གསང་སྡོམ་གྱི་གལ་ཆེའི་རང་བཞིན།

དེང་སང་ང་ཚོས་བཀོལ་སྤྱོད་བྱེད་བཞིན་པའི་ཡོ་ཆས་ཁག་གིས་བྱེད་ལས་སྣ་ཚོགས་རྩོམ་ཐུབ་ཀྱི་ཡོད་པས། སྒེར་གྱི་གནས་ཚུལ་རིགས་བརྟན་པོའི་སྒོ་ནས་དང་བགོ་འགྲེམས་དང་ཉར་ཚགས་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ལ། གསང་སྡོམ་གྱི་ཁྱད་ཆོས་བཀོལ་སྤྱོད་བྱས་པ་ཡིན་ན། དེས་འཕྲིན་ཐུང་གཏོང་བ་དང་། ཁ་པར་དང་རྩིས་འཕྲུལ་གྱི་ནང་དུ་ཡིག་ཆ་ཉར་ཚགས་བྱེད་པ། དྲ་ཐོག་གི་དངུལ་ཁང་གི་ཞབས་ཞུ་བཀོལ་སྤྱོད་བྱེད་པ་སོགས། ཁྱེད་རང་གིས་བགོ་འགྲེམས་དང་ཉར་ཚགས་བྱས་པའི་གནས་ཚུལ་རིགས་སྲུང་སྐྱོབ་བྱེད་པར་རོགས་པ་བྱེད་ཀྱི་ཡོད། གཅིག་བྱས་ན་ཁྱེད་ཀྱིས་ཤེས་ཀྱི་མེད་སྲིད། དེང་སང་གི་དྲ་ཐོག་གི་བྱེད་སྒོ་ཕལ་ཆེ་བ་དྲ་ལམ་གྱི་ཞབས་ཞུ་མཁོ་སྤྲོད་བྱེད་མཁན་གྱི་བཟོ་ཚོང་ཁང་གིས་སྔོན་ཚུད་ནས་གསང་སྡོམ་བྱས་ཡོད།

གསང་སྡོམ་གྱིས་བྱེད་ལས་ཇི་ལྟར་རྩོམ་གྱི་ཡོད་དམ། 

གསང་སྡོམ་ནི། ནམ་རྒྱུན་མི་ཚང་མས་ཀློག་ཐུབ་པའི་ཡི་གེ་ཞིག་གསང་བའི་ངོ་བོར་བསྒྱུར་བའི་བརྒྱུད་རིམ་ཞིག་ལ་ཟེར་ལ། གཏང་ཡུལ་གྱི་མི་དེ་ཁོ་ནས་གསང་བའི་ལྡེ་མིག་བེད་སྤྱད་དེ། གསང་གྲོལ་བྱས་རྗེས་ཡི་གེའི་ནང་དོན་ལྟ་ཀློག་བྱེད་ཐུབ་ཀྱི་ཡོད།

ནམ་རྒྱུན་གྱི་ཡི་གེ: Hello Tashi La,

གསང་སྡོམ་བྱས་ཚར་རྗེས་ཀྱི་ཡི་གེ: GDKKN SZRGH KZ

 

གསང་སྡོམ་ག་རེ་བྱས་ནས་གལ་ཆེན་པོ་ཆགས་ཀྱི་ཡོད། 

དེང་སང་ང་ཚོས་དྲ་ཐོག་ཏུ་དུས་ཚོད་མང་པོ་གཏོང་གི་ཡོད་ལ། མི་སྒེར་ལ་འཕྲིན་ཐུང་གཏོང་བ་དང་། དངུལ་ཁང་གི་ལས་ཀ་སྒྲུབ་པ།་དྲ་ཐོག་གི་ཚོགས་འདུ་ལ་ཞུགས་པ། དྲ་ཐོག་ནས་ཅ་ལག་སོགས་བྱེད་སྒོ་སྣ་ཚོགས་པ་ཞིག་དྲ་ཐོག་ནས་སྒྲུབ་ཀྱི་ཡོད་སྟབས། དྲ་རྒྱ་དེ་ང་ཚོའི་འཚོ་བའི་ཆ་ཤས་གལ་ཆེན་ཞིག་ཆགས་ཡོད།  དེར་བརྟེན། དྲ་ཐོག་ཏུ་གསང་སྡོམ་གྱི་ཁྱད་ཆོས་བཀོལ་སྤྱོད་བྱེད་རྒྱུ་དང་། གསང་སྡོམ་གྱི་ཁྱད་ཆོས་མཁོ་སྤྲོད་བྱེད་མཁན་གྱི་མཉེན་ཆས་ཁག་བཀོལ་སྤྱོད་བྱས་ཏེ། རང་ཉིད་ཀྱི་གཞི་གྲངས་དང་ཡིག་ཆ་སོགས་སྲུང་སྐྱོབ་བྱེད་རྒྱུ་ཧ་ཅང་གལ་ཆེ།  དཔེར་ན། གྲོགས་པོ་ཕན་ཚུན་བར་ལ་ཁ་བརྡ་གླེང་མོལ་བྱེད་པའི་སྐབས་སུ། གསང་སྡོམ་གྱི་ཁྱད་ཆོས་ཡོད་པའི་བརྡ་རྟགས་དང་འཛོམས་བཀོལ་ཆས་སོགས་བཀོལ་སྤྱོད་བྱེད་རྒྱུ་དང་། དེ་བཞིན།  HTTPS ཡོད་པའི་དྲ་ཚིགས་ཁག་ཁོ་ནར་མྱུལ་རྒྱུ་དེ་རང་ཉིད་སྲུང་སྐྱོབ་བྱེད་ཐབས་ཀྱི་གོམ་པ་དང་པོ་དེ་ཡིན།  དེ་མ་གཏོགས། ཁྱེད་རང་གི་གནས་ཚུལ་རིགས་མི་གཞན་པའི་ལག་ཏུ་ཤོར་ཚེ། དེས་ཁྱེད་ལ་བློ་ཡུལ་ལ་ཤོང་དཀའ་བའི་མཇུག་འབྲས་ངན་པ་བསྐྱེད་སྲིད།

 

Leave a Reply

Your email address will not be published. Required fields are marked *