ཡིག་ཟམ་ནང་གི་མཉེན་འབུ། 

 HP རྩིས་འཕྲུལ་བཟོ་ལས་ཁང་གི་བདེ་འཇགས་སྐོར་གྱི་ཉམས་ཞིབ་གྲུབ་དོན་ལྟར་ན། དྲ་ཐོག་གི་འཇབ་རྒོལ་པ་ཚོས་ཡིག་ཟམ་ནང་གི་སྔར་ཡོད་ཀྱི་བདེ་འཇགས་ཞིབ་བཤེར་མ་ལག་ལ་གཡོལ་ཏེ་ནད་དུག་བགོས་ཀྱི་ཡོད་འདུག 

ལོ་ཤས་སྔོན་དུ། དྲ་ཇག་ཚོས་གནད་ཡོད་ཀྱི་མི་སྣ་དང་། ཚོང་ལས་སྡེ་ཁག གཞུང་ཕྱོགས་ཀྱི་ལས་ཁུངས་སོགས་ལ་འཇབ་རྒོལ་བྱེད་དུས། ཡིག་ཟམ་གྱི་ནང་དུ་འཕྲིན་པ་ཞིག་གཏོང་གི་ཡོད་ལ། འཕྲིན་པ་དེ་དང་མཉམ་དུ་ཟུར་སྣོན་གྱི་ཡིག་ཆ་ཞིག་གཏོང་སྲོལ་ཡོད། གཏང་ཡུལ་གྱི་གང་ཟག་དེས་ཟུར་སྣོན་གྱི་ཡིག་ཆ་དེའི་ཐོག་ཏུ་མནན་ཏེ། ཡིག་ཆ་དེ་རང་ཉིད་ཀྱི་རྩིས་འཕྲུལ་དང་ཁ་པར་སོགས་ཀྱི་ནང་དུ་ཕབ་ལེན་བྱས་མ་ཐག མི་དེའི་གློག་ཆས་ཀྱི་ནང་དུ་མཉེན་འབུ(恶意软件)་ཁྱབ་འགྲོ་གི་ཡོད།

ཉེན་ཁ་དེར་ཁ་གཏད་གཅོག་པའི་ཆེད་དུ། ཡིག་ཟམ་གྱི་བཟོ་ཚོང་ཁང་ཁག་གིས་མི་ཞིག་གི་ཡིག་ཟམ་གྱི་ནང་དུ་འཕྲིན་པ་དང་ལྷན་དུ་ཟུར་སྣོན་ཡིག་ཆ་ཞིག་འབྱོར་ཡོད་ཚེ། ཡིག་ཟམ་གྱི་མ་ལག་རང་ངོས་ནས་དང་ཐོག་ཞིབ་བཤེར་བྱས་ཏེ། གལ་ཏེ། ཟུར་སྣོན་དེ་དོགས་གཞི་ཅན་ཞིག་ཡིན་ཚེ། འཛད་སྤྱོད་པར་ཉེན་བརྡ་གཏོང་གི་ཡོད། ཡིག་ཟམ་ནང་གི་བདེ་འཇགས་ཞིབ་བཤེར་གྱི་མ་ལག་དེས་མི་མང་པོ་ཞིག་གི་བདེ་འཇགས་ལ་འགན་སྲུང་བྱེད་ཐུབ་ཡོད་ལ། དུས་མཚུངས་སུ། དྲ་ཇག་ཚོའི་འཇབ་རྒོལ་གྱི་ལས་ངན་པའི་རིགས་བཀག་འགོག་དང་ནུས་མེད་བཟོ་ཐུབ་པ་བྱུང་ཡོད། 

ནད་དུག་བཟོ་མཁན་(ནད་དུག་གཏོང་མཁན)དང་ནད་དུག་སྔོན་འགོག་བྱེད་མཁན་གཉིས་ནི་ཙི་ཙི་དང་ཞི་མིར་ཆ་འདྲ་བོ་ཡོད། ཕྱོགས་གཅིག་གིས་ཉེན་སྲུང་གི་ཐབས་བཀོད་ཅིག་འཐེན་ཚེ། ཕྱོགས་གཞན་དེས་དེ་ལས་ལྷག་པའི་འཇབ་རྒོལ་གྱི་ཐབས་བཀོད་ཅིག་འཐེན་ཏེ། ཕར་ཕྱོགས་ལ་ཡ་ལན་སློག་གི་ཡོད། དཔེར་ན། དྲ་ཇག་ཚོའི་སྔར་གྱི་འཇབ་རྒོལ་བྱེད་སྟངས་ཀྱི་ཐབས་ལམ་དེ་དུས་ཡོལ་ཕྱིན་པ་ལ་བརྟེན་ནས། ད་ཆ་ཟུར་སྣོན་ཡིག་ཆ་བཙིར་སྣོན་(压缩电子邮件附件)བྱས་ཏེ་གཏོང་གི་ཡོད་ལ། བཙིར་གནོན་བྱས་པའི་ཡིག་ཆ་དེར་ཉེན་ཁ་ཡོད་མེད། ནམ་རྒྱུན་གྱི་ཡིག་ཟམ་ནང་གི་ཞིབ་བཤེར་གྱི་མ་ལག་(查毒)དེས་ངོས་འཛིན་དང་རྩད་གཅོད་བྱེད་ཐུབ་ཀྱི་མེད།

དེ་བས། དྲ་ཇག་གི་འཇབ་རྒོལ་གྱི་ཐབས་ལམ་གསར་པ་དེས་མི་སྒེར་དང་། གཞུང་ཕྱོགས་ཀྱི་ལས་ཁུངས། ཚོང་ལས་སྤྱི་གཉེར་ཁང་སོགས་ལ་འཇབ་རྒོལ་ཐེབས་མུས་ཡིན་པ་HP་རྩིས་འཕྲུལ་བཟོ་ལས་ཁང་གིས་གསལ་འདོན་བྱས་ཡོད་པ་མ་ཟད། བཟོ་ལས་ཁང་དང་། ཚོང་ལས་སྤྱི་གཉེར་ཁང་སོགས་ལ་ཉེན་བརྡ་བཏང་སྟེ། ལས་ཁུངས་ཁག་སོ་སོས་རང་རང་གི་ལས་བྱེད་ཚོར། ཡིག་ཟམ་དང་། དྲ་རྒྱ་བཤེར་ཆས། ཡིག་ཆ་ཕབ་ལེན་སོགས་དང་འབྲེལ་བའི་ཉེན་ཁ་ཁག་ལ་སྔོན་འགོག་བྱེད་པའི་ལས་གཞི་གྲ་སྒྲིག་བྱེད་དགོས་པའི་སྐུལ་མ་བཏང་ཡོད།  དེ་མ་གཏོགས། ལས་བྱེད་གཅིག་གིས་ནོར་འཁྲུལ་བཟོས་པ་ལ་བརྟེན་ནས། ལས་ཁུངས་ཀྱི་མ་ལག་ཧྲིལ་པོར་གནོད་སྐྱོན་ཐེབས་ངེས་པ་བརྗོད་འདུག  

Leave a Reply

Your email address will not be published. Required fields are marked *