སྐར་ཁུང་གློག་ཀླད་ནང་གི་ཉེན་འགོག་ལྕགས་རི།
ཉེན་འགོག་ལྕགས་རི་ནི། ཁྱེད་ཀྱི་གློག་ཀླད་ལ་གནོད་སྐྱེལ་སྲིད་པའི་དོགས་གཞི་ཅན་གྱི་དྲ་བའི་འབྲེལ་མཐུད་ཀྱི་བཞུར་རྒྱུན་འགོག་བྱེད་ཀྱི་ཡོ་ཆས་ཤིག་ཡིན། ཁྱེད་རང་བདེ་འཇགས་ངང་གནས་དགོས་ཚེ། སྐར་ཁུང་གློག་ཀླད་ནང་གི་ཉེན་འགོག་ལྕགས་རི་ནུས་ཡོད་བཟོས་ཏེ། དོགས་གཞི་ཅན་གྱི་དྲ་བའི་འབྲེལ་མཐུད་བཀག་འགོག་བྱེད་དགོས། སྐར་ཁུང་གློག་ཀླད་ཀྱི་ཉེར་སྤྱོད་མ་ལག་ཐོན་༡༠་པའི་ནང་དུ། སྐར་ཁུང་གི་ཉེན་འགོག་ལྕགས་རི་ལ། སྐར་ཁུང་སྲུང་སྐྱོབ་བྱེད་མཁན་གྱི་ཉེན་འགོག་ལྕགས་རི་(Windows Defender Firewall)ཞེས་འབོད་ཀྱི་ཡོད།
ད་ལྟའི་ཆར་དྲ་སྦྲེལ་གྱི་ས་གནས་མི་འདྲ་བ་གསུམ་གྱི་གདམ་ག་ཡོད། དེ་དག་ནི། མངའ་ཁོངས་དྲ་བ་དང་། ཁྱིམ་དང་ལས་ཀ ཡང་ན། སྒེར་གྱི་དྲ་བ། ཡོངས་ཁྱབ་ཀྱི་དྲ་བ་བཅས་ཡིན། འདི་ཚོ་གསུམ་ཀ་ལོགས་ཀ་ཡིན་ཀྱང་། མགོ་ཉོག་ཡོང་གི་ཡོད་སྟབས། དེ་དག་གི་གོ་དོན་དང་དེའི་འབྲེལ་གྱི་གདམ་གའི་སྐོར་ལ་རེ་རེ་བཞིན་ཞིབ་ཏུ་འགྲེལ་རྒྱུ་ཡིན།
ཡོངས་ཁྱབ་ཀྱི་དྲ་བ། (公网)
ཡོངས་ཁྱབ་ཀྱི་དྲ་བ་ནི་སོར་བཞག་གི་དྲ་བའི་རིགས་ཤིག་ཡིན། གལ་ཏེ། ཁྱེད་ཀྱིས་དྲ་བའི་རིགས་གང་ཡང་འདེམས་མེད་ཚེ། སྐར་ཁུང་མ་ལག་གིས་ཡོངས་ཁྱབ་ཀྱི་དྲ་བའི་སྒྲིག་ཁྲིམས་བེད་སྤྱད་དེ། སྐར་ཁུང་གི་ཉེན་འགོག་ལྕགས་རི་སྒྲིག་འགོད་བྱེད་པ་ཡིན། ཡོངས་ཁྱབ་ཀྱི་དྲ་བའི་ནང་དུ། སྐར་ཁུང་གི་ཉེན་འགོག་ལྕགས་རིའི་སྒྲིག་ཁྲིམས་དེ་སྒྲིག་ཁྲིམས་ཆེས་དམ་ཤོས་དེ་ཡིན། ལྕགས་རི་དེས་བཀོལ་ཆས་མང་ཆེ་བ་དྲ་རྒྱ་དང་སྦྲེལ་བའི་བྱེད་ལས་ཡོངས་རྫོགས་འགོག་ངེས་པ་མ་ཟད། ཡིག་ཆ་བགོ་འགྲེམས་དང་། པར་བསྐྲུན་འཕྲུལ་ཆས་བགོ་འགྲེམས། དྲ་བ་འཚོལ་ཞིབ། དྲ་བའི་ཡོ་བྱད་རང་འགུལ་སྒྲིག་བཀོད་ལ་སོགས་པའི་ཁྱད་ཆོས་སོགས་ཀྱང་ནུས་མེད་བཟོ་གི་ཡོད། གལ་ཏེ། ཁྱེད་ལ་གློག་ཀླད་གཅིག་མ་གཏོགས་མེད་པའམ། ཡང་ན། དྲ་བའི་ཡོ་བྱད་གཞན་པ་དང་འབྲེལ་མཐུད་བྱེད་འདོད་མེད་ཚེ། དྲ་བའི་རིགས་འདི་བཀོལ་སྤྱོད་བྱེད་དགོས།
སྒེར་གྱི་དྲ་བ། (私网)
སྒེར་གྱི་དྲ་བ་དེ་ཁྱིམ་གྱི་དྲ་བ་དང་ལས་ཁུངས་ཀྱི་དྲ་བ་ཡིན་སྲིད། དྲ་བའི་རིགས་འདིས་སྐར་ཁུང་མ་ལག་ཐོན་༡༠ པའི་ནང་གི་དྲ་བའི་ཁྱད་ཆོས་ཁག དཔེར་ན། ཡིག་ཆ་བགོ་འགྲེམས་དང་། དྲ་བ་འཚོལ་ཞིབ། དྲ་བའི་ཡོ་བྱད་སྒྲིག་བཀོད་སོགས་ནུས་ལྡན་བཟོ་གི་ཡོད། ཁྱེད་ཀྱིས་རང་གི་འབྲེལ་མཐུད་ཀྱི་དྲ་བར་ཡིད་ཆེས་ཡོད་ཚེ། དྲ་བའི་རིགས་འདི་བཀོལ་སྤྱོད་བྱོས།
མངའ་ཁོངས་དྲ་བ།(域网络)
གལ་ཏེ། ཁྱེད་ཀྱི་གློག་ཀླད་ནི་བྱ་བྱེད་དཀར་ཆག་མངའ་ཁོངས་དྲ་བའི་ཚོགས་མི་ཞིག་ཡིན་ཚེ། མངའ་ཁོངས་དྲ་བ་རང་འགུལ་གྱི་ཐོག་ནས་རྩད་གཅོད་དང་ངོས་འཛིན་བྱེད་ཀྱི་ཡོད། སྐར་ཁུང་མ་ལག་གིས་དྲ་བའི་རིགས་འདི་རྩད་གཅོད་དང་ངོས་འཛིན་བྱས་པའི་ཐོག་ནས། སྐར་ཁུང་ཉེན་འགོག་ལྕགས་རི་སྒྲིག་འགོད་བྱེད་ཀྱི་ཡོད། དྲ་བའི་རིགས་འདིས་དྲ་བའི་དོ་དམ་པར་སྟངས་འཛིན་གང་མང་བྱེད་པའི་ནུས་པ་སྤྲོད་ཀྱི་ཡོད། དྲ་བའི་དོ་དམ་པས་བྱ་བྱེད་དཀར་ཆག་ཚན་པའི་སྲིད་ཇུས་བེད་སྤྱད་དེ། དྲ་བའི་བདེ་འཇགས་ཀྱི་སྒྲིག་བཟོ་སྣ་ཚོགས་ལག་བསྟར་བྱེད་ཆོག
སྐར་ཁུང་ཉེན་འགོག་ལྕགས་རི་ནུས་ཡོད་བཟོས།
དང་པོ། འགོ་འཛུགས་ཀྱི་མཐེབ་ཅུ་འདེམས (开始按钮)> སྒྲིག་འགོད (设置)> གསར་སྣོན་དང་བདེ་འཇགས(更新与安全) > སྐར་ཁུང་བདེ་འཇགས(Windows安全) དེ་ནས།) > ཉེན་འགོག་ལྕགས་རི་དང་དྲ་བའི་བདེ་སྲུང་། (防火墙和网络保护) སྐར་ཁུང་མ་ལག་གི་བདེ་འཇགས་སྒྲིག་འགོད་ཁ་ཕྱེས།
གཉིས་པ། དྲ་བའི་ཡིག་ཆ་(网络配置文件)ཞིག་འདེམས།
གསུམ་པ། སྐར་ཁུང་སྲུང་སྐྱོབ་ལྕགས་རིའི་ཁོངས་ནས། སྒྲིག་བཟོ་དེ་ཁ་ཕྱེས། གལ་ཏེ། ཁྱེད་ཀྱི་ཡོ་བྱད་དམ་གློག་ཀླད་དྲ་བར་མཐུད་ཡོད་ཚེ། དྲ་བའི་སྲིད་ཇུས་སྒྲིག་འགོད་ཀྱིས་གོ་རིམ་འདི་ལེགས་འགྲུབ་བྱེད་པར་འགོག་རྐྱེན་བཟོ་སྲིད། གནས་ཚུལ་རྒྱས་པ་ཤེས་པར་ཁྱེད་ཀྱི་གློག་ཀླད་དོ་དམ་པར་འབྲེལ་བ་བྱེད་དགོས།
གསལ་བཤད། གལ་ཏེ་ནོར་འཁྲུལ་ཤོར་སོང་ཞེས་འཆར་བའམ། སྒྲིག་འགོད་དེ་ཁ་འབྱེད་མི་ཐུབ་ཚེ། ཁྱེད་ཀྱིས་དོགས་གནད་གསལ་འགྲེལ (troubleshooter)བཀོལ་ཆོག་ལ། དེ་ནས་བསྐྱར་དུ་ཚོད་ལྟ་བྱེད་ཆོག
ཡོངས་ཁུངས། :https://support.microsoft.com/en-in/help/4028544/windows-10-turn-windows-defender-firewall-on-or-off
ཀུ་ཤུ་གློག་ཀླད་ནང་གི་ཉེན་འགོག་ལྕགས་རི།
ཀུ་ཤུ་གློག་ཀླད་ནང་གི་ཉེན་འགོག་ལྕགས་རི་ནི། ཀུ་ཤུ་བཟོ་ཚོང་ཁང་གིས་ཀུ་ཤུ་མ་ལག་ཐོན་OS X 10.3་དང་། དེའི་རྗེས་ཀྱི་མ་ལག་ཐོན་གསར་པ་ཁག་གི་ནང་དུ་མཁོ་སྤྲོད་བྱས་པའི་སྡུད་སྡེར་གསང་སྡོམ་བྱ་རིམ་ཞིག་ཡིན་ལ། དེས་ཁྱེད་ཀྱི་ཀུ་ཤུ་གློག་ཀླད་ཀྱི་ཉེར་སྤྱོད་མ་ལག་དང་མཁྲེགས་ཆས་ཀྱི་སྟེང་གི་གཞི་གྲངས་དང་ཡིག་ཆའི་རིགས་གསང་སྡོམ་བྱས་ཏེ། གནས་ཚུལ་ཡོད་དོ་ཅོག་ལ་བདེ་འཇགས་མཁོ་སྤྲོད་བྱེད་ཀྱི་ཡོད། བྱ་རིམ་དེས་ཁྱེད་ཀྱི་འགོ་འཛུགས་སྡུད་སྡེར་སྟེང་གི་གཞི་གྲངས་ཆ་ཚང་གསང་སྡོམ་བྱེད་ཀྱི་ཡོད་པས། བྱ་རིམ་དེ་ནུས་ཡོད་བཟོས་ཚེ།དེས་གློག་ཀླད་ཀྱི་རྒྱབ་ལྗོངས་ནས་བྱེད་ལས་བརྩམས་ཏེ་གཞི་གྲངས་ཡོད་ཚད་གསང་སྡོམ་བྱེད་ཀྱི་ཡོད། དེ་ཡང་གློག་ཀླད་གནས་སྐབས་ཀྱི་གཉིད་ཐུན་ལས་བསླངས་ཏེ་ཡང་བསྐྱར་བཀོལ་སྤྱོད་བྱེད་པའི་སྐབས་སུ། གློག་ཀླད་ཀྱི་གསང་ཚིག་བསྐྱར་དུ་གཏགས་ཏེ་འཛད་སྤྱོད་པའི་ངོ་བོ་བདེན་དཔང་བྱེད་དགོས་ཀྱི་ཡོད།
གསང་སྡོམ་ནི། ཁྱེད་རང་གི་གཞི་གྲངས་རིགས་གསང་བ་བཟོ་ཐབས་ཀྱི་ལམ་ཁ་ཞིག་ཡིན་པས། ཁྱེད་རང་གིས་གསང་གྲོལ་གྱི་ཐབས་ལམ་ཧ་གོ་ན་མ་གཏོགས། དེའི་གསང་མདུད་གཞན་གྱིས་གྲོལ་མི་ཐུབ། གསང་སྡོམ་གྲོལ་སྟངས་དེ། ལྡེ་མིག་དང་། གསང་གྲངས། RFID་འཁྱེར་བདེ་ཉིང་ལྷེབ་དང་དེ་ཚོ་ཟླ་བསྒྲིལ་གྱི་རྣམ་པ་སོགས་ཀྱི་ནང་དུ་ཡོང་ཆོག
ཉེན་འགོག་ལྕགས་རི་སྒྲིག་འགོད་དང་ནུས་ཡོད་བཟོ་བ།
ཉེན་འགོག་ལྕགས་རི་ནུས་ཡོད་བཟོས་ཚར་ན། ཁྱེད་རང་གི་ཀུ་ཤུ་གློག་ཀླད་ནང་དུ་འཛུལ་བར། ག་དུས་ཡིན་ཡང་གསང་ཚིག་གཏགས་དགོས།
དང་པོ། ཀུ་ཤུ་གློག་ཀླད་ཀྱི་ཐོ་གཞུང་འདེམས། (菜单)>དེ་ནས་མ་ལག་དགའ་ཕྱོགས (系统偏好设置)> བདེ་འཇགས་དང་གསང་རྒྱའི (安全和隐私)་སྒང་ལ་ནོན།
གཉིས་པ། ཉེན་འགོག་ལྕགས་རིའི་གདམ་གའི་སྒང་དུ་ནོན།
གསུམ་པ། སྒོ་ལྕགས་སམ་ཟྭའི་རྟགས་དེའི་སྒང་དུ་ནོན། དེ་ནས་གློག་ཀླད་དོ་དམ་པའི་མིང་དང་གསང་ཚིག་ཅིག་གཏགས།
བཞི་པ། ཉེན་འགོག་ལྕགས་རི་ནུས་ཡོད་བཟོས་ཟེར་བའི་སྒང་དུ་ནོན།
ཡོངས་ཁུངས། : https://support.apple.com/en-us/HT204837