ཀུ་ཤུ་ཁ་པར་ནང་གི་ཉེན་སྲུང་གི་བཤེར་ཆས།

དྲ་རྒྱ་བཤེར་ཆས་ནི་རྩིས་འཕྲུལ་དང་ཁ་པར་གྱི་ནང་དུ་ཤུགས་ཆེར་བཀོལ་སྤྱོད་བྱེད་བཞིན་པའི་མཉེན་ཆས་ཤིག་ཡིན། མཉེན་ཆས་འདི་ཧ་ཅང་ཁྱབ་ཆེ་སྟབས། འཇབ་རྒོལ་པའི་དམིགས་འབེན་གཟུང་ཡུལ་གཙོ་བོ་ཞིག་ཀྱང་ཆགས་ཡོད། གལ་ཏེ། ཁྱེད་ཀྱི་རྩིས་འཕྲུལ་དང་ཁ་པར་སོགས་ཁང་པ་ཞིག་ཡིན་པའི་དབང་དུ་བཏང་ན། དྲ་རྒྱ་བཤེར་ཆས་དེ་ཁང་པའི་སྒེའུ་ཁུང་ལྟ་བུ་ཡིན་ལ། སྒེའུ་ཁུང་དེའི་ནང་ནས་ད་གཟོད་ཁྱེད་ཀྱིས་དྲ་རྒྱའི་ཡུལ་ལྗོངས་མཐོང་ཐུབ་ཀྱི་ཡོད། དྲ་རྒྱའི་ཡུལ་ལྗོངས་ལ་རོལ་མྱོང་བྱེད་རྒྱུ་དེ་སྐྱིད་པོ་ཡོད་རུང་། ཁྱེད་ཀྱིས་སོ་སོའི་དྲ་རྒྱའི་སྒེའུ་ཁུང་བརྟན་པོ་མ་བཟོས་པ་ཡིན་ན། ཕྱི་རོལ་གྱི་མི་གང་རུང་ཞིག་སྒེའུ་ཁུང་བརྒྱུད་དེ་ཁྱེད་ཀྱི་ཁང་པའི་(ཁ་པར)ནང་འཛུལ་བའི་ཉེན་ཁ་ཡོད། དྲ་ཐོག་གི་འཇབ་རྒོལ་པ་ཚོས། དྲ་རྒྱ་བཤེར་ཆས་གང་རུང་ལ་འཇབ་རྒོལ་བྱེད་དུས། བཤེར་ཆས་དེའི་ནང་གི་དྲ་བའི་བྱེད་སྒོ་ལ་སོ་ལྟ་བྱེད་ལ། མཚམས་རེར་བཤེར་ཆས་ལ་འཇབ་རྒོལ་བྱས་པའི་ཐོག་ནས། ཁྱེད་ཀྱི་ཡོ་ཆས་ནང་དུ་སིམའཛུལ་བྱས་ཏེ། དེའི་ནང་གི་ཡིག་ཆ་ཁག་རྐུ་འཁྱེར་བྱེད་སྲོལ་ཡོད། དྲ་རྒྱ་བཤེར་ཆས་སྐྱོ་བོ་ཞིག་བཀོལ་སྤྱོད་བྱེད་པ་ནི་དྲ་ཐོག་གི་འཇབ་རྒོལ་པ་རང་ཉིད་ཀྱི་རྩིས་འཕྲུལ་ནང་སིམ་འཛུལ་བྱེད་པར་སྐུལ་མ་བྱེད་པ་དང་གཅིག་མཚུངས་ཡིན་པས། ངའི་ངོས་ནས་ཁྱེད་ལ་ཧྥ་ཡར་ཧྥོག་ཁི་སི་(Firefox)དང་ཁི་རོམ་(Chrome) ས་ཧྥ་རེ(Safari) བཤེར་ཆསལྟ་བུ་རང་ཉིད་ཀྱི་རྒྱུན་སྤྱོད་བཤེར་ཆས་སུ་བཀོལ་སྤྱོད་བྱེད་པའི་རེ་སྐུལ་ཞུ་ཡི་ཡོད།

དྲ་རྒྱ་བཀོལ་སྤྱོད་བྱས་ཏེ་དྲ་ཚིགས་གང་དག་ལ་ལྟ་ཀློག་བྱས་ཡོད་མེད་ལ་མ་ལྟོས་པར། ཁྱེད་ཀྱི་བཤེར་ཆས་ཀྱི་ལོ་རྒྱུས་ཁག་ལ་གཞན་གྱིས་རྗེས་འདེད་གཏོང་གི་ཡོད། དྲ་ངོས་ཀྱི་ཁྱབ་བསྒྲགས་རིགས་ཀྱིས་ཁྱེད་ཀྱིས་དྲ་ཐོག་ཏུ་ཁྱབ་བསྒྲགས་གང་དག་གི་ཐོག་ཏུ་མནན་ཡོད་མེད་ཀྱི་ལོ་རྒྱུས་ཁག་ཉར་ཚགས་བྱེད་ཀྱི་ཡོད། དྲ་ལམ་ཚོང་ལས་ཀྱི་དྲ་ཚིགས་ཁག་གིས་ཁྱེད་ཀྱིས་དྲ་ཐོག་ཏུ་ཐོན་རྫས་གང་དག་ལ་ལྟ་ཡི་ཡོད་མེད་ཤེས་ཀྱི་ཡོད། སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་བ་ཁག་གིས་ཁྱེད་ཀྱི་ལོ་ཚོད་དང། ཕོ་མོའི་དབྱེ་བ། ཁྱེད་ཀྱི་དགའ་ཕྱོགས། དེ་མ་ཟད། ཁྱེད་ཀྱི་གྲོགས་པོ་ཚོའི་དགའ་ཕྱོགས་སོགས་གཞིར་བཞག་སྟེ་ཁྱེད་ལ་ཁྱབ་བསྒྲགས་གཏོང་གི་ཡོད། 

དྲ་ཐོག་གི་རྗེས་འདེད་གཏོང་སྟངས་འདི་གསར་པ་གང་ཡིན་མིན་ལ། འདི་ནི་འཛད་སྤྱོད་པའི་སྐོར་གྱི་ཆ་འཕྲིན་བསྡུ་རུབ་བྱེད་ཕྱོགས་ཀྱི་ཚད་མཐོ་བའི་ལམ་ཁ་ཞིག་ཡིན། 

སྒེར་གྱི་རྣམ་པའི་ཐོག་དྲ་མྱུལ་བྱེད་པ། 

སྒེར་གྱི་རྣམ་པའི་ཐོག་དྲ་མྱུལ་བྱེད་ཆོག་པའི་ཁྱད་ཆོས་འདིས། ཁྱེད་ལ་བཤེར་ཆས་ཀྱི་སྒེའུ་ཁུང་དམིགས་བསལ་ཞིག་ཁ་འབྱེད་དུ་འཇུག་གི་ཡོད་ལ། སྒེའུ་ཁུང་དེའི་ནང་དུ་ཁྱེད་ཀྱིས་དྲ་མྱུལ་བྱེད་པའི་སྐབས་སུ། དྲ་རྒྱ་བཤེར་ཆས་ཀྱི་ནང་དུ་ཁྱེད་ཀྱིས་ལྟ་ཀློག་བྱ་སའི་དྲ་ཚིགས་ཁག་དང་། དྲ་ཐོག་གི་འཚོལ་བཤེར་གྱི་བྱེད་སྒོ་ཁག དྲ་ཐོག་གི་འགེངས་ཤོག་སོགས་ཀྱི་ནང་དུ་ག་རེ་བསྐངས་ཡོད་མེད་ཀྱི་ལོ་རྒྱུས་སོགས་ཉར་ཚགས་གང་ཡང་མི་བྱེད། དེ་མ་ཟད། ཁྱེད་ཀྱིས་བཤེར་ཆས་ཀྱི་སྒེའུ་ཁུང་དེ་ཁ་བརྒྱབ་པ་དང་མཉམ་དུ། དྲ་རྒྱ་བཤེར་ཆས་ཀྱིས་དྲ་མྱུལ་བྱེད་པའི་སྐབས་སུ་ཉར་ཚགས་བྱས་ཡོད་པའི་cache དང་། cookies སོགས་གཙང་གསུབ་བྱེད་ཀྱི་ཡོད། སྒེར་གྱི་རྣམ་པ་ཅན་གྱི་སྒེའུ་ཁུང་ནང་དུ་དྲ་མྱུལ་བྱས་ཏེ་དྲ་ཐོག་གི་རྗེས་འདེད་རིགས་ལ་གཡོལ་ཆོག 

  1. སྒེར་གྱི་རྣམ་པ་ཅན་གྱི་སྒེའུ་ཁུང་ནང་དུ་དྲ་མྱུལ་བྱས་ཏེ་དྲ་ཐོག་གི་རྗེས་འདེད་རིགས་ལ་གཡོལ་ཆོག  ཁྱེད་ཀྱི་ཀུ་ཤུ་ཁ་པར་དང་། iPad རྩིས་འཕྲུལ་ལེབ་མོ། iPod touch སོགས་ཀྱི་ནང་གི་Safari བཤེར་ཆས་ཀྱི་ཐོག་ཏུ་ནོན།  
  1. གྲུ་བཞི་ཉིས་བརྩེགས་ཅན་འདིའི་ཐོག་ལ་ནོན།


2.ཤུལ་མེད་དྲ་མྱུལ(无痕浏览) དང་དེ་ནས་ལེགས་འགྲུབ(完成)ཀྱི་ཐོག་ལ་ནོན།


དེ་ནས་སྣོན་རྟགས་ཀྱི་ཐོག་ལ་མནན་ཏེ་སྒེར་གྱི་རྣམ་པའི་ཐོག་དྲ་མྱུལ་བྱེད་འགོ་ཚུགས། སྒེར་གྱི་རྣམ་པའི་ཐོག་དྲ་མྱུལ་བྱེད་སྐབས། Safari བཤེར་ཆས་ཀྱི་ངོས་ཤོག་ཚོན་མདོག་ནག་པོར་འགྱུར་ངེས།

དྲ་མྱུལ་གྱི་ལོ་རྒྱུས་གསུབ་པ།

དྲ་རྒྱའི་བཤེར་ཆས་ཁག་གིས་རང་འགུལ་གྱི་ཐོག་ནས་ཁྱེད་ཀྱིས་ལྟ་ཀློག་བྱ་སའི་དྲ་ཚིགས་ཁག་གི་ལོ་རྒྱུས་ཉར་ཚགས་བྱེད་ཀྱི་ཡོད་ལ། ཆ་འཕྲིན་དེ་དག་ཁྱེད་ཀྱི་དྲ་མྱུལ་གྱི་བདེ་འཇགས་ཀྱི་ཚུལ་དུ་བཤེར་ཆས་ཀྱི་ནང་དུ་གསོག་འཇོག་བྱེད་ཀྱི་ཡོད། ཁྱེད་ཀྱིས་དྲ་མྱུལ་གྱི་ལོ་རྒྱུས་དེ་བཀོལ་སྤྱོད་བྱས་པའི་ཐོག་ནས། དེ་སྔོན་ལྟ་ཀློག་བྱས་པའི་དྲ་ཚིགས་ཁག་གི་ཁ་བྱང་གཏགས་མ་དགོས་པར། མགྱོགས་མྱུར་ངང་བསྐྱར་ལྟ་བྱེད་ཆོག་གི་ཡོད་པ་མ་ཟད། དཔེ་རྟགས་ཀྱང་བཟོ་ཆོག གལ་ཏེ། ཁྱེད་ཀྱིས་སྒེར་གྱི་རྣམ་པའི་ཐོག་དྲ་མྱུལ་བྱེད་པའི་སྒེའུ་ཁུང་དེ་ཁ་འབྱེད་རྒྱུ་བརྗེད་ཚེ། སོ་སོའི་དྲ་མྱུལ་གྱི་ལོ་རྒྱུས་ཁག་བསྐྱར་ཞིབ་དང་གཙང་གསུབ་བྱེད་ཆོག

ཁྱེད་ཀྱིས་ས་ཧྥ་རེ་བཤེར་ཆས་བཀོལ་གྱི་ཡོད་ཚེ། 

1.Safari དྲ་རྒྱ་བཤེར་ཆས་ཁ་ཕྱེ

2.དེ་ནས་འཆར་ངོས་འོག་ཏུ་དེབ་རྟགས་ཤིག་ཡོད་པ་འདིའི་ཐོག་ཏུ་ནོན


3.ཆུ་ཚོད་འཁོར་ལོའི་རྟགས་ཀྱི་ཐོག་ཏུ་མནན་ཚེ་དྲ་མྱུལ་གྱི་ལོ་རྒྱུས་ཁག་མཐོང་ཐུབ།  དེ་ནས་གཙང་གསུབ 清除་ཀྱི་ཐོག་ལ་མནན་ཏེ། ་དྲ་མྱུལ་གྱི་གཞི་གྲངས་གཙང་གསུབ་ཀྱི་གདམ་ག་གང་རུང་འདེམས་ཏེ་གསུབ་དགོས།


2 comments
Leave a Reply

Your email address will not be published. Required fields are marked *