ཀུ་ཤུ་ཁ་པར་ཐོན་༡༢་འམ། ཀུ་ཤུ་བཟོ་ཚོང་ཁང་གི་ཆེས་ཐོག་མའི་ 5G ཁ་པར་དེ་སྔོན་འགྲོའི་འཆར་གཞི་ལྟར་དུས་ཐོག་ཏུ་ཁྲོམ་རར་སླེབས་ཐུབ་མེད་ཀྱང་། ཕྱི་ལོ་༢༠༢༠་ལོའི་ཟླ་༡༠་ཚེས་༢༠་ནས་བཟུང་། དྲ་ཐོག་གི་སྔོན་འགྲོའི་ཚོང་འགྲེམས་དངོས་སུ་དབུ་འཛུགས་གནང་ཡོད། དུས་ད་ལྟའི་ཆར། རྒྱལ་ནང་གི་དྲ་ཐོག་ཁྲོམ་ར་ཁག་བརྒྱུད་དེ་ཀུ་ཤུ་ཁ་པར་ཐོན་༡༢་གྲངས་ས་ཡ་གསུམ་ཙམ་ཟུར་འཇོག་མངགས་ཉོ་བྱས་ཚར་ཡོད་འདུག
ཀུ་ཤུ་ཁ་པར་ཐོན་གསར་པ་འདི། 5G དྲ་བ་བཀོལ་ཐུབ་པའི་ཧྭ་ཝེ་དང་ཞའོ་མིས་བཟོ་ཚོང་ཁང་སོགས་ཀྱིས་ཨན་ཌོ་ཁ་པར་བཏོན་ཚར་བའི་རྗེས་སུ།མི་མང་པོས་ཡུན་རིང་རེ་སྒུག་བྱས་མཐར་ད་གཟོད་གཞི་ནས་ཕྱི་ལ་ཐོན་ཡོད།
ཀུ་ཤུ་བཟོ་ཚོང་ཁང་གིས་ཀུ་ཤུ་ཁ་པར་ཐོན་ 4s/5/5s བཅས་ཀྱི་བཟོ་ལྟ་དང་འཆར་འགོད་གཞི་ལ་བཞག་སྟེ། ཀུ་ཤུ་ཁ་པར་ཐོན་༡༢་པ་བཟོས་ཡོད་འདུག ཀུ་ཤུ་ཁ་པར་ཐོན་༡༢་(ལུས་རྩལ)་དེ་ཕྱི་ཤུན་ལྕགས་ཀྱི་བཟོས་ཡོད་པ་དང་། འཆར་ངོས་ཀྱི་ཆེ་ཆུང་ལ་ 6.1-inch ཙམ་ཡོད། ཀུ་ཤུ་བཟོ་ཚོང་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཀུ་ཤུ་ཁ་པར་༡༢་དེ་ཀུ་ཤུ་ཁ་པར་༡༡་དང་བསྡུར་ན། བརྒྱ་ཆ་༡༥་ཡི་ཆུང་བ་ཡོད་ལ། བརྒྱ་ཆ་༡༡་གི་སྲབ་པ་མ་ཟད།བརྒྱ་ཆ་༡༦་གི་ཡང་བ་ཡོད།
ཁྱད་ཆོས་གཙོ་བོ་ཁག
ཀུ་ཤུ་ཁ་པར་༡༢་པ་དང་༡༢ Pro གཉིས་ཀྱི་རིན་གོང་ལ་ཧེ་བག་ཆེན་པོ་ཡོད་རུང་། ཁ་པར་འདི་གཉིས་ཀྱི་ཁྱད་ཆོས་ལ་ཁྱད་པར་དེ་ཙམ་མེད། ཀུ་ཤུ་ཁ་པར་༡༢ Pro་ལ་མདོ་རིང་པར་མིག་འཕར་མ་ཞིག་ཡོད་ལ། སྐབས་བསྟུན་གསོག་ཆས་ཀྱི་ཤོང་ཚད་GB༦་ཡིན་པ་མ་ཟད།
ཁ་པར་གྱི་ཕྱི་ཐུམ་བཙའ་མི་རྒྱག་པའི་ངར་ལྕགས་ཀྱིས་བཟོས་ཡོད།
