སྤྱིར་བཏང་གི་ཆ་ནས། ཀུ་ཤུ་ཁ་པར་ཐོན་གསར་པ་ཚང་མ་ལོ་རེའི་ཟླ་༩་པའི་ནང་དུ་འདོན་སྤེལ་བྱེད་ཀྱི་ཡོད་རུང་། ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས། ལོ་འདིའི་ཀུ་ཤུ་ཁ་པར་ཐོན་གསར་པ་འདོན་སྤེལ་བྱེད་རྒྱུ་ཕར་འགྱངས་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད། འོན་ཀྱང་། དྲ་ཐོག་ཏུ་ཁྲོམ་རར་སླེབས་མེད་པའི་ཀུ་ཤུ་ཁ་པར་ཐོན་གསར་པའི་སྐོར་ལ་དཀྲོག་གཏམ་མང་པོ་ཞིག་ཁྱབ་བཞིན་ཡོད། དྲ་ཐོག་གི་ཁུངས་ལྡན་གྱི་གནས་ཚུལ་ལ་གཞིར་བཞག་ན། ཀུ་ཤུ་ཁ་པར་ཐོན་༡༢་པ་དེ་ཟླ་༡༠་པའི་ནང་འདོན་སྤེལ་བྱེད་རྒྱུ་རེད་འདུག་ལ། ཁ་པར་ཐོན་༡༢་ལ་རིགས་མི་འདྲ་བ་༤་ཡོད་ཚོད་འདུག གནས་ཚུལ་འདི་ཀུ་ཤུ་ཁ་པར་བཟོ་ཚོང་ཁང་རང་ནས་གསང་བ་ཕྱི་ལ་ཤོར་བ་ཞིག་ཡིན་འདུག་པས། གནས་ཚུལ་འདི་ངོ་མ་བདེན་པ་ཡིན་སྲིད།
འདྲ་པར་གྱི་ཡོངས་ཁུངས།EverythingApplePro
ཀུ་ཤུ་ཁ་པར་ཐོན་༡༢་པའི་སྐོར་གྱི་གསང་བ་ཕྱི་ལ་སྒྲོག་མཁན་དང་འཕྲུལ་རིག་དབྱེ་ཞིབ་པ་ཇོན་ཕུ་རོ་སིར(Jon Prosser)ལགས་ཀྱིས་བརྗོད་ན། ཀུ་ཤུ་བཟོ་ཚོང་ཁང་གིས་ཟླ་༡༠་པའི་ནང་དུ་ཁ་པར་ཐོན་གསར་པ་མི་འདྲ་བ་༤་འདོན་སྤེལ་བྱེད་རྒྱུ་རེད་ཟེར། དེ་དག་ནི། ཆེ་ཆུང་ལ་5.4-inch ཡོད་པའི iPhone 12 དང་། 6.1-inch ཅན་གྱི་iPhone 12 Max 6.1-inch ཅན་གྱི་ iPhone 12Pro དེ་ནས། 6.7-inch ཅན་གྱི་iPhone 12 Pro Max བཅས་སོ།།
འདྲ་པར་གྱི་ཡོངས་ཁུངས། Phonandroid
ཁྱད་ཆོས་ཁག
ཀུ་ཤུ་ཁ་པར་༡༢་ཡི་ཕྱི་ཐུམ་ཧ་ཡང་གིས་བཟོས་ཡོད་ཚོད་འདུག་ལ། ཀུ་ཤུ་ཁ་པར་༡༢Pro་ཡི་ཕྱི་ཐུམ་བཙའ་མི་རྒྱག་པའི་ངར་ལྕགས་ཀྱིས་བཟོས་ཡོད་འདུག དེ་མ་ཟད། བཤད་ཚུལ་ལྟར་ན། ཀུ་ཤུ་ཁ་པར་༡༢ དེ་ཀུ་ཤུ་བཟོ་ཚོང་ཁང་གིས་བཟོས་པའི་5Gཁ་པར་ཐོག་མ་དེ་ཡིན་འདུག ཀུ་ཤུ་བཟོ་ཚོང་ཁང་གིས་ཀུ་ཤུ་ཁ་པར་ཐོན་གསར་པའི་ནང་གི་སྒྲིག་གཅོད་ཆས་ཆུང་དུ་གཏོང་འཆར་ཡོད་པ་དེས། ཁ་པར་གྱི་བྱེད་ལས་ཀྱི་ནུས་པ་གོང་མཐོར་གཏོང་ངེས་བའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག
འདྲ་པར་གྱི་ཡོངས་ཁུངས། : PhoneArena
ཐོན་ལ་ཉེ་བའི་ཁ་པར་གསར་པའི་ནང་གི་གསར་གཏོད་ཀྱི་ཆ་གཅིག་ནི། 3D པར་ཆས་ཡིན་འདུག
ཤོང་ཚད།
འཕྲུལ་རིག་དབྱེ་ཞིབ་པ་ཇོན་ཕུ་རོ་སིར(Jon Prosser)ལགས་ཀྱིས་ཐོན་ལ་ཉེ་བའི་ཀུ་ཤུ་ཁ་པར་༡༢་པའི་མཁྲེགས་ཆས་སྐོར་གྱི་བརྙན་ཐུང་ཞིག་YouTube དྲ་ངོས་ལ་བཞག་ཡོད་པ་དེར་མི་མང་འབུམ་ཕྲག་མང་པོས་དོ་སྣང་བྱས་ཡོད། ཁོས་བཤད་ཚུལ་ལྟར་ན། ཀུ་ཤུ་ཁ་པར་ཐོན་༡༢་པའི་སྐབས་བསྟུན་གསོག་ཆས་ཀྱི་ཤོང་ཚད་4GB་དང་། ཁ་པར་གྱི་ཀླད་པའི་ཤོང་ཚད128GB དང་256GB ཡོད་འདུག འོན་ཀྱང་། ཀུ་ཤུ་ཁ་པར12 Pro དང་ 12 Pro Max ཡི་སྐབས་བསྟུན་གསོག་ཆས་ཀྱི་ཤོང་ཚད6GB དང་། ཁ་པར་གྱི་ཀླད་པའི་ཤོང་ཚད128GB དང་256GB 512GB བཅས་མི་འདྲ་བ་གསུམ་ཡོད་འདུག
གོང་ཚད།




