གཞི་གྲངས་ཀྱི་གསང་རྒྱ་ཟེར་བའི་སྐབས་སུ། མི་ཞིག་གིས་རང་ཉིད་སྐོར་གྱི་གནས་ཚུལ་ག་ཚོད་ཅིག མི་གཞན་ལ་ག་དུས་བརྒྱུད་སྤེལ་དང་། ཇི་ལྟར་བརྒྱུད་སྤེལ་བྱེད་མིན་ཐག་གཅོད་བྱེད་པའི་ནུས་པ་ལ་ཟེར། སྒེར་གྱི་གནས་ཚུལ་ཟེར་དུས། མི་ཞིག་གི་མིང་དང་། ཁ་པར་ཨང་གྲངས། སྡོད་གནས། འབྲེལ་གཏུག་ཁ་བྱང་སོགས་གང་ཡང་ཡིན་ཆོག མི་ཞིག་གིས་མི་གཞན་ཞིག་སོ་སོའི་སྒེར་གྱི་ཁ་བརྡ་བྱ་སའི་ཚོགས་པ་ཞིག་གི་ནང་ནས་སྒོར་ཕུད་པ་བཞིན། དྲ་ལམ་གྱི་འཛད་སྤྱོད་པ་ཚོས་རང་ཉིད་སྒེར་གྱི་གཞི་གྲངས་མི་གཞན་གྱིས་བསྡུ་རུབ་བྱེད་ཀྱི་ཡོད་པ་དེ་ཚོད་འཛིན་དང་བཀག་འགོག་བྱེད་འདོད་ཡོད།
དྲ་རྒྱའི་སྤྱོད་སྒོ་ཆེ་རུ་ཕྱིན་པ་དང་ལྷན་དུ། གཞི་གྲངས་ཀྱི་གསང་རྒྱ་ཡང་གལ་ཆེན་དུ་གྱུར་ཡོད། དྲ་ཚིགས་དང་། བཀོལ་ཆས། སྤྱི་ཚོགས་འབྲེལ་མཐུད་དྲ་བ་ཁག་གིས་འཛད་སྤྱོད་པར་ཞབས་ཞུ་སྣ་མང་མཁོ་སྤྲོད་བྱེད་པའི་ཆེད་དུ། མི་སྒེར་གྱི་གཞི་གྲངས་བསྡུ་རུབ་དང་ཉར་ཚགས་བྱེད་ཀྱི་ཡོད།
གཞི་གྲངས་ཀྱི་གསང་རྒྱ་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་གང་ཡིན།
མི་ཚོས་དྲ་རྒྱ་བཀོལ་སྤྱོད་བྱེད་འདོད་པའི་དབང་དུ་བཏང་ན། དྲ་བའི་ཞབས་ཞུ་མཁོ་སྤྲོད་མཁན་གྱིས་མི་སྒེར་གྱི་གཞི་གྲངས་དོ་དམ་ཡག་པོ་བྱེད་ཀྱི་ཡོད་པར་ང་ཚོས་ཡིད་ཆེས་བྱེད་ཐུབ་དགོས། སྒྲིག་འཛུགས་ཁག་གིས་གཞི་གྲངས་སྲུང་སྐྱོབ་ཀྱི་ལག་ལེན་ཁག་སྤྱད་དེ་འཛད་སྤྱོད་པ་ཚོར་ཁོང་ཚོའི་ངོས་ནས་མི་སྒེར་གྱི་གཞི་གྲངས་དོ་དམ་ཡག་པོ་བྱེད་ཀྱི་ཡོད་སྟབས། ཁོང་ཚོར་ཡིད་ཆེས་བྱས་ན་ཆོག་པའི་གནས་ཚུལ་གསལ་སྟོན་བྱེད་ཀྱི་ཡོད།
མི་སྒེར་གྱི་གཞི་གྲངས་ཁག་སྒེར་གྱི་ངོ་བོའི་ཐོག་ཉར་ཚགས་མ་བྱས་པའམ། མི་ཞིག་ལ་སོ་སོའི་རང་ཉིད་ཀྱི་གཞི་གྲངས་དང་གནས་ཚུལ་ཚོད་འཛིན་བྱེད་པའི་ནུས་པ་མེད་ཚེ། གཞི་གྲངས་དེ་དག་མི་གཞན་པ་དང་། ཚོང་ལས་སྡེ་ཁག འབྲེལ་ཡོད་སྲིད་གཞུང་སོགས་ཀྱིས་ལམ་ཁ་འདྲ་མིན་བརྒྱུད་དེ་བཀོལ་སྤྱོད་ལོག་པ་བྱེད་ཐུབ་ཀྱི་ཡོད།
ཉེས་ཅན་པས་མི་སྒེར་གྱི་གཞི་གྲངས་བེད་སྤྱད་དེ་གཞན་ལ་འཇིགས་སྐུལ་དང་སུན་གཙེར་བྱེད་སྲིད་ལ།
ཚོགས་པ་སྒྲིག་འཛུགས་ཁག་གིས་མི་སྒེར་གྱི་གཞི་གྲངས་ཁག་འཛད་སྤྱོད་པའི་མོས་མཐུན་མེད་པའི་ཐོག་ནས་ཁྱབ་བསྒྲགས་གཏོང་མཁན་གྱི་ཚོང་ལས་སྡེ་ཁག་དང་ཕྱོགས་གསུམ་པར་བཙོང་ངེས་ལ། དེ་ལྟར་བྱས་ཚེ། འཛད་སྤྱོད་པ་ཚོར་ཉིན་རེར་འབྲེལ་མེད་ཀྱི་ཁྱབ་བསྒྲགས་མང་པོ་འབྱོར་ངེས།
མི་ཞིག་གི་དྲ་ལམ་གྱི་བྱེད་སྒོ་ཁག་རྗེས་འདེད་དང་ཚོད་འཛིན་བྱས་ཚེ། དེས་མི་ཚོས་རང་དབང་གི་སྒོ་ནས་སོ་སོའི་བསམ་ཚུལ་ངོ་མ་བརྗོད་པའི་ནུས་པ་འབུར་འཇོམས་བྱེད་ངེས།