ཁུ་ལོ་རིག་ནུས་ཀྱི་མ་དཔེ་ཐོན་གསར་ཤོས།

ཨ་རིའི་སྲིད་འཛིན་ཁྲི་རོམ་ཕུས་ཁུ་ལོ་རིག་ནུས་ཀྱི་མ་དཔེ་ཐོན་གསར་ཤོས Claude Mythos 5 དང་། Claude Fable 5 གཉིས་ཀ་རྒྱལ་ཁབ་གཞན་གྱི་ཁྲོམ་རར་ཕྱིར་གཏོང་དང་བཀོལ་སྤྱོད་བྱེད་རྒྱུར་ཚོད་འཛིན་བྱས་ཡོད་ལ། གནས་ཚུལ་དེ་དང་འབྲེལ་ནས་ཁྲིམས་ཐོག་ནས་རིག་ནུས་སྟངས་འཛིན་དང་། རིག་ནུས་དང་འབྲེལ་བའི་རྒྱལ་སྲུང་བདེ་འཇགས་ཀྱི་དཀའ་ངལ། འཛམ་གླིང་ཡོངས་ཁྱབ་ཀྱི་རིག་ནུས་ཀྱི་འགྲན་རྩོད་བཅས་ཀྱི་སྐོར་ལ་མི་ཚོས་ཚ་ཚ་འུར་འུར་གྱི་ཐོག་ནས་བགྲོ་གླེང་བྱེད་འགོ་བཙུགས་ཡོད། 

ཨ་རིའི་གཞུང་གིས་ཁུ་ལོ་རིག་ནུས་ཀྱི་མ་དཔེ་གསར་པའི་ཚད་མཐོ་བའི་དྲ་རྒྱའི་བདེ་འཇགས་དང་འབྲེལ་བའི་ནུས་སྟོབས་དེས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་པར་བརྗོད་དེ། ཨན་ཐུ་རོ་ཕེ་ཁིག་(Anthropic)་བཟོ་ཚོང་ཁང་ལ་མ་དཔེ་གསར་ཤོས་དེ་ཕྱིར་བསྡུ་བྱེད་དུ་བཅུག་སྟེ་བཀོལ་སྤྱོད་བྱེད་མི་ཐུབ་པ་བཟོས་ཡོད།

གནས་ཚུལ་འདིའི་རྐྱེན་གྱིས།

  • རྒྱལ་ཁབ་དང་སྒྲིག་འཛུགས་ཁ་ཤས་ཀྱིས་ཁུ་ལོ་རིག་ནུས་ཀྱི་མ་དཔེ་གསར་ཤོས་ཁག་བེད་སྤྱོད་བྱེད་པའི་ཐོབ་ཐང་ཤོར་སྲིད།
  • ཨ་རིའི་བཟོ་ཚོང་སྤྱི་གཉེར་ཁང་ཁག་གིས་རྒྱལ་ཁབ་གཞན་གྱི་ཉོ་ཚོང་བྱེད་མཁན་ལ་མ་དཔེ་དེ་དག་མཁོ་འདོན་བྱེད་རྒྱུར་བཀག་སྡོམ་བྱེད་སྲིད།
  • ཨ་རིའི་རྒྱལ་ནང་གི་འཛད་སྤྱོད་པ་ཚོར་མ་དཔེ་དེ་དག་བེད་སྤྱོད་བྱེད་པའི་ཐོབ་ཐང་མུ་མཐུད་གནས་སྲིད།

གང་ལྟར། གནས་ཚུལ་དེ་དང་འབྲེལ་ནས་དབྱེ་ཞིབ་པ་མང་པོ་ཞིག་གིས། ཁུ་ལོ་རིག་ནུས་ལ་ཚོད་འཛིན་བྱས་པ་དེས་OpenAI་བཟོ་ཚོང་ཁང་ལ་ཁྲོམ་རའི་ཁེ་སྤོགས་ཆེན་པོ་རག་སྲིད་པ་དང་། ཨ་རིའི་རིག་ནུས་ཀྱི་གོམ་འགྲོས་ཇེ་དལ་དུ་ཕྱིན་ཚེ། རྒྱ་གར་དང་། རྒྱ་ནག ཡུ་རོབ་བཅས་ཀྱི་རིག་ནུས་མ་ལག་ཁག་ལ་ཁེ་ཕན་རག་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད། དེ་ལས་ལྡོག་སྟེ། དབྱེ་ཞིབ་པ་གཞན་ཁག་ཅིག་གིས། ཨ་རིའི་གཞུང་གིས་རིག་ནུས་ཀྱི་བཟོ་ཚོང་ཁང་ཞིག་ལ་དམིགས་བསལ་གྱིས་ཚོད་འཛིན་བྱས་པ་དེས། ཁུ་ལོ་རིག་ནུས་ལ་འགྲན་ཟླ་བྲལ་བའི་ནུས་པ་ཞིག་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག  

ལམ་ཡིག་གི་ཞབས་མཆན། ཨ་རིའི་གཞུང་གིས་རིག་ནུས་ཀྱི་མ་དཔེ་ཞིག་ལ་ཚོད་འཛིན་བྱས་པ་དེས། སོ་སོའི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གཞན་གྱིས་རྐུ་འཁྱེར་དང་བཀོལ་སྤྱོད་ལོག་པ་གཏོང་མ་ཐུབ་པ་བཟོ་བའི་ཆེད་དུ་ཡིན་ལ། ཁྱབ་ཆེ་ས་ནས་བཤད་ན། འདི་ནི་རིག་ནུས་འགྲན་རྩོད་ཁྲོད་དུ་གཟབ་ནན་གྱི་ཐོག་ནས་རང་གི་ཐོན་རྫས་ལ་སྲུང་སྐྱོབ་དང་། གཞན་གྱི་གནོད་པར་དོགས་ཟོན་བྱེད་ཀྱི་ཡོད་པ་མཚོན་ཐུབ། འདི་ནི་ཨ་རི་གཞུང་གིས་གོམ་པ་རིམ་སྤོས་ཀྱི་ཐོག་ནས་ཐག་གཅོད་བྱས་པ་ཞིག་ཡིན་ཏེ། དཔེར་ན། ད་ལོའི་ཟླ་གཉིས་པའི་ནང་དུ་ཁུ་ལོ་རིག་ནུས (Claude AI)བཟོ་མཁན་གྱི་ཨ་རིའི་བརྡ་འཕྲིན་བཟོ་ལས་ཁང་(Anthropic)ཨན་ཐུ་རོ་ཕེ་ཁིག་གིས།  རྒྱ་ནག་གི་མིས་བཟོས་རིག་ནུས་ DeepSeek དང་། Moonshot  MiniMax་བཅས་ཀྱིས་ཁུ་ལོ་རིག་ནུས་ཀྱི་ནུས་པ་བསྔོག་འདོན་བྱས་ཏེ་གཡོ་ལེན་བྱས་ཡོད་པའི་ཉེས་འཛུགས་བྱས་ཡོད་པ་དང་། ཟླ་བཞི་པའི་ནང་དུ།  རྒྱལ་ནང་གི་ཁུ་ལོ་རིག་ནུས་སྤྱོད་མཁན་ཚོར་སོ་སོའི་ངོ་བོ་བདེན་དཔང་བྱེད་དགོས་པའི་ཆ་རྐྱེན་གསར་པ་བཟོས་ཡོད་དོ།། 

Leave a Reply

Your email address will not be published. Required fields are marked *