ཉེ་ལམ་བདག་གིས་(འགྲུལ་བཞུད་ཁྲོད་ཀྱི་དྲ་ལམ་བདེ་འཇགས་)སྐོར་གྱི་གཏམ་བཤད་ཅིག་སྤེལ་བའི་སྐབས་སུ། དྲ་གྲོགས་ཤིག་གིས་Claude ཟེར་བའི་བཀོལ་ཆས་དེ་ཇི་ལྟར་བཀོལ་སྤྱོད་བྱེད་དགོས་མིན་དང་། དེའི་ནང་དུ་བོད་ཡིག་རྒྱབ་སྐྱོར་བྱེད་ཀྱི་ཡོད་མེད་ཐད་ལ་དྲི་བ་དྲིས་བྱུང་བས། འདིར་མ་ལག་དེའི་སྐོར་ལ་རོབ་ཙམ་གླེང་འདོད།
Claude བཀོལ་ཆས་དེ་ནི། 2021 ལོར། Anthropic PBC ཟེར་བའི་མིས་བཟོས་རིག་ནུས་ཀྱི་ལག་རྩལ་ཐད་ལ་ཉམས་ཞིབ་བྱེད་མཁན་གྱི་ཨ་རིའི་ནང་གི་བཟོ་ལས་ཁང་ཞིག་བཟོས་པ་ཡིན་འདུག བཀོལ་ཆས་དེ་བཀོལ་སྤྱོད་བྱེད་པར། རང་གི་ཡིག་ཟམ་བརྒྱུད་ནས་ཐོ་འགོད་བྱེད་དགོས་ཀྱི་འདུག
མ་ལག་དེའི་ནང་དུ་སྐད་ཡིག་འདྲ་མིན་ནང་། དྲི་བར་ལན་འདེབས་པ་དང་། རྩོམ་ཡིག་འབྲི་བ། སྐད་ཡིག་སྣ་ཚོགས་ཕན་ཚུན་ལ་སྒྱུར་ཐུབ་ཀྱི་ཡོད། ཆེས་དགའ་འོས་པ་ཞིག་ནི། མ་ལག་འདིའི་ནང་དུ་བོད་ཡིག་རྒྱབ་སྐྱོར་བྱེད་ཀྱི་འདུག་པ་མ་ཟད། དེའི་བོད་ཡིག་གི་ཡིག་སྒྱུར་གྱི་སྤུས་ཚད་ཀྱང་ཧ་ཅང་ལེགས་པོ་འདུག
ངས་བཀོལ་ཆས་དེ་ཚོད་ལྟ་བྱས་པ་ཡིན་ལ། དེའི་བྱེད་ལས་ནི་བསམ་ཡུལ་ལས་འདས་པ་ཞིག་རེད་འདུག
དཔེར་ན། ཞོགས་པ་སྔ་པོ་ཡར་ལངས་ནས་ཆུ་བཏུངས་ན་གང་ལ་ཕན་ལྟ་བུ་དང་།
ཁྲག་ཤེད་ཇི་ལྟར་གཅོག་དགོས་ཞེས་བྲིས་ཚེ། དེ་དག་གི་དྲིས་ལན་སྤུས་དག་འདེབས་བྱེད་ཀྱི་འདུག
ད་དུང་ལིས་པེ་སྙན་ངག་དུམ་བུ་ཞིག་སྤྲད་དེ། གཤམ་གསལ་རྣམས་བོད་ཡིག་ལ་བསྒྱུར་རོགས་ལབ་ན་འདི་ལྟར་བསྒྱུར་གྱི་འདུག