ཁྱེད་རང་གི་ཁྱད་ཆོས་སྣ་ཚོགས་ཅན་གྱི་ཁ་པར་དེ་འཛམ་གླིང་གི་ནང་གི་ཆེས་ཚད་མཐོ་བའི་གསང་མྱུལ་གྱི་ཡོ་ཆས་ཤིག་ཡིན་ལ། ཁ་པར་བརྒྱུད་དེ་མི་གྲངས་ས་ཡ་མང་པོའི་སྡོད་གནས་དང་འགུལ་སྐྱོད་ཡོངས་རྫོགས་ངོས་འཛིན་བྱེད་ཐུབ་ཀྱི་ཡོད། ཁྱེད་ཀྱིས་ཁ་པར་ནང་དུ་ཚོང་ལས་སྡེ་ཁག་གང་རུང་ཞིག་ལ་ཁྱེད་ཀྱི་སྡོད་གནས་ངོས་འཛིན་གྱི་ཆོག་མཆན་སྤྲད་ཚར་བའི་རྗེས་སུ། ཁྱེད་ཀྱིས་ཁོང་ཚོར་སྤྲད་པའི་གནས་ཚུལ་རིགས་མེད་པར་བཟོ་མི་ཐུབ་པར་མ་ཟད། ཁོང་ཚོའི་ལག་པ་ནས་ཕྱིར་ཡང་ལེན་མི་ཐུབ།
དེའི་རྒྱུ་མཚན་གྱིས། ཁྱེད་རང་ལ་ཡོད་པའི་གདམ་ག་ཡག་ཤོས་དེ་ནི། སྲིད་གཞུང་གི་ངོས་ནས། མི་སྒེར་གྱི་གནས་ཚུལ་ཕྱོགས་བསྡུས་དང་། བཀོལ་སྤྱོད།་ཉོ་ཚོང་སྐོར་ལ་དོ་དམ་མ་བྱས་པའི་སྔོན་དུ། ཐོག་མ་ཉིད་ནས་ཚོང་ལས་སྡེ་ཁག་ལ། རང་ཉིད་ཀྱི་ས་གནས་ཧ་གོ་བའི་ཆོག་མཆན་མི་སྤྲོད་རྒྱུ་དེ་རེད།
དང་པོ། ཁ་པར་ནང་གི་བཀོལ་ཆས་ཁག་ལ་རང་ཉིད་ཀྱི་ས་གནས་མཁོ་སྤྲོད་མ་བྱེད།
གལ་ཆེ་ཤོས་དེ་ནི། ད་ལྟ་ཁྱེད་ཀྱི་ཁ་པར་ནང་དུ་ཡོད་པའི་བཀོལ་ཆས་ཁག་ལ་སྤྲད་ཡོད་པའི་ས་གནས་ཀྱི་ཆོག་མཆན་དེ་ནུས་མེད་བཟོས། (སེམས་ཁྲལ་བྱེད་མི་དགོས། གལ་ཏེ་ཁྱེད་ཀྱི་ཉེན་རྟོག་པ་དང་མེ་གསོད་རུ་ཁུག་སོགས་ལ་ཛ་དྲག་གི་ཁ་པར་བཏང་ཚེ། ཁྱེད་ཀྱི་སྡོད་གནས་རང་འགུལ་གྱི་ཐོག་ནས་ཁོང་ཚོར་རེག་ཐུབ།) མཉེན་ཆས་རེ་རེ་ཁ་ཕྱེས་མ་དགོས་པར། སྟབས་བདེ་པོའི་ངང་ནས་སྒྲིག་བཀོད་བྱེད་ཐུབ།
ཀུ་ཤུ་ཁ་པར་ནང་གི་ས་གནས་ཀྱི་ཆོག་མཆན་བཀག་འགོག་བྱེད་པར། སྒྲིག་བཀོད་ཁོངས་སུ་ཕྱིན། དེ་ནས གསང་རྒྱ། དེ་ནས་ས་གནས་ཀྱི་ཞབས་ཞུའི་ནང་དུ་ཕྱིན་ཏེ། གཡོན་ཕྱོགས་སུ་ཤུད་འདེད་བྱས་ཏེ་བཀག་དགོས། 设置>隐私>定位服务>关闭
ཁྱེད་ཀྱིས་ཁ་པར་ནང་གི་བཀོལ་ཆས་རེ་རེར། ཁྱེད་རང་གི་ས་གནས་ཀྱི་ཆོག་མཆན་ག་དུས་སྤྲོད་མིན་འདེམས་ཆོག ཁྱེད་ཀྱིས་རང་ཉིད་ཀྱི་ཁ་པར་གྱིས་རྒྱབ་ལོགས་ནས་ཁྱེད་ཀྱི་ས་གནས་གཞན་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་དེའང་བཀག་ཆོག དེ་བཀག་འགོག་བྱེད་པར། ཁ་པར་གྱི་སྒྲིག་བཀོད་ཁོངས་སུ་ཕྱིན། དེ་ནས་རྒྱུན་སྤྱོད་ཀྱི་སྒང་ལ་ནོན། དེ་ནས་རྒྱབ་ལྗོངས་ཀྱི་བཀོལ་ཆས་གསར་འདོན་གྱི་སྒང་ལ་ནོན། སྒོ་རྒྱོབ་སྒང་ལ་ནོན།
设置>通用>后台App 刷新>关闭
འདི་སྒོ་བརྒྱབ་རུང་།མཉེན་ཆས་དེ་དག་གི་གསལ་བརྡ་འབྱོར་བར་འགོག་རྐྱེན་གང་ཡང་མི་བཟོ།
ཁྱེད་ཀྱི་ཁ་པར་ནང་གི་བཀོལ་ཆས་མང་དག་ཅིག དཔེར་ན། གནམ་གཤིས་ཀྱི་བཀོལ་ཆས་དང་། གསར་འགྱུར་བཀོལ་ཆས་སོགས་ཀྱིས་་ཁྱེད་རང་གི་སྡོད་གནས་ཧ་གོ་ཆོག་པའི་ཆོག་མཆན་སློང་གི་ཡོད། འོན་ཀྱང་། གནམ་གཤིས་ཀྱི་བཀོལ་ཆས་ཤིག་གིས་གནམ་གཤིས་གནས་ཚུལ་མཁོ་སྤྲོད་བྱེད་པར། ཁྱེད་ཀྱི་སྡོད་གནས་ཤེས་དགོས་དོན་མེད། ཉེ་བར་ཆར། ཀུ་ཤུ་བཟོ་ཚོང་ཁང་གིས། ཚོང་ལས་སྡེ་དག་ཁག་གི་ངོས་ཁྱེད་རང་གི་སྡོད་གནས་ཀྱི་གནས་ཚུལ་བསྡུ་རུབ་བྱེད་པ་དེ་དཀའ་ལས་ཁག་ཏུ་བཏང་ཡོད། དེར་བརྟེན།བདེ་འཇགས་ཀྱི་ཁེ་ཕན་དེ་ལོངས་སུ་སྤྱོད་ཐུབ་པར།ཁྱེད་རང་གི་ཁ་པར་གྱི་ཉེར་སྤྱོད་མ་ལག་ཐོན་གསར་བའི་ཐོག་ཏུ་རིམ་སྤོར་བྱས་ཡོད་པའི་ཁག་ཐེག་བྱོས།
གཉིས་པ། ཁྱེད་རང་གི་ཁ་པར་གྱི་ཁྱབ་བསྒྲགས་ID ནུས་མེད་བཟོས།
ཁྱེད་རང་གི་དྲ་ཐོག་གི་བྱེད་སྒོ་ཁག་ཁ་པར་གྱི་ཁྱབ་བསྒྲགས་ID་བེད་སྤྱད་དེ་རྗེས་འདེད་གཏོང་ཐུབ་ཀྱི་ཡོད། ཁྱབ་བསྒྲགས་ID་ནི་ཁྱེེད་རང་གི་ཁ་པར་གྱིས་བསྐྲུན་པའི་ཐུན་མོང་མ་ཡིན་པའི་ཨང་གྲངས་ཤིག་ཡིན་ལ། དེ་ཁྱབ་བསྒྲགས་སྤེལ་མཁན་དང་བཀོལ་ཆས་བཟོ་མཁན་དག་ལ་གཏོང་གི་ཡོད། ཁྱེད་རང་གི་སྡོད་གནས་དེ་ཁྱེད་རང་གི་ཁྱབ་བསྒྲགས་ID དང་མཉམ་དུ་གཏོང་གི་ཡོད་པས།་དེ་ཁྱེད་རང་གི་སྐོར་གྱི་གནས་ཚུལ་གཞན་པ་ལའང་སྦྲེལ་ཡོད་སྲིད། ཁྱེད་ཀྱིས་ཁྱད་ཆོས་འདི་ཁ་པར་གྱི་སྒྲིག་བཀོད་ཁོངས་ནས་གཏན་དུ་ནུས་མེད་བཟོས་ཏེ། ཚོང་ལས་སྡེ་ཁག་གིས་ཁྱེད་ཀྱི་དྲ་ཐོག་གི་བྱེད་སྒོ་ཁག་ལ་བྱ་ར་བྱེད་ཀྱི་ཡོད་པ་དེ་བཀག་འགོག་བྱེད་ཆོག
སྒྲིག་བཟོའི་ཁོངས་སུ་ཕྱིན་ཏེ། གསང་རྒྱའི་ཁྱབ་བསྒྲགས་སྒང་ལ་ནོན། དེ་ནས་གཡས་ཕྱོགས་སུ་ཤུད་འདེད་བྱས་ཏེ། ཁྱབ་བསྒྲགས་ཀྱི་རྗེས་འདེད་བཀག་འགོག་བྱོས།
设置>隐私>广告>限制广告跟踪
གསུམ་པ། གྷོ་གྷིལ་བཟོ་ཚོང་ཁང་ལ་ཁྱེད་རང་གི་སྡོད་གནས་ཀྱི་གནས་ཚུལ་གསོག་ཉར་བྱེད་དུ་མ་འཇུག
གལ་ཏེ་ཁྱེད་རང་ལ་གྷོ་གྷིལ་ཁ་བྱང་ཞིག་ཡོད་ཚེ། དེས་ཁྱེད་རང་གི་ཁ་པར་དང་སྦྲེལ་བའི་སྡོད་གནས་ཀྱི་གནས་ཚུལ་གསོག་ཉར་བྱས་ཚར་ཡོད་སྲིད། ཁྱེད་ཀྱིས་གྷོ་གྷིལ་བཟོ་ཚོང་ཁང་ལ་གནས་ཚུལ་དེ་གསོག་ཉར་བྱེད་དུ་འཇུག་འདོད་མེད་ཚེ། ཁྱེད་རང་གི་གྷོ་གྷིལ་ཁ་བྱང་གི་ས་གནས་ཀྱི་བྱེད་སྒོ་དོ་དམ་གྱི་ཁོངས་སུ་ཕྱིན་ཏེ། https://myaccount.google.com/activitycontrols/locationས་གནས་བགོ་འགྲེམས་ཁ་རྒྱོབས།
གསལ་བཤད། ཁྱེད་རང་གི་སྡོད་གནས་རྗེས་འདེད་གཏོང་བ་དེ་འགོག་རྒྱུ་བྱེད་རྒྱུ་ཁག་པོ་ཡོད་པ་ཧ་དགོས།
ཁྱེད་ཀྱིས་གོང་དུ་བརྗོད་ཟིན་པའི་གོ་རིམ་དེ་དག་ལག་བསྟར་བྱས་མིན་་ལ་མ་ལྟོས་པར། ཚོང་ལས་སྡེ་ཁག་གིས་ཐབས་ཤེས་ཡོད་རྒུ་རྩལ་དུ་སྤྲུགས་ཏེ་ཁྱེད་ཀྱི་ཁ་པར་ནང་དུ་འཛུལ་ཐབས་བྱེད་ཀྱི་ཡོད། འགའ་ཤས་ཀྱིས་མཛུབ་རིསཀྱི་ཐབས་རྩལ་ཟེར་བའི་གོ་རིམ་ཞིག་གི་ཁྲོད་དུ། ཁྱེད་ཀྱི་ཁ་པར་གྱི་ཚོང་རྟགས་དང་། IP ཁ་བྱང་། ཤེལ་ངོས་ཀྱི་ཆེ་ཆུང་། སྐད་སྒྲ ཤེལ་ངོས་ཀྱི་གསལ་ཚད་སོགས་བེད་སྤྱད་དེ་ཁྱེད་རང་ངོས་འཛིན་བྱེད་པའི་འབད་རྩོལ་བྱེད་ངེས།
ཁྱེད་ཀྱིས་གོང་དུ་བརྗོད་ཟིན་པའི་གོ་རིམ་དེ་དག་ལག་ལེན་དུ་བསྟར་རུང་། ཁྱེད་རང་གི་ཁ་པར་སྒོ་འབྱེད་དུས། ཁ་པར་ནང་གི་བྱང་བུས་ཀྱང་ཁྱེད་ཀྱི་སྡོད་གནས་ཀྱི་གནས་ཚུལ་ལེན་གྱི་ཡོད། གློག་འཕྲིན་བཟོ་ཚོང་ཁང་གིས་མི་སྒེར་གྱི་གནས་ཚུལ་ཕྱོགས་བསྡུས་བྱས་ཏེ། དེ་དག་གཞན་ལ་བཙོང་བའི་གནས་ཚུལ་མང་པོ་ཐོན་ཡོད། ད་ཆ་གློག་འཕྲིན་བཟོ་ཚོང་ཁང་གིས་མི་སྒེར་གྱི་གཞི་གྲངས་མི་བཙོང་བའི་དམ་བཅས་ཡོད་རུང་། ཁོང་ཚོས་མུ་མཐུད་ནས་སྒེར་གྱི་གཞི་གྲངས་བསྡུ་རུབ་བྱེད་ཀྱི་ཡོད།
ཁྱེད་རང་གི་སྡོད་གནས་ཀྱི་གནས་ཚུལ་གཞན་ལ་ཤེས་སུ་འཇུག་འདོད་མེད་ཚེ། Privacy Pro SmartVPN ཟེར་བའི་བཀོལ་ཆས་འདི་བཀོལ་སྤྱོད་བྱོས། བཀོལ་ཆས་འདིས། ཁ་པར་ནང་གི་བཀོལ་ཆས་ཁག་གིས་གཞན་ལ་ཁྱེད་ཀྱི་གཞི་གྲངས་བགོ་འགྲེམས་བྱེད་ཀྱི་ཡོད་ཚེ། དེ་དོ་དམ་དང་བཀག་འགོག་བྱེད་ཀྱི་ཡོད། འདི་ལྟར་བྱས་རུང་། ཁྱེད་རང་གཞན་གྱིས་རྗེས་འདེད་གཏོང་བ་ 100%བཀག་འགོག་བྱེད་ཐུབ་པའི་ཁག་ཐེག་བྱེད་མི་ཐུབ།ང་ཚོས་ཁ་པར་ག་ཚོད་སྒྲིག་བཀོད་་བྱས་རུང་།རང་ཉིད་ད་དུང་ཡང་ཉེན་ཁའི་གནས་སུ་ཡོད་པ་ཧ་གོ་དགོས།
ཨ་རིའི་ནེག་ཡོག་དུས་བབ། https://www.nytimes.com/interactive/2019/12/19/opinion/location-tracking-privacy-tips.html