Huawei P30 Pro: བསྐྱར་ཞིབ།

ངོ་སྤྲོད།

ཧྭ་ཝེ་བཟོ་ཚོང་ཁང་གིས་ཕྱི་ལོ་༢༠༡༩་ལོའི་ཟླ་༣་པའི་ཚེས་༢༦་ཉིན། ཧྭ་ཝེ་ཁ་པར་ཐོན Huawei P30 Pro ཟེར་བ་དེ་ཧྥ་རན་སིའི་རྒྱལ་ས་ཕེ་རི་སིའི་ནང་དུ་གཞུང་འབྲེལ་ཐོག་དབུ་འབྱེད་བྱས་ཡོད་ལ། ཁ་པར་ཐོན་གསར་པ་འདི་ཟླ་༤་པའི་ཚེས་༥་ནས་བཟུང་། ཚོར་རར་དངོས་སུ་བཙོང་འགོ་བརྩམས་ཡོད། ཧ་ཅང་ཉམས་དོད་པོ་ཡོད་པའི་ཁ་པར་འདི་ན་ནིང་ལོར་བཏོན་པའི་ཧྭ་ཝེ Huawei P20 Pro དང་བསྡུར་ན། ཡར་རྒྱས་ཧ་ལས་པ་བཏང་ཡོད། 

ཁྱད་ཆོས་ཁག

ཧྭ་ཝེ་ཁ་པར་ཐོན Huawei P30 Pro་ཡིས། བྱེད་ལས་ཧ་ཅང་སྟོབས་པའི་འཛམ་གླིང་གི་ཆེས་ཐོག་མའི་7nm་ཅན་གྱི་ཁ་པར་དོ་དམ་ཡོ་ཆས་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་དང་། ཁ་པར་གྱི་གློག་རྫས་རྫོགས་པའི་མྱུར་ཚད་སྔར་དང་བསྡུར་ན་དལ་དུ་བཏང་ཡོད། ཆུ་དང་ས་རྡུལ་འགོག་པའི་ཚད་གཞི་IP68་ཡོད་པས། ཁ་པར་རློན་པ་ཆགས་པའམ།ཡང་ན་ཆུ་ནང་དུ་ལྷུང་རུང་སེམས་ཁྲལ་བྱེད་མི་དགོས།བརྗིད་ཉམས་ལྡན་ཞིང་། 3D ཤེལ་གྱི་པགས་པ་ཉིས་བརྩེགས་ཅན་གྱི་ཁ་པར་དེ་ལག་ཏུ་བཟུང་ན་སྤྲོ་སྣང་ལྡན།

ཁ་པར་འདིའི་འཆར་ངོས་ཀྱི་ཆེ་ཆུང་ནི་6.47inch་ཡིན་པ་དང་། འཆར་རིས་ཀྱི་ཤུགས་ཚད་FHD+ཡིན་པས། བརྙན་པར་རིགས་ཀྱི་སྤུས་ཀ་ཧ་ཅང་རྣོན་པོ་དང་ཕྱུག་པོ་ཡོད། ད་དུང་། མདུན་གྱི་པར་ཆས་ཀྱི་ཤུགས་ཚད་དེ། megapixel ༣༢་རེད་འདུག་ལ། འཆར་ངོས་སུ་མཛུབ་རིས་ཚོར་འདྲེན་ཡོ་ཆས་ཀྱང་ཡོད། 

པར་ཆས།

ཧྭ་ཝེ་ཁ་པར་ཐོན Huawei P30 Pro་སྐོར་གླེང་ནས། ཁ་པར་འདིའི་པར་ཆས་ཀྱི་སྐོར་མ་གླེང་ན། བརྗོད་བྱའི་དོན་ཁ་ཚང་ཞིག་གཏན་ནས་ཆགས་ཀྱི་མེད། ཁ་པར་འདི་གཟི་བརྗིད་ལྡན་པའི་རྒྱུ་མཚན་གཅིག་ནི། པར་ཆས་མ་འདྲ་བ་གསུམ་ཡོད་པ་དེ་རེད། པར་ཆས་དེ་དག་ནི། 40 MP ཅན་གྱི་པར་ཆས་ཤིག་དང་། 20 MP 8MP བཅས་ཡིན་ལ། ཁ་པར་གྱི་བརྙན་ཤེལ་སྙོམས་སྒྲིག་བྱས་ཏེ་ཁྱེད་རང་གི་པར་གྱི་སྤུས་ཀ་སྣོན་པོ་བཟོ་ཐུབ་པ་མ་ཟད། འགུལ་སྐྱོད་ཀྱི་དུས་སྐབས་རེ་རེ་འཛིན་ཐུབ། ནག་ཁུང་གི་ནང་དུའང་། ལག་པས་སྒྲིག་བཟོ་བྱས་ན། པར་ཧ་ཅང་ཡག་པོ་ལེན་ཐུབ། དེར་བརྟེན། ཁ་པར་འདི་ནི་མཚན་མོར་འོད་ཞེ་དྲག་མེད་པའི་གནས་སྐབས་སུ་པར་སྟོབས་ཤོས་དེ་ལེན་ཐུབ་པའི་ད་ལྟའི་དུས་ཀྱི་ཡོ་ཆས་ཡག་ཤོས་དེ་ཡིན། 

མཉེན་ཆས།

ཧྭ་ཝེ་ཁ་པར་ཐོན Huawei P30 Pro ཡི་ནང་དུ་EMUI 9.1ཉེར་སྤྱོད་མ་ལག་བཀོལ་སྤྱོད་བྱེད་ཀྱི་ཡོད་ལ། མཉེན་ཆས་དེ་ཨན་ཌོ་9.0 Pie ལ་མ་དཔེ་བལྟས་པ་ཞིག་རེད། ཉེར་སྤྱོད་མ་ལག་འདིས་རྩ་བའི་ཆ་ནས་ལས་ཀ་ཧ་ཅང་ཡག་པོ་བྱེད་ཀྱི་ཡོད། འོན་ཀྱང་མཚམས་རེར་མཐེབ་ཅུ་ཐེངས་གཉིས་རེར་མ་མནན་ན། ལས་ཀ་མི་བྱེད་པའི་གནས་སྐབས་དེ་འདྲའང་ཡོང་གི་ཡོད། སྐྱོན་ཆ་འདི་ཐེངས་རྗེས་མའི་མཉེན་ཆས་གསར་སྣོན་གྱི་དུས་སྐབས་སུ་ཡར་རྒྱས་དང་ལེགས་བཅོས་གཏང་ཆོག་པ་ཞིག་རེད། ཧྭ་ཝེ་བཟོ་ཚོང་ཁང་གིས་བརྗོད་ན། ཕྱི་ལོ་༢༠༡༩་ལོའི་ཟླ་༦་པའི་ཚེས་༢༠་ཉིན། ཨན་ཌོ་ Q ལ་གཞིར་བཞག་སྟེ། ཧྭ་ཝེ་ཁ་པར་ཐོན Huawei P30 Pro ནང་གི་མཉེན་ཆས་གསར་སྣོན་བྱེད་རྒྱུ་རེད་འདུག་ལ། དེ་དུས་ཁྱད་ཆོས་འཕར་མ་མང་པོ་ཁ་སྣོན་བྱེད་ངེས་པས། དེ་དག་ཁྱེད་ཀྱིས་རེ་རེ་བཞིན་རྩད་ཞིབ་བྱེད་ཆོག

བཟང་ཆ།

  • འཆར་ངོས་ཆེ་ཆུང་6.47inch་ཡིན་པ་དང་། འཆར་རིས་ཀྱི་ཤུགས་ཚད་FHD+
  • ཉི་འོད་ཡོད་མེད་གཉིས་ཀའི་གནས་སྐབས་སུ། པར་སྤུས་དག་ལེན་ཐུབ་པ།
  • ས་རྡུལ་དང་ཆུ་འགོག་གི་ནུས་པའི་ཚད་གཞི IP68
  • མགྱོགས་མྱུར་མཛུབ་རིས་ངོས་འཛིན་གྱི་ཁྱད་ཆོས།
  • གློག་རྫས་ཀྱི་འདང་ཚད་རིང་བ།
  • སྐུད་ཡོད་དང་སྐུད་མེད་གཉིས་ཀའི་ལམ་ནས་གློག་མགྱོགས་པོ་གསོག་ཐུབ་པ།
  • པར་ཆས་ཀྱི་བརྙན་མིག་བརྗེ་སྒྱུར་གྱི་ཤུགས་ཚད་5x་ལྡན་པ།

སྐྱོན་ཆ།

  • ཁ་པར་གྱི་སྒྲ་སྐྱེད་ཆས་ཀྱི་སྤུས་ཀ་ཞེ་དྲག་ཧ་ལས་པ་མེད།
  • ཚད་ལྡན་གྱི་བརྙན་ལེན་ནུས་པ་ 4K at 60fps མེད་པ།
  • ལངས་གཟུགས་སྒྲ་སྐྱེད་ཆས་མེད་པ།
  • མཉེན་ཆས་ལེགས་བཅོས་གཏོང་དགོས་པ།

ཁྱད་ཆོས་གནད་བསྡུས།

  • འཆར་ངོས་ཆེ་ཆུང་6.47inch་ཡིན་པ་དང་། འཆར་རིས་ཀྱི་ཤུགས་ཚད་FHD+  1080 X 2340 pixels ལྡན་པ།
  • Octa core (2.6 GHz, Dual core, Cortex A76 + 1.92 GHz, Dual core, Cortex A76 + 1.8 GHz, Quad core, Cortex A55).
  • HiSilicon Kirin 980 with Mali-G76 MP10 GPU.
  • སྐབས་བསྟུན་གསོག་ཆས་ཤོང་ཚད་ 8 GB RAM with 128GB/256/512 ROM.
  • གློག་རྫས 4200 mAh LI-Polymer
  • ཆེ་ཆུང་རན་པོ་དང་ལྗིད་ཚད་ཡང་བ། དཀྱུས་རིང་ཐུང་ལ་ལི་རྨིད -158mm དང་།  ཞེང་གི་རིང་ཚད་ལ་ལི་རྨིད་73.4mm མཐུག་ཚད་ལ་ལི་རྨིད་8.41mm ལྗིད་ཚད་ལ་ཁེ 92 ཡོད། 
  • རྒྱབ་ཀྱི་པར་ཆས། – 40MP( f/1.6)+ 20 MP(f/2.2) + 8 MP(f/3.4) མ་འདྲ་བ་གསུམ་ཡོད། 
  • མདུན་གྱི་པར་ཆས (Selfie) camera– 32MP( f/2.0).
  • སོ་སྔོན 5.0 and NFC. ཨན་ཌོ 9.0 (PIE) ཕྱི་ཚུལ་EMUI 9.1.
  • མཛུབ་རིས་ངོས་འཛིན། ངོ་གདོང་ངོས་འཛིན།
  • ས་རྡུལ་དང་ཆུ་འགོག་གི་ནུས་པའི་ཚད་གཞི IP68

མཐའ་མའི་བསམ་ཚུལ།

ཁ་པར་འདི་བཟོ་སྐྲུན་བྱེད་དུས་ཧྭ་ཝེ་བཟོ་ཚོང་ཁང་གིས་ཁ་པར་གྱི་བཟོ་ལྟ་དང་། གློག་རྫས། བྱེད་ལས། མགྱོགས་ཚད་བཅས་གཙིགས་སུ་བཟུང་ཡོད། ཁ་པར་འདི་ཁྲོམ་རར་རྒྱུགས་ཆེ་བའི་རྒྱུ་རྐྱེན་ལྟེ་བ་དེ། ནག་ཁུང་ནང་ནས་པར་སྤུས་དག་ལེན་ཐུབ་པའི་40MP་ཤུགས་ཚད་ཅན་གྱི་པར་ཆས་དང་། ཁ་པར་གྱི་དོ་དམ་ཡོ་ཆས་ 7nm Kirin 980 དེ་རེད། སྤྱི་ཡོངས་ཀྱི་ཆ་ནས། ཁ་པར་འདི་ལག་ནང་དུ་སྙིང་རྗེ་བོ་ཡོད་པའི་ཡོ་ཆས་ཤིག་རེད།

ཨ་རིའི་གཞུང་གིས་ཧྭ་ཝེ་བཀག་སྡོམ་གྱི་ཐག་གཅོད་དེ་མཚམས་བཞག་ཟིན་པས། འཕྲལ་དུ་ཧྭ་ཝེ་བཟོ་ཚོང་ཁང་གི་ཁ་པར་ཁག་ལ་ཨན་ཌོ་མ་ལག་གི་མཉེན་ཆས་དང་བདེ་འཇགས་ཀྱི་གསར་སྣོན་རིགས་མུ་མཐུད་ནས་རེག་ངེས་ཀྱང་། ཕུགས་སུ་ག་འདྲ་ཆགས་མིན་བཤད་ཚོད་མི་ཐིག   རྒྱུ་མཚན་འདིའི་དབང་གིས། ངེས་པ་ཁྱོན་ནས་མེད་པའི་གནས་སྟངས་ཤིག་གི་ཁྲོད་དུ།ཧྭ་ཝེ་ཁ་པར་ཉོ་བའི་མཚམས་སྦྱོར་བྱེད་རྒྱུ་ཧ་ཅང་དཀའ།

 

Leave a Reply

Your email address will not be published. Required fields are marked *