ཡོད་པ་སོགས་སོོ།།
གལ་ཏེ། རྟགས་མཚན་གོང་གི་འདི་དག་མངོན་ཚེ།
- ཡིག་ཟམ་གྱི་གསང་གྲངས་དེ་མ་ཐག་བརྗེ་དགོས།
- 2. རང་ཉིད་ཀྱི་ཡིག་ཟམ་ལ་ནད་དུག་ཕོག་ཡོད་ཚུལ་གྲོགས་པོ་ཚོར་བརྡ་ལན་སྤྲོད་དགོས།
གཞན་གྱི་སྟངས་འཛིན་འོག་མ་ཤོར་བའི་ཆེད་དུ།
- ཡིག་ཟམ་གྱི་གསང་གྲངས་བརྟན་པོ་ཞིག་བཟོ་དགོས།
- ཟུར་སྣོན་ཡིག་ཆའི་རིགས་ཕབ་ལེན་མ་བྱེད།
- ཡིག་ཟམ་ནང་དུ་དོགས་གཞི་ཅན་གྱི་འབྲེལ་ཐག་གང་རུང་འབྱོར་ཚེ། གཏོང་མཁན་གྱི་མི་དེས་དོན་དངོས་ཐོག་བཏང་ཡོད་མེད་བརྩད་ཞིབ་བྱེད་དགོས།
- ཡིག་ཟམ་གྱི་མཉེན་ཆས་དང་། དྲ་རྒྱ་བཤེར་ཆས། ཁ་པར་གྱི་ཉེར་སྤྱོད་མ་ལག་བཅས་དུས་ཐོག་ཏུ་གསར་སྣོན་བྱེད་དགོས།
རང་ཉིད་ཀྱི་ཡིག་ཟམ་ཇི་ལྟར་བརྟན་པོར་ཉར་དགོས།
ཡིག་ཟམ་བརྟན་པོར་ཉར་བ་ལ། 1.དང་ཐོག་ཡིག་ཟམ་ལ་གསང་གྲངས་བརྟན་པོ་ཞིག་བཟོ་རྒྱུ་གལ་ཆེ།
- ཡིག་ཟམ་གྱི་ནང་དུ་ཟུར་སྣོན་གྱི་ཡིག་ཆ་རིགས་ཕབ་ལེན་བྱེད་མི་རུང་ལ། འབྲེལ་ཐག་གང་བྱུང་གི་ཐོག་ཏུ་བསྣུན་མི་རུང་།
- གཞུང་ཕྱོགས་ཀྱི་ཡིག་ཟམ་གྱི་ཞབས་ཞུ་གང་རུང་གིས་ཁྱེད་ལ་རངཉིད་ཀྱི་ཡིག་ཟམ་ཁ་བྱང་དང་གསང་གྲངས་བསྐྱར་སྒྲིག་བྱེད་དགོས་པའི་རེ་སྐུལ་ཞུ་མི་སྲིད་པས། གལ་ཏེ། དེ་འདྲའི་རེ་སྐུལ་འབྱོར་ཚེ། ཉྭ་འཛིན་གྱི་འཇབ་རྒོལ་ཡིན་ངེས་པས། སྣང་མེད་དུ་བསྐྱུར་དགོས།
- དྲ་ཇག་གིས་འཇབ་རྒོལ་མ་ཐེབས་པའི་ཆེད་དུ། རང་ཉིད་ཀྱི་ཡིག་ཟམ་གྱི་མཉེན་ཆས་དང་། དྲ་རྒྱ་བཤེར་ཆས། ཁ་པར་གྱི་ཉེར་སྤྱོད་མ་ལག་བཅས་དུས་ཐོག་ཏུ་གསར་སྣོན་བྱེད་དགོས།
- ཡིག་ཟམ་ནང་དུ་འབྱོར་བའི་ཡིག་ཆ་གང་རུང་ལ་དོགས་པ་ཡོད་ཚེ། ཡིག་ཟམ་གཏོང་མཁན་གྱི་གང་ཟག་དེར་ཁ་པར་དང་རྒྱུ་ལམ་གཞན་གྱི་ཐོག་ནས་འབྲེལ་བ་བྱས་ཏེ། དོགས་གཞི་ཅན་གྱི་ཡིག་ཟམ་དེ་ཁོས་བཏང་ཡོད་མེད་བརྩད་ཞིབ་བྱེད་དགོས།
འབྲེལ་མཐུད་མ་ལག་གང་རུང་གཞན་གྱི་སྟངས་འཛིན་འོག་ཤོར་ཡོད་མེད་ཇི་ལྟར་ཤེས་ཐུབ།
གལ་ཏེ། སྐད་འཕྲིན་དང་། མགྱོགས་འཕྲིན། འཁྱུག་དབྱངས་སོགས་འབྲེལ་མཐུད་ཀྱི་མ་ལག་གང་རུང་མི་གཞན་གྱི་སྟངས་འཛིན་འོག་ཏུ་ཤོར་ཡོད་ཚེ། གཤམ་གྱི་རྟགས་མཚན་འདི་དག་མངོན་ངེས།
རང་ཉིད་ཀྱི་ཐོ་འགོད་མིང་དང་གསང་གྲངས་བརྒྱུད་ནས་ནང་འཛུལ་བྱེད་མི་ཐུབ་པ་དང་།
- ཁྱེད་ཀྱིས་མ་སྤེལ་བའི་ཟིན་བྲིས་དང་། པར། བརྙན་སོགས་མཐོང་བ།
- ཁྱེད་ཀྱི་གྲོགས་པོ་ཚོར། ཁྱེད་ཀྱིས་མ་བཏང་རུང་། ཁྱེད་ཀྱི་མིང་ཐོག་ནས་འཕྲིན་ཐུང་དང་། འབྲེལ་ཐག པར་རིས་ཁྱད་མཚར་དེ་འདྲ་འབྱོར་བ།
- སྒྲིག་འགོད་ཀྱི་ཁོངས་ནས་ཁྱེད་ཀྱི་མགོ་པར་དང་། ངོ་སྤྲོད། དེ་མིན་གྱི་ཡིག་ཆ་རིགས་བརྗེས་ཡོད་པ།
- ཁྱེད་ཀྱི་སྡོད་གནས་མ་ཡིན་པའི་ས་གནས་གཞན་ནས་ཁྱེད་ཀྱི་མ་ལག་གི་ཁོངས་སུ་འཛུལ་ཡོད་པ་སོགས་སོོ།།
གལ་ཏེ། རྟགས་མཚན་གོང་གི་འདི་དག་མངོན་ཚེ།
- མ་ལག་གང་དེའི་གསང་གྲངས་དེ་མ་ཐག་བརྗེ་དགོས།
- 2. རང་ཉིད་ཀྱི་འབྲེལ་མཐུད་མ་ལག་ནད་དུག་ཕོག་ཡོད་ཚུལ་གྲོགས་པོ་ཚོར་བརྡ་ལན་སྤྲོད་དགོས།
གཞན་གྱི་སྟངས་འཛིན་འོག་མ་ཤོར་བའི་ཆེད་དུ།
- འབྲེལ་མཐུད་ཀྱི་མ་ལག་དེར་གསང་གྲངས་བརྟན་པོ་ཞིག་བཟོ་དགོས།
- ཟུར་སྣོན་ཡིག་ཆའི་རིགས་ཕབ་ལེན་མ་བྱེད།
- དོགས་གཞི་ཅན་གྱི་འབྲེལ་ཐག་གང་རུང་ཁ་མ་འབྱེད།
- འབྲེལ་མཐུད་ཀྱི་མཉེན་ཆས་དང་། དྲ་རྒྱ་བཤེར་ཆས། ཁ་པར་གྱི་ཉེར་སྤྱོད་མ་ལག་བཅས་དུས་ཐོག་ཏུ་གསར་སྣོན་བྱེད་དགོས།