Oppo A74 5G ཁ་པར་ནི། རིན་གོང་མི་མཐོ་བའི་5G དྲ་བ་རྒྱབ་སྐྱོར་བྱེད་མཁན་གྱི་ཨན་ཌོ་ཁ་པར་ཐོན་གསར་པ་ཞིག་ཡིན་ལ། ཁ་པར་འདིའི་ནང་དུ་ཉིན་མོའི་དུས་སུ་བླངས་པའི་པར་གྱི་སྤུས་ཚད་ལེགས་ཀྱང་། ཉི་འོད་མེད་པའི་དུས་སུ་བླངས་པའི་པར་གྱི་སྤུས་ཚད་ཞན་པོ་ཡོད་པ་དེས་འཛད་སྤྱོད་པ་མང་པོ་ཞིག་སེམས་ཤུགས་ཆགས་སུ་བཅུག་ཡོད། དེར་བརྟེན། པར་ཆས་གཅིག་པུའི་ངོས་ཐད་ནས་བཤད་ན། ཁ་པར་ཐོན་གསར་པ་འདི་ལ་དམིགས་བསལ་གྱི་ཡར་རྒྱས་ཆེན་པོ་གང་ཡང་བཏང་མེད། ཁ་པར་འདིའི་རིན་གོང་གཅིག་པ་ཡིན་པའི་4G ཁ་པར་ཁ་ཤས་ཀྱི་པར་ཆས་ཁ་པར་འདིའི་པར་ཆས་ལས་ལེགས་པ་ཡོོད།

Oppo A74 ཁ་པར་ཐོན་གསར་པ་འདི་ཨོ་ཕོ་Oppo A54་དང་ཧ་ཅང་འདྲ་བོ་ཡོད། ཁ་པར་ཐོན་གསར་རྙིང་འདི་གཉིས་ཀྱི་མི་འདྲ་ས་གཙོ་བོ་ནི། Oppo A74 ཡི་སྐབས་བསྟུན་གསོག་ཆས (RAM ) ༥༠%ཆེ་བ་ཡོད་པ་མ་ཟད། གསོག་བྱང་གི་ཆེ་ཆུང་ཡང་ལྡབ་གཅིག་གི་ཆེ་བ་ཡོད། ཁ་པར་འདིའི་གསོག་བྱང་གི་ཆེ་ཆུང་ལ་128GB ཡོད་པ་དེ་ནི། ཁ་པར་འདིའི་ཁྱད་ཆོས་གཙོ་བོ་དེ་ཡིན།

ཁ་པར་གྱི་རྒྱབ་དང་ཟུར་ངོས་སོགས་འགྱིག་གིས་བཟོས་ཡོད་ལ། ཚོན་མདོག་ནག་པོ་དང་དངུལ་མདོག་གཉིས་ཡོད། ཁ་པར་འདིར་སྐད་སྦུག་གཅིག་ལས་མེད་ལ།4G ཁ་པར་ཁ་ཤས་ཀྱི་་སྐད་སྦུག་འདི་ལས་བཟང་བ་ཡོད། ཉེ་ལམ་གྱི་ཁ་པར་མང་པོའི་མཛུབ་རིས་བཤེར་ཆས་དེ་ཁ་པར་གྱི་མདུན་ངོས་སུ་ཡོད་ཀྱང་།Oppo A74 5G ཡི་མཛུབ་རིས་བཤེར་ཆས་དེ་ཁ་པར་གྱི་ཟུར་ངོས་ལ་ཡོད། ཁ་པར་འདི་མིག་གིས་བལྟས་ན་དང་ལག་པས་བཟུང་ན་ཧ་ཅང་སྤྲོ་སྣང་དོད་པོ་ཡོད། འོན་ཀྱང་། ཁ་པར་འདི་ལ་ཆུ་འགོག་གི་ནུས་པ་མེད།

- ཉེར་སྤྱོད་མ་ལག ཨན་ཌོ་མ་ལག་ཐོན་༡༡་དངཨོ་ཕོ་བཟོ་ཚོང་ཁང་གི་ColorOS 11 མ་ལག་གཉིས་ཀ་བཀོལ་གྱི་ཡོད།
- ཁ་པར་གྱི་ཆེ་ཆུང་། ལི་རྨིད 162.9 x 74.7 x 8.4mm ཡོད།
- འཆར་ངོས། 6.5-inch 1080 x 2400 IPS LCD
- སྐབས་བསྟུན་གསོག་ཆས་ཀྱི་ཤོང་ཚད། 6GB ཡིན།
- གསོག་བྱང་གི་ཤོང་ཚད། 128GB ཡིན།
The Oppo A74 5G ཁ་པར་གྱི་རྒྱབ་ཏུ།པར་ཆས་བཞི་ཡོད་རུང་།པར་ཆས་གཉིས་ལ་དེ་ཙམ་གྱི་ནུས་པ་གང་ཡང་མེད་པས།པར་ཆས་གཉིས་མ་གཏོགས་མེད་པའི་ཁ་པར་དང་འདྲ་བོ་ཡོད། ཁ་པར་འདིའི་ནང་དུ་བླངས་པའི་བརྙན་ཡང་ཆེས་སྤྱིར་བཏང་ཙམ་ཡིན་པ་མ་གཏོགས། དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་དེ་འདྲ་གང་ཡང་མིན།མདུན་དུ་རང་ཉིད་པར་ལེན་འཕྲུལ་ཆས་གཅིག་ཡོད་ལ། དེའི་ཤུགས་ཚད་ནི 16 MP Oppo A74 ཁ་པར་་དང་ཨོ་ཕོ་Oppo A54་གཉིས་ཀྱི་ནང་དུ་བླངས་པའི་འདྲ་པར་གྱི་སྤུས་ཚད་ལ་དེ་ཙམ་ཁྱད་པར་མེད། སྤྱི་ཡོངས་ཀྱི་པར་ཆས་ཀྱི་ཤུགས་ཚད་ནི48MP ཡིན།

གློག་རྫས་ཀྱི་འདང་ཚད།
གློག་རྫས་ཀྱི་འདང་ཚད་འགྲིག་ཙམ་ཡིན། གློག་གསོག་གི་མྱུར་ཚད་མགྱོགས་པོ་ཡོད་ཚུལ་བརྗོད་ཀྱི་ཡོད་རུང་། དོན་དངོས་སུ་ཅུང་དལ་པོ་ཡོད། གློག་རྫས་འདང་ཚད་ཀྱི་ནུས་པ་ནི། 5,000mAh ཡིན། ཁྱེད་ཀྱིས་ཁ་པར་རྒྱུན་རིང་པོར་བཀོལ་སྤྱོད་མ་བྱས་ན། གློག་རྫས་ཉིན་གཉིས་ཙམ་ལ་འདང་ཐུབ།
མཇུག་སྡོམ།
གལ་ཏེ། ཁྱེད་ཀྱིས 5G དྲ་བ་རྒྱབ་སྐྱོར་བྱེད་མཁན་གྱི་ཁ་པར་གོང་བདེ་ཞིག་ཉོ་བསམ་ན། The Oppo A74 5G ཁ་པར་འདི་ཁྱེད་ལ་ཏག་ཏག་ཡིན། ཁ་པར་འདི་དེ་འདྲ་ཆེན་པོ་མེད་པས། ལག་ནང་ལ་འཛིན་དུས་བདེ་པོ་ཡོད། འོན་ཀྱང་།ཁྱེད་རང་ཁ་པར་ནང་ནས་བརྙན་དང་རྩེད་མོ་རྩེད་མཁན་ཞིག་ཡིན་ན། ཞའོ་མིས་ཁ་པར་གྱི་འཆར་ངོས་འདི་ལས་ཆེ་བ་ཡོད།
ཁྱེད་རང་ཁ་པར་ནང་དུ་པར་དང་བརྙན་མང་པོ་གསོག་མཁན་ཞིག་ཡིན་ན། ཁ་པར་འདི་ཧ་ཅང་ཡག་པོ་ཡོད། གང་ཡིན་ཞེ་ན། ཁ་པར་གཞན་དང་བསྡུར་ན། ཁ་པར་འདིའི་གསོག་བྱང་(128GB)ཧ་ཅང་ཆེ་བས། ཁ་པར་གྱི་ཤོང་ཚད་མི་འདང་བའི་དཀའ་ངལ་གང་ཡང་མེད་དོ།།