འཛམ་གླིང་ཡོངས་རྫོགས་བརྡ་འཕྲིན་ཅན་དུ་གྱུར་བས། འཕྲུལ་རིག་ལག་རྩལ་དང་གློག་ཆས་སོགས་ང་ཚོའི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད། སློབ་མ་ཚོ་དངོས་སུ་སློབ་གྲྭར་བསྐྱོད་མ་དགོས་པར་དྲ་ལམ་ནས་འཛིན་གྲྭ་འཚོགས་པ་དང་། ལས་ཁུངས་ཀྱི་ལས་ཀ་མང་དག་ཅིག་ཁྱིམ་ནས་སྒྲུབ་པ། ལྷག་པར་དུ། ནད་དུག་གི་དུས་སྐབས་འདིར། མི་མང་པོ་ཞིག་གི་ལས་ཀའི་ཐོན་སྐྱེད་ནུས་ཤུགས་སམ་གྲུབ་འབྲས་ཀྱང་འཕྲུལ་རིག་ཡོ་ཆས་དང་འབྲེལ་བ་དམ་ཟབ་ཆགས་ཡོད།
དེང་སང་། སྐུད་མེད་རྣ་ཉན་རིགས་སྐུད་མེད་དྲ་བའི་ཁྱད་ཆོས་ཡོད་པའི་རྩིས་འཕྲུལ་དང་། རྩིས་འཕྲུལ་ལེབ་མོ། ཁ་པར་སོགས་ཚང་མའི་ནང་དུ་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད། ཉིན་མ་རེ་རེར་ཐོན་རྫས་གསར་པ་སྣ་མང་ཞིག་འདོན་སྤེལ་བྱེད་ཀྱི་ཡོད་སྟབས། མཚམས་རེར་ཐོན་རྫས་གང་ཞིག་རང་ཉིད་ཀྱི་དགོས་མཁོ་དང་དངུལ་གྱི་སྔོན་རྩིས་དང་འཚམ་མིན་ཐག་གཅོད་བྱེད་དཀའ་མོ་ཆགས་ཀྱི་ཡོད། གང་ལྟར། རྣ་ཉན་གང་རུང་ཞིག་མ་ཉོས་པའི་སྔོན་དུ། ང་ཚོས་ངེས་པར་དུ་དོན་ཚན་གལ་ཆེན་ཁག་ཅིག་གི་ཐོག་ལ་ཞིབ་ཏུ་བསམ་བློ་གཏོང་དགོས།
སྦུག་སྒྲའི་སྤུས་ཚད།
སྦུག་སྒྲས་སྐད་སྒྲ་དང་རོལ་དབྱངས་སོགས་ལ་དབྱངས་རྟ་མཁོ་སྤྲོད་བྱེད་ཀྱི་ཡོད་ལ། དེས་རོལ་དབྱངས་གང་རུང་གི་སྒྲ་དམའ་ཤོས་གོ་རུ་འཇུག་པར་རོགས་འདེགས་བྱེད་ཐུབ་པ་མ་ཟད། དེས་སྐད་སྒྲ་ལ་དྭངས་གསལ་དང་གཏིང་ཟབ་ཀྱི་ཆ་མཁོ་འདོན་བྱེད་ཀྱི་ཡོད།
རང་འགུལ་གྱི་ཐོག་ནས་འཛེར་སྒྲ་མེད་པར་བཟོ་བ།
རང་འགུལ་གྱི་ཐོག་ནས་འཛེར་སྒྲ་མེད་པར་བཟོ་བའི་ཁྱད་ཆོས་འདིས་སྐད་ཀྱི་རླབས་སྒྲ་ལ་རྒོལ་བའི་ནུས་པ་ཞིག་མཁོ་འདོན་བྱས་ཏེ། ཕྱི་རོལ་གྱི་དགོས་མེད་ཀྱི་སྐད་སྒྲ་ཁག་བཀག་འགོག་བྱེད་ཀྱི་ཡོད། དེར་བརྟེན། ཁྱད་ཆོས་འདིའི་དབང་གིས། ང་ཚོས་ཕྱི་རོལ་གྱི་སྐད་སྒྲ་གང་རུང་གི་གནོད་པ་མེད་པའི་ཐོག་ནས། ཞི་བདེའི་ངང་རང་ཉིད་ཀྱི་ཆེས་དགའ་ཤོས་ཀྱི་རོལ་དབྱངས་དང་གླུ་གཞས་སོགས་ལ་གསན་ཆོག
སྐད་སྦུག་གི་སྤུས་ཀ
རྣ་ཉན་གང་རུང་སྤུས་ཀ་བཟང་མིན་དེ་རྣ་ཉན་དེའི་ནང་དུ་བཅུག་ཡོད་པའི་སྐད་སྦུག་གི་སྤུས་ཀ་ལ་རག་ལུས་ཡོད། སྐད་སྦུག་གི་སྤུས་ཀ་བཟང་ན། ཁྱེད་ཀྱིས་མི་གཞན་ལ་ཁ་བརྡ་བྱེད་པའི་སྐབས་སུ། ཕར་ཕྱོགས་ཀྱི་སྐད་གསལ་པོ་དང་དག་མོ་གོ་ཐུབ།
གློག་རྫས་ཀྱི་འདང་ཚད།
གློག་ཆས་གང་རུང་གི་ཚེ་ཚད་དེ་གློག་ཆས་དེའི་གློག་རྫས་ལ་ཐུག་ཡོད་སྟབས། གློག་རྫས་རྒྱུན་རིང་པོར་འདང་ན། ཁྱེད་ཀྱིས་གློག་ཆས་དེ་དུས་ཡུན་རིང་པོར་བཀོལ་སྤྱོད་བྱེད་ཐུབ།
སྐད་སྒྲ་ཚོད་འཛིན།
རྣ་ཉན་གྱི་སྐད་སྒྲ་ཆེ་ཆུང་ཇི་ལྟར་དོ་དམ་བྱེད་དགོས། མི་གཞན་གྱིས་ཁྱེད་ལ་ཁ་པར་གཏོང་བའི་སྐབས་སུ། ཁྱེད་ཀྱིས་ཁ་པར་དེ་ཐད་ཀར་ཇི་ལྟར་ལེན་དགོས། དྲི་བ་འདི་དག་ཚང་མའི་དྲིས་ལན་ཁག་ཚོད་འཛིན་གྱི་ཁོངས་སུ་འདུས་ཡོད། སྟབས་བདེ་པོའི་ཐོག་ནས་དོ་དམ་བྱེད་ཐུབ་པའི་རྣ་ཉན་རིགས་ཡག་པོ་ཡོད།
དེ་ན། ང་ཚོས་རྣ་ཉན་ཁག་ཅིག་གི་མི་འདྲ་ས་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྐོར་ལ་མཉམ་དུ་ལྟ།
སོ་ནེ་རྣ་ཉན SONY WF-1000XM4
སོ་ནེ་བཟོ་ལས་ཁང་གིས་བཟོས་པའི་རྣ་ཉན་འདི་འཛེར་སྒྲ་འགོག་མཁན་ཡག་ཤོས་ཀྱི་རྣ་ཉན་ཞིག་ཆགས་ཀྱི་ཡོད་ལ། རྣ་ཉན་འདིའི་ནང་གི་སྒྲའི་སྤུས་ཀའང་ལེགས། དེ་མ་ཟད། གློག་རྫས་རྒྱུན་རིང་པོ་འདང་གི་ཡོད།
བཟང་ཆ།
སྒྲའི་སྤུས་ཀ་ལེགས།
འཛེར་སྒྲ་འགོག
ཆུ་འགོག་ནུས་པIPX4
ཞན་ཆ།
རྣ་ཉན་བོངས་གཟུགས་ཆེ་དྲགས།
སྣེ་མང་པོར་འབྲེལ་མཐུད་བྱེད་ས་མེད།
BOSE རྣ་ཉན། (BOSE QUIETCOMFORT EARBUDS)
སོ་ནེ་བཟོ་ལས་ཁང་གིས་བཟོས་པའི་རྣ་ཉན་དང་ཆ་འདྲ་བར། རྣ་ཉན་འདི་ལའང་འཛེར་སྒྲ་མེད་པར་བཟོ་བའི་ཁྱད་ཆོས་ཡོད། རྣའི་ཐོག་ལ་གོན་དུས་ཧ་ཅང་སྟབས་བདེ་པོ་ཡོད།
བཟང་ཆ།
འཛེར་སྒྲ་མེད་པར་བཟོ་ཐབས་ཀྱི་རིམ་པ་མི་འདྲ་བ་༡༡་ཡོད།
རེག་ཐུག་གི་ཚོད་འཛིན་སྟབས་བདེ་པོ་ཡོད།
གློག་རྫས་རྒྱུན་རིང་པོ་འདང་།
རྣ་ལ་བདེ་པོ་ཡོད།
ཞན་ཆ།
བོངས་གཟུགས་ཅུང་ཙམ་ཆེ།
གོང་ཅུང་ཙམ་ཆེ་དྲགས།
ཀུ་ཤུའི་རྣ་ཉན། (APPLE AIRPODS PRO)
ཀུ་ཤུ་བཟོ་ཚོང་ཁང་གི་རྣ་ཉན་འདིའི་ཆེ་ཆུང་ལ་འགྱུར་བ་བཏང་ཡོད་པ་མ་ཟད། འཛེར་སྒྲ་འགོག་པ་དང་། སྐུད་མེད་ཀྱི་ལམ་ནས་གློག་གསོག་ཐུབ་པའི་ཁྱད་ཆོས་གསར་པ་ཁག་ཅིག་ཁ་སྣོན་བྱས་ཡོད། རྣ་ཉན་འདིའི་སྐད་སྦུག་གི་སྤུས་ཀ་ཧ་ཅང་བཟང་བས། མི་གཞན་ལ་ཁ་བརྡ་བྱེད་པའམ། སྒྲ་ཕབ་པའི་སྐབས་སུ་སྐད་དག་མོ་དང་གསལ་པོ་ཡོད།
བཟང་ཆ།
སྐད་སྒྲའི་སྤུས་ཀ་ཧ་ཅང་བཟང་།
གློག་རྫས་རྒྱུན་རིང་པོར་འདང་།
རྔུལ་ཆུ་འགོག་པའི་ཁྱད་ཆོས IPX-4
སྟབས་བདེའི་གློག་གསོག་ཆས་ཤིག་མཉམ་དུ་ཡོད།
འཛེར་སྒྲ་འགོག་པའི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཡོད།
ཞན་ཆ།
གོང་ཚད་མཐོ།
རྣ་ཉན་ལ་སྦྲེལ་ཆོག་པའི་བཀོལ་ཆས་གསར་གཏོད་བྱས་མེད།
སེན་ཧེ་ཟར་རྣ་ཉན།(MOMENTUM TRUE WIRELESS 2)
འཇར་མན་གྱི་སེན་ཧེ་ཟར་རྣ་ཉནMOMENTUM TRUE WIRELESS 2་གྱི་གློག་རྫས་ཀྱི་འདང་ཚད་ཡར་རྒྱས་བཏང་ཡོད་ལ། སྐད་སྒྲའི་སྤུས་ཀའང་བཟང་།
བཟང་ཆ།
སྦུག་སྒྲ་ཧ་ཅང་ལེགས།
ཇུས་འགོད་ཧ་ཅང་ལེགས།
ཚོད་འཛིན་བྱེད་བདེ་པོ་ཡོད།
རང་འགུལ་གྱི་ཐོག་ནས་འཛེར་སྒྲ་མེད་པར་བཟོ་བའི་ཁྱད་ཆོས་ཅུང་ཟད་ལེགས།
ཞན་ཆ།
སྐུད་མེད་ཀྱི་གློག་གསོག་ཆས་མེད།
དུས་གཅིག་ལ་ཁ་པར་རམ་རྩིས་འཕྲུལ་གཅིག་རང་ལ་མ་གཏོགས་མཐུད་མི་ཐུབ།
***གསལ་བཤད། རྒྱལ་སྤྱིའི་དཔལ་འབྱོར་དང་ཁྲོམ་རའི་གནས་བབ་ཀྱི་དབང་གིས། གོང་གི་རྣ་ཉན་འདི་དག་གི་རིན་གོང་ལ་འགྱུར་བ་འགྲོ་སྲིད།




