Samsung Galaxy S21 Ultra 5G

ཁ་པར་གྱི་འཆར་ངོས་ཆེན་པོ་ལ་དགའ་མཁན་ཞིག་ཡིན་ན། སེམས་སོང་ཁ་པར་འདི་ནི་ཁྱེད་ལ་དགོས་པ་དེ་ཡིན། གང་ཡིན་ཞེ་ན། ཁ་པར་འདི་ནི། སྤྱི་ལོ་༢༠༢༡་ལོར་འདོན་སྤེལ་བྱས་པའི་ཨན་ཌོ་ཁ་པར་ཚང་མའི་གྲས་ཀྱི་ཁ་པར་ཡག་ཤོས་ཅིག་ཆགས་ཀྱི་ཡོད། ཁ་པར་འདི་ལ་ཡོད་པའི་ཁྱད་ཆོས་དམིགས་བསལ་ཞིག་ནི། ཁ་པར་སྟེང་གི་མདུན་རྒྱབ་ཀྱི་པར་ཆས་གཉིས་ཀ་དུས་མཉམ་དུ་བཀོལ་སྤྱོད་བྱས་ཏེ་བརྙན་ལེན་ཐུབ་ཀྱི་ཡོད་པ་དེ་ཡིན་ལ། རྒྱང་རིང་གི་ཡུལ་ལྗོངས་དང་ཅ་ལག་སོགས་མདུན་ལ་ཤུགས་ཆེར་འཐེན་ཐུབ་པ་གང་ཞིག་ལ། པར་གྱི་སྤུས་ཚད་ཞན་དུ་མི་འགྲོ་བ་དེའང་མི་ཚོས་དགའ་མོས་བྱ་སའི་ཁ་པར་འདིའི་ཁྱད་ཆོས་གཞན་ཞིག་ཡིན། 

(པར་དབང་: © Future)

དེ་མ་ཟད། ཁ་པར་འདིའི་སྟེང་དུ། འཛད་སྤྱོད་པས་སེམས་སོང་ཚང་གིས་བཟོས་པའི་S Pen་གློག་སྙུག་ཡང་བཀོལ་སྤྱོད་བྱེད་ཆོག་གི་ཡོད། ཁ་པར་འདིའི་རྒྱབ་ངོས་ཤེལ་གྱིས་བཟོས་ཡོད་ལ། ཁ་པར་གྱི་བོངས་ཚད་ཏོག་ཙམ་ཆེན་པོ་ཡོད་སྟབས། ཁ་པར་བཀོལ་སྤྱོད་ཡག་པོ་བྱེད་པ་ལ། ལག་པ་གཉིས་ཀ་དགོས་ཀྱི་ཡོད། འདི་ནི་སྐྱོན་ཆ་ཞིག་ཡིན་ལ། བཟང་ཆ་ཞིག་ཀྱང་ཡིན། བོངས་ཚད་ཆེ་དྲགས་ན། ཁ་པར་སྤྱོད་བདེ་པོ་མེད་ཀྱང་། ཁ་པར་ནང་ནས་གློག་བརྙན་སོགས་ལ་ལྟ་དུས་སྤྲོ་སྣང་དོད་པོ་ཡོད། 

(པར་དབང་: © Future)


སེམས་སོང་ཁ་པར་འདིའི་ནང་ནས་བླངས་པའི་པར་གྱི་སྤུས་ཀ་དེ་ཀུ་ཤུ་ཁ་པར་ཐོན་  iPhone 12 Pro Max དང་ཞིབ་ཏུ་བསྡུར་ན། ཅུང་ཞན་པོ་ཡོད་པ་འཛད་སྤྱོད་པ་མང་པོ་ཞིག་གིས་དོ་སྣང་བྱུང་ཡོད། ཁ་པར་འདིའི་པར་ཆས་ཀྱི་ཁྱད་ཆོས་གཞན་ཞིག་ནི། ཁྱེད་རང་ཐང་བདེ་པོ་མེད་ས་རུ། གོམ་པ་མགྱོགས་པོ་བརྒྱབ་ནས་འགྲོ་བའི་སྐབས་སུའང་། འདར་མེད་པའི་པར་སྤུས་དག་ལེན་ཐུབ་ཀྱི་ཡོད་པ་དེ་ཡིན། ཁ་པར་འདིའི་གློག་རྫས་ཀྱི་འདང་ཚད་ནི་ཆུ་ཚོད་11.5་ཡིན་པས། 5G་ཁ་པར་ཞིག་ལ་མཚོན་ན། གློག་གི་འདང་ཚད་དེ་ཅིས་ཀྱང་བསྟོད་པར་འོས་སོ།།

ཁྱད་ཆོས་ཁགགསལ་བཤད།
རིན་གོང་།དམངས་སྒོར། ༦༦༦༩ ནས ༩༣༣༧་བར།
ཐོན་རིམ། Galaxy S21 Ultra 5G
ཉེར་སྤྱོད་མ་ལགAndroid 11
འཆར་ངོས།6.8 inches Dynamic AMOLED 2X Display
ནང་གསོག་གི་ཤོང་ཚད།128GB / 256GB / 512GB
ས་རྡུལ་དང་ཆུ་འགོག་ནུས་པ།
IP68 གཏིང་ཚད་རྨིད་1.5 ཡོད་པའི་ཆུ་ནང་དུ་སྐར་མ་༣༠་ལ་གནས་ཐུབ།
ཁ་པར་གྱི་ཆེ་ཆུང་།165.1 x 75.6 x 8.9 mm (6.5 x 2.98 x 0.35 in)
གློག་རྫས།5000 mAh

བཟང་ཆ།

༡ ༽ འཆར་ངོས་ཆེ་བ།

༢ ༽ མདུན་རྒྱབ་ཀྱི་པར་ཆས་དུས་མཉམ་དུ་བཀོལ་ཐུབ་པ།

༣ ༽ གློག་རྫས་ཡུན་རིང་པོར་འདང་བ།

༤ ༽ S Pen གློག་སྨྱུག་བཀོལ་ཆོག་པ།

ཞན་ཆ།

༡ ༽ རིན་གོང་ཆེ་བ།

༢ ༽ གློག་གསོག་སྤྱད་དང་གསོག་བྱང(SD Card)་མེད་པ།

༣ ༽ ཁ་པར་གྱི་བོངས་ཚད་ཆེ་དྲགས་པ།

༤ ༽ ལྗིད་དྲགས་པ།

Leave a Reply

Your email address will not be published. Required fields are marked *