ཀུ་ཤུ་ཁ་པར་ཐོན་༡༣ཉོ་འདོད་དམ།

དེང་སང་དྲ་སྟེང་དུ། ཁྲོམ་རར་གསར་དུ་སླེབས་པའི་ཀུ་ཤུ་ཁ་པར་ཐོན་༡༣་སྐོར་ལ་གནས་ཚུལ་མང་པོ་ཞིག་ཐོན་གྱི་ཡོད་པ་བཞིན། འདིར་ཕྲན་གྱིས་ཁ་པར་གསར་པ་འདིའི་སྐོར་ལ་བསྐྱར་ཞིབ་ཐུང་ཐུང་ཞིག་འབྲི་འདོད་བྱུང་། དེ་ཡང་ཀུ་ཤུ་ཁ་པར་ཐོན་༡༣་པའི་འཆར་འགོད་ཀྱི་ཐད་ལ་འགྱུར་བ་བཏང་ཡོད་པ་མ་ཟད། ཁ་པར་གྱི་པར་ཆས་དང་གློག་རྫས་སོགས་ཀྱི་ནུས་ཤུགས་ཀྱང་ཆེ་རུ་བཏང་ཡོད་འདུག  ད་དུང་། འཛད་སྤྱོད་པ་ཚོའི་འདོད་མོས་བཞིན་ཁ་པར་གྱི་ཚོན་མདོག་ཀྱང་སྣ་མང་ཞིག་བཟོས་འདུག

ཁ་པར་འདོན་སྤེལ་གྱི་དུས་ཚེས།

ཀུ་ཤུ་བཟོ་ཚོང་ཁང་གཞུང་འབྲེལ་གྱི་ཐོག་ནས་ཀུ་ཤུ་ཁ་པར་ཐོན་༡༣་དེ་ཕྱི་ལོ་༢༠༢༡་ལོའི་ཟླ་༩་ཚེས་༢༤་ཉིན་འདོན་སྤེལ་བྱས་ཡོད། 

ཀུ་ཤུ་ཁ་པར་ཐོན་༡༣་ལ་རིགས་མི་འདྲ་བ་བཞི་ཡོད་དེ། དེ་དག་ནི། iPhone 13, iPhone 13 Mini, iPhone 13 Pro and iPhone 13 Pro Max བཅས་ཡིན་ལ། དེ་དག་གི་ཆུ་ཆུང་ཡང་མི་འདྲ།

ཁ་པར་གྱི་ཆེ་ཆུང་། 

  • iPhone 13 Mini: 5.4-inch
  • iPhone 13: 6.1-inch
  • iPhone 13 Pro: 6.1-inch
  • iPhone 13 Pro Max: 6.7-inch

ཁ་པར་གྱི་ཚོན་མདོག

iPhone 13 ལ་དངུལ་མདོག དམར་པོ། ནག་པོ། ཟིང་སྐྱ། སྔོན་པོ་བཅས་ཁ་དོག་མི་འདྲ་བ་༥་བཟོས་ཡོད། 

iPhone 13 Pro ལ་དངུལ་མདོག་དང་། གསེར་མདོག ནག་པོ། སྔོན་པོ་བཅས་ཁ་དོག་མི་འདྲ་བ་༤་བཟོས་ཡོད།

གློག་རྫས་ཀྱི་འདང་ཚད།

ཀུ་ཤུ་ཁ་པར་ཐོན་༡༣་པའི་གློག་རྫས་དེ་ཐོན་༡༢་དང་བསྡུར་ན། ཅུང་ཟད་ཡར་རྒྱས་བཏང་ཡོད་འདུག དཔེར་ན། ཁ་པར་ཐོན་༡༣་རིགས་མི་འདྲ་བ་བཞི་ཡོད་པ་དེ་དག་གི་གློག་རྫས་ཀྱི་འདང་ཚད་དེ་ 2,406-mAh ནས་4,325 mAh ཡིན་འདུག  དེ་བས་ཁ་པར་ཐོན་སྔོན་མ་ཁག་དང་བསྡུར་ན། སྤྱི་ཡོངས་ཀྱི་ཐོག་ནས་ཆུ་ཚོད་༢་ལྷག་ཙམ་གྱིས་མང་བ་འདང་གི་ཡོད། འོན་ཀྱང་། ཀུ་ཤུ་ཁ་པར་གྱི་གློག་རྫས་ཀྱི་འདང་ཚད་དེ་ཁ་པར་གཞན་དང་བསྡུར་ན། ད་དུང་རྗེས་ལུས་ཡིན། དཔེར་ན། དཔེར་ན། སེམས་སོང་ཁ་པར་ཐོན Samsung’s Galaxy S21 ཡི་གློག་རྫས་ཀྱི་འདང་ཚད་དེ་ 4,000 ནས་5,000 mAh བར་ཡིན།

ཤོང་ཚད། 

iPhone 13་ལ་ཤོང་ཚད་མི་འདྲ་བ་གསུམ་ཡོད་དེ། དེ་དག་ནི། 64GB, 128GB & 256GB་བཅས་ཡིན། 

13 Pro ལ་ཤོང་ཚད་མི་འདྲ་བ་བཞི་ཡོད་དེ། དེ་དག་ནི། 64GB, 128GB, 256GB &1TBབཅས་ཡིན། 

གློག་གསོག་ཆས།

ཀུ་ཤུ་ཁ་པར་ཐོན་༡༣་ཡང་ཐོན་༡༢་དང་འདྲ་བར། གློག་གསོག་བྱེད་ཀྱི་གློག་སྐུད་མ་གཏོགས་གློག་གསོག་ཆས་མཁོ་སྤྲོད་བྱེད་ཀྱི་མེད། ཁ་པར་གསར་པ་འདི་ལ་ཀུ་ཤུ་ཁ་པར་༡༢་ལྟར། སྐུད་མེད་ཀྱི་ལམ་ཁ་བརྒྱུད་དེ་གློག་གསོག་ཆོག་པའི་ཁྱད་ཆོས་ཡོད་པ་མ་ཟད། ཁ་པར་གཞན་པ་ཞིག་གི་ཐོག་ལ་བཞག་སྟེ། སྐུད་མེད་ཀྱི་ལམ་ནས་གློག་གསོག་ཐུབ་ཀྱི་ཡོད་འདུག འོན་ཀྱང་། ཁྱད་ཆོས་འདི་སེམས་སོང་དང་ཧྭ་ཝེ་ཁ་པར་ཁག་གི་ནང་དུ་སྔོན་མ་ནས་ཡོད་དོ།།

ཁ་པར་གྱི་གོང་ཚད།

iPhone 13 Mini: དམངས་སྒོར 5199 ནས་འགོ་འཛུགས་ཀྱི་འདུག

iPhone 13: དམངས་སྒོར 5999 ནས་འགོ་འཛུགས་ཀྱི་འདུག

iPhone 13 Pro: དམངས་སྒོར་7999 འགོ་འཛུགས་ཀྱི་འདུག

iPhone 13 Pro Max: དམངས་སྒོར 8999 འགོ་འཛུགས་ཀྱི་འདུག

བཟང་ཆ།

འཆར་ངོས་ཧ་ཅང་མཛེས་པོ་ཡོད་པ།

ཁ་པར་ཐོན་སྔོན་མ་ཁག་དང་བསྡུར་ན་གློག་རྫས་ཀྱི་འདང་ཚད་ཡར་རྒྱས་བཏང་ཡོད་པ།

IP68 ཆུ་འགོག་གི་ནུས་པ་ཆེན་པོ་ཡོད་པ།(གཏིང་ཚད་ལ་རྨིད་༦་ཙམ་གྱི་ཆུའི་ནང་དུ་ལྷུང་ནས་སྐར་མ་༣༠་ཙམ་འགོར་ན་སྐྱོན་མེད།)

པར་ཆས་ཀྱི་སྤུས་ཀ་ལེགས་པ། 

 Apple A15 Bionic ཐག་གཅོད་འཕྲུལ་ཆས་དབང་གིས། བྱེད་ལས་ཧ་ཅང་མགྱོགས་པོ་ཡོད་པ།

5G་བྱང་བུ་གཉིས་བཞག་ཆོག་པ་བཅས་སོ།།

ཞན་ཆ།

ཁ་པར་ཐོན་སྔོན་མ་དང་བསྡུར་ན། བཟོ་ལྟ་ལ་དེ་ཙམ་ཁྱད་པར་ཆེན་པོ་མེད་པ།

གློག་གསོག་ཆས་མེད་པ།

གློག་གསོག་གི་མགྱོགས་ཚད་དལ་བ་བཅས་སོ།།

Leave a Reply

Your email address will not be published. Required fields are marked *