ལག་བསྟར་བྱེད་ཆོག་པའི་ཡིག་ཆ།

ལག་བསྟར་བྱེད་ཆོག་པའི་ཡིག་ཆ་ནི་མཉེན་ཆས་ཀྱི་རིགས་ཤིག་ཡིན་ལ། མཉེན་ཆས་དེར་གློག་ཀླད་ཀྱི་ནང་དུ་བྱེད་ལས་སྣ་ཚོགས་རྩོམ་དུ་འཇུག་ཐུབ་པ་མ་ཟད། གློག་ཀླད་ཀྱི་བྱ་སྤྱོད་ལ་འགྱུར་བ་གཏོང་ཐུབ་པའི་ནུས་པ་ཡོད། .EXE དང་།  .BAT .DMG  སོགས་ནི་ལག་བསྟར་བྱེད་ཆོག་པའི་ཡིག་ཆའི་དཔེ་མཚོན་ཡིན། 

དྲ་ཐོག་ནས་མཉེན་ཆས་རིགས་ཕབ་ལེན་བྱེད་དུས། ག་དུས་ཡིན་ཡང་གཟབ་གཟབ་བྱེད་དགོས། མཉེན་ཆས་རིགས། ཕབ་ལེན་བྱེད་སའི་དྲ་གནས་ངོ་མ་ནས་ཕབ་རྒྱུ་ཧ་ཅང་གལ་ཆེ། ད་མ་གཏོགས། དྲ་ཐོག་གི་འཇབ་རྒོལ་པ་ཚོས།མཉེན་ཆས་གང་རུང་ཞིག་གི་ཁོངས་སུ་དྲ་འབུ་བླུགས་ནས། དྲ་ཐོག་ཏུ་འཇོག་པའི་ཉེན་ཁ་ཡོད། གལ་ཏེ། ཁྱེད་ཀྱིས་དྲ་ཚིགས་གང་བྱུང་ནས་དྲ་འབུ་བསྐུངས་ཡོད་པའི་མཉེན་ཆས་ཕབ་ལེན་བྱས་ཚེ། དེས་ཁྱེད་ཀྱི་གློག་ཀླད་ལ་སྟངས་འཛིན་བྱེད་པ་དང་།་གློག་ཀླད་ནང་གི་ཡིག་ཆ་རྐུ་མ་རྒྱག་པ་སོགས་བྱེད་ཐུབ། 

ལག་བསྟར་བྱེད་ཆོག་པའི་ཡིག་ཆ་རིགས་ཕབ་ལེན་མ་བྱས་པའི་སྔོན་དུ། ངེས་པར་སེམས་ལ་འཛིན་པའི་དོན་གནད་གསུམ་ནི། 

ཡོངས་ཁུངས།

མཉེན་ཆས་གང་དང་གང་ཕབ་ལེན་བྱས་རུང་། ངེས་པར་དུ་མཉེན་ཆས་ཀྱི་ཡོངས་ཁུངས་ངོ་མ་ནས་ཕབ་ལེན་བྱེད་དགོས། དྲ་ཐོག་ཏུ་མཉེན་ཆས་གང་རུང་གཅིག་ཕབ་ལེན་བྱེད་སའི་དྲ་གནས་འདྲ་མིན་སྣ་ཚོགས་ཡོད། འོན་ཀྱང་། ཁྱེད་ཀྱིས་དྲ་གནས་བརྟན་པོ་ནས་མཉེན་ཆས་ཕབ་ལེན་མ་བྱས་པ་ཡིན་ན། ཁྱེད་ཀྱི་དྲ་ཐོག་གི་བདེ་འཇགས་ལ་ཉེན་ཁ་ཡོད།  དེར་བརྟེན། རྒྱུས་མེད་ཀྱི་ཡོངས་ཁུངས་གང་རུང་ནས་མཉེན་ཆས་བྱེད་མི་རུང་། གང་ཡིན་ཞེ་ན།

དང་པོ། ཁྲིམས་འགལ་ཡིན།

གཉིས་པ། གློག་ཀླད་མ་ལག་གི་རྒྱབ་སྐྱོར་མེད།

གསུམ་པ། མཉེན་ཆས་བྱས་མེད་ལ། བྱེད་རྒྱུ་མེད།

བཞི་པ། མཉེན་ཆས་ཀྱི་ཁོངས་སུ་དྲ་འབུ་བླུགས་ཡོད་སྲིད།

མཉེན་ཆས་ཕབ་ལེན་བྱེད་དུས། ག་དུས་ཡིན་ཡང་། ཕབ་ལེན་བྱེད་སའི་དྲ་གནས་དེར་ཚད་ལྡན་གྱི་ལག་འཁྱེར་ཡོད་མེད་ལྟ་དགོས། ཚད་ལྡན་གྱི་ལག་འཁྱེར་ཡོད་པའི་དྲ་ཚིགས་ཚང་མའི་ཁ་བྱང་https://  ནས་འགོ་འཛུགས་ཀྱི་ཡོད་ལ། s་ཡིས་བདེ་འཇགས་ཡིན་པ་མཚོན་གྱི་ཡོད། དཔེར་ན། https://www.google.com/ ལྟ་བུ།

མཉེན་ཆས་ཕབ་ལེན་བྱེད་སའི་དྲ་གནས་དེ་ཁུངས་བཙན་པོ་ཡིན་མིན། དྲ་གནས་དེའི་སྐོར་ལ་མི་གཞན་གྱིས་མཆན་དང་བསམ་ཚུལ་ག་རེ་བྲིས་ཡོད་མེད་ཞིབ་ལྟ་བྱེད་དགོས།

དྲ་ཚིགས་ཀྱི་ཁོངས་མིང་ལ་ཞིབ་འཇུག་བྱེད་རྒྱུ་ནི། མཉེན་ཆས་རིགས་བདེ་འཇགས་ངང་ཕབ་ལེན་བྱེད་ཐབས་ཀྱི་ལམ་ཁ་གཞན་ཞིག་ཡིན། དྲ་ཚིགས་ཤིག་གི་ཁ་བྱང་དེ་ཆ་ཤས་གསུམ་གྱིས་གྲུབ་ཡོད། དཔེར་ན། service.originalsite.com ལྟ་བུ། 

Service : ས་གནས་ཀྱི་ཁོངས་མིང་།

Originalsite :ཁོངས་མིང་།

Com : རྩ་བ།

རྩ་བ་དེ་ .org དང་ .edu དང་ .net དང་.uk   དང་ .in དང་ .co དང་ .cn སོགས་སྣ་ཚོགས་ཡོང་ཆོག

ཡོ་ཆས།

གློག་ཀླད་ཀྱི་ཉེར་སྤྱོད་མ་ལག་རྫུན་མ་བཀོལ་སྤྱོད་བྱེད་མི་རུང་།

མཉེན་ཆས་ཁ་ཤས་ཀྱི་ཁོངས་སུ་ཉེན་ཚབས་ཅན་གྱི་དྲ་འབུ་དེ་འདྲ་བསྐུངས་ཡོད་སྲིད་པས། དྲ་འབུ་ཁྱེད་ཀྱི་མ་ལག་ནང་འཛུལ་ཏེ། ཡིག་ཆ་བརྐུ་ཐུབ་པ་མ་ཟད། གློག་ཀླད་ཀྱི་སྐད་སྦུག་དང་། པར་ཆས་སོགས་འཇབ་རྒོལ་པས་སྟངས་འཛིན་བྱེད་སྲིད།

མཉེན་ཆས་རྫུན་མ་བཀོལ་སྤྱོད་བྱེད་པ་ནི་ཁྲིམས་འགལ་ཡིན་པས། དེས་ཁྱེད་རང་བཙོན་ཁང་ལ་བསྐྱལ་སྲིད།

མཉེན་ཆས་རྫུན་མར་གསར་སྣོན་བྱེད་རྒྱུ་མེད།

ཁྱེད་རང་གི་ཡོ་ཆས་ཐོན་གསར་པའི་ཐོག་བསྒྱུར་དགོས།

***གློག་ཀླད་ཀྱི་མ་ལག་དང་དེའི་ནང་གི་མཉེན་ཆས་རིགས་ཐོན་གསར་པ་ཐོག་བསྒྱུར་བར་ཐེ་ཚོམ་བྱེད་མི་དགོས། མཉེན་ཆས་རེ་རེའི་ཁོངས་སུ་ངོས་འཛིན་བྱེད་མ་ཐུབ་པའི་སྐྱོན་ཆ་མང་པོ་ཡོད་པས། མཉེན་ཆས་གསར་སྣོན་བྱས་ན། བདེ་འཇགས་དང་འབྲེལ་བའི་སྐྱོན་ཆའི་རིགས་ལེགས་བཅོས་བྱེད་པར་ཕན། དྲ་ཐོག་གི་འཇབ་རྒོལ་པ་ཚོས། མ་ལག་དང་མཉེན་ཆས་ཁག་གི་ནང་དུ་ཡོད་པའི་སྐྱོན་ཆ་དེ་དག་དམིགས་སུ་བཟུང་སྟེ། འཇབ་རྒོལ་བྱེད་ཀྱི་ཡོད་པས། མཉེན་ཆས་དུས་ཐོག་ཏུ་གསར་སྣོན་བྱས་ན། ཁྱེད་རང་ཉེན་ཁ་དེ་དག་ལས་སྐྱོབ་ཐུབ།

མཁོ་གལ།

མཉེན་ཆས་རིགས་ཁྱེད་རང་ལ་ངེས་པར་མཁོ་མིན་བསམ་བློ་གཏོང་དགོས། 

རང་ཉིད་ལ་མི་དགོས་པའི་མཉེན་ཆས་རིགས་རྩ་བ་ཉིད་ནས་ཕབ་ལེན་མ་བྱེད། མཚམས་རེར། བདེ་འཇགས་ཀྱི་ཆེད་དུ། མ་ལག་གཅིག་གི་ཁོངས་སུ། དྲ་འབུ་འགོག་བྱེད་ཀྱི་མཉེན་ཆས་རིགས་མི་འདྲ་བ་གཉིས་རེ་ཉར་མཁན་དེ་འདྲ་ཡོད། གློག་རྡུལ་ཡིག་མང་པོ་གསོག་ཉར་མ་བྱེད། ཡག་ཤོས་དེ། དྲ་འབུ་འགོག་བྱེད་ཀྱི་མཉེན་ཆས་གསར་པ་ཞིག་ཕབ་ལེན་བྱས་ཚེ། རྙིང་པ་དེ་མེད་པར་བཟོ་དགོས།

ལག་བསྟར་བྱེད་ཆོག་པའི་ཡིག་ཆ་ལ་དོགས་པ་ཡོད་ཚེ། ནང་འཇུག་མ་བྱས་པའི་གོང་དུ། འཕྲུལ་རིག་མཁས་པ་ཞིག་གི་ལམ་སྟོན་ལ་ཉན་དགོས།

ཟུར་དུ་ཉར་ཚགས།  ཡིག་ཆ་གང་རུང་གི་མ་ཕྱི་པར་བཤུས་བརྒྱབ་སྟེ་མ་ལག་གཞན་ཞིག་གི་སྟེང་དུ་ཉར་ཚགས་བྱེད་ཐུབ་ན། ཡིག་ཆ་བོར་བརླག་དང་འཕྲོ་བརླག་ཏུ་ཕྱིན་པའི་གནས་སྐབས་སུ། ཕན་ཐོགས་ཆེ།

 

འདིར་ང་ཚོས། VLCལག་བསྟར་བྱེད་ཆོག་པའི་ཡིག་ཆ་ཇི་ལྟར་ནང་འཇུག་བྱེད་དགོས་མིན་སྐོར་གྱི་དཔེ་མཚོན་ཞིག་ངོ་སྤྲོད་བྱེད།

དང་ཐོག་VLC མཉེན་ཆས་ཕབ་ལེན་བྱེད་སའི་དྲ་གནས་ངོ་མ་https://www.videolan.org/ ་ལ་གཟིགས།

མཉེན་ཆས་ཕབ་ལེན་བྱེད་སའི་དྲ་གནས་ཁུངས་བཙན་པོ་ཡིན་པའི་ཁག་ཐེག་བྱོས། དེ་ནས་ཕབ་ལེན་བྱེད་སའི་འབྲེལ་ཐག་གི་སྒང་དུ་གནོན།

ད་ལྟ་མཉེན་ཆས་ཕབ་ལེན་བྱེད་བཞིན་འདུག  ཡིག་ཆ་ཕབ་ལེན་བྱས་ཚར་ན། ཕབ་ལེན་བྱས་ཚར་བའི་ཡིག་ཆ་ཁག་ཉར་ཡོད་སའི་ཡིག་སྒམ་གྱི་ནང་ནས་རྙེད་ཐུབ། 

ནང་འཇུག་གི་རིམ་པ་གཤམ་གྱི་པར་རིས་ཁག་ནང་གསལ་ལྟར་རེད། 

ཕབ་ལེན་བྱས་ཚར་བའི་ཡིག་ཆ་ཁག་གི་ཁོངས་སུ་དྲ་འབུ་ཡོད་མེད་ལྟ་བྱེད་ཀྱི་ལག་ཆ་སྟོབས་ཆེན་ཞིག་ཡོད་པ་ནི། VirusTotal ཟེར་བ་དེ་རེད། ཁྱེད་ཀྱིས་https://www.virustotal.com/ དྲ་ངོས་སུ་དྲ་ཚིགས་ཀྱི་ཁ་བྱང་ཞིག་གམ། ཡང་ན། ཕབ་ལེན་བྱས་པའི་ཡིག་ཆ་གང་རུང་ཞིག་ཡར་འཇུག་བྱས་ཏེ། དེ་དག་གི་ཁོངས་སུ་དྲ་འབུ་ཡོད་མེད་ཚོད་ལྟ་བྱེད་ཆོག VirusTotal ཡི་ཁོངས་སུ། དྲ་འབུ་ཡོད་མེད་བརྟག་དཔྱད་བྱེད་མཁན་གྱི་མ་ལག་༧༠་ལྷག་གིས་དུས་མཉམ་གཅིག་ཏུ། ཡིག་ཆ་གང་རུང་ཞིག་གི་ཁོངས་སུ་དྲ་འབུ་ཡོད་མེད་བརྟག་དཔྱད་བྱེད་ཀྱི་ཡོད། དེ་མ་ཟད། ཉེར་སྤྱོད་པ་གང་ཞིག་གིས། རང་ཉིད་ཀྱི་གློག་ཀླད་ནང་གི་ཡིག་ཆ་གང་རུང་ཞིག VirusTotal ལ་བཏང་སྟེ། དེའི་ཁོངས་སུ་དྲ་འབུ་ཡོད་མེད་ལྟ་རུ་བཅུག་ཆོག  

 VirusTotal ནང་དུ་ཡིག་ཆ་གང་རུང་ལ་དྲ་འབུ་ཡོད་མེད་ཞིབ་ལྟ་བྱེད་སྟངས།

གོང་དུ་ཕབ་ལེན་བྱས་ཚར་བའི་VLC མཉེན་ཆས་ཀྱི་ཁོངས་སུ་དྲ་འབུ་ཡོད་མེད་ལ་མཉམ་དུ་ལྟ།

ཡིག་ཆ་དེ་ཡར་འཇུག་བྱས་ཚར་བ་དང་། ཡིག་ཆ་དེར་ནད་འབུ་འགོས་ཡོད་མེད་བརྟག་དཔྱད་བྱེད་ཀྱི་ཡོད། ཡིག་ཆར་ནད་འབུ་འགོས་མེད་ཚེ། 0 སྟོན་གྱི་ཡོད་ལ། གྲངས་ཀ་0་དེས་ཉེན་ཚབས་ཅན་གྱི་ནད་འབུ་མེད་པ་མཚོན་གྱི་ཡོད། 

ཅིའི་ཕྱིར་རང་ཉིད་སྒེར་གྱི་ཡིག་ཆ་རིགས་Virustotal གྱི་དྲ་ངོས་སུ་ཡར་འཇུག་བྱེད་མི་ཉན།

དང་པོ། ཡར་འཇུག་བྱས་པའི་ཡིག་ཆ་དེ་དྲ་འབུ་འགོག་བྱེད་ཀྱི་མཉེན་ཆས་བཟོ་མཁན་གྱི་བཟོ་ཚོང་ཁང་གཞན་པར་བརྒྱུད་སྐུར་དང་བགོ་འགྲེམས་བྱེད་ཀྱི་ཡོད།

གཉིས་པ། Virustotal་ཡི་དྲ་ངོས་སུ་ཡར་འཇུག་བྱས་པའི་ཡིག་ཆ་ཚང་མ་མཐོ་རིམ་ཉེར་སྤྱོད་པས་ཕབ་ལེན་བྱེད་ཐུབ་པས། ཁྱེད་ཀྱིས་ཡིག་ཆའི་ནང་དོན་མི་གཞན་གྱིས་ལྟ་ཀློག་བྱེད་ཐུབ།

 

 

Leave a Reply

Your email address will not be published. Required fields are marked *