ཀུ་ཤུ་བཟོ་ཚོང་ཁང་གིས་མི་འགྱངས་བར་འདོན་སྤེལ་བྱེད་ལ་ཉེ་བའི་ཀུ་ཤུའི་ཉེར་སྤྱོད་མ་ལག་iOS 27་གི་ནང་དུ། རིག་ནུས་ཀྱི་མ་དཔེ་གཞན་སྤྱོད་ཆོག་པ་བཟོ་རྒྱུའི་འཆར་གཞི་འཐེན་བཞིན་ཡོད་ལ། འདི་ནི་གཙོ་བོ་རྒྱལ་ནང་གི་ཀུ་ཤུ་ཁ་པར་བཀོལ་མཁན་ཚོའི་དགོས་འདུན་དང་དཀའ་ངལ་ལ་དམིགས་ཏེ་དངོས་སུ་ལག་བསྟར་བྱ་འཆར་ཡོད་པའི་ལས་གཞི་གལ་ཆེན་ཞིག་ཡིན། གང་ཡིན་ཞེ་ན། རྩ་བའི་ཆ་ནས་ཀུ་ཤུའི་ལམ་ལུགས་ནི་ཁེ་གཙང་དང་སྒོ་སྡམ་གྱི་ལམ་ལུགས་ཤིག་ཡིན་པས། རང་ཉིད་ཀྱི་ཐོན་རྫས་ཁག་གི་ནང་དུ་སོ་སོའི་གསར་གཏོད་ཀྱི་རྒྱུ་ཆ་ཁག་མི་གཏོགས། བཟོ་ཚོང་ཁང་གཞན་གྱི་ཐོན་རྫས་ལས་སླ་པོའི་ཐོག་ནས་ནང་དུ་མི་འཇུག ཡིན་ཡང་། ད་ཆ། ལམ་ལུགས་དེ་དོར་ནས་ Siri དང་། ཡིག་འབྲི། པར་རིས་བཟོ་སྐྲུན་སོགས་ཀྱི་མ་ལག་གི་ནང་དུ་རིག་ནུས་ཀྱི་མ་དཔེ་གཞན་སྤྱོད་ཆོག་པའི་གོ་སྐབས་སྤྲོད་རྒྱུ་ཡིན་པ་རེད།
ཀུ་ཤུ་ཉེར་སྤྱོད་མ་ལག iOS 27 ནང་གི་འགྱུར་བ་གཙོ་བོ་གང་ཡིན་ནམ་ཞེ་ན།
ཀུ་ཤུ་བཟོ་ཚོང་ཁང་གིས་རིག་ནུས་ཀྱི་མ་དཔེ་གཞན་དང་མཉམ་འབྲེལ་བྱེད་རྒྱུ་རེད་འདུག་པས། འཛད་སྤྱོད་པ་ཚོས་རང་ཉིད་ཀྱི་ཁ་པར་ནང་དུ་རིག་ནུས་ཀྱི་མ་དཔེ་གང་སྤྱོད་མིན། རང་གི་འདོད་མོས་ལྟར་འདེམས་ཆོག་གི་ཡོད། ཀུ་ཤུ་བཟོ་ཚོང་ཁང་གིས་ཁ་སྣོན་ཡོ་ཆས་ཤིག་བཟོ་རྒྱུ་རེད་འདུག་ལ། མི་ཚོས་གང་འདོད་ལྟར་རིག་ནུས་ཀྱི་མ་དཔེ་གང་རུང་ཞིག་སོ་སོའི་ཁ་པར་གྱི་མ་ལག་ནང་ཐད་ཀར་མཐུད་ནས་སྤྱོད་ཐུབ་ཀྱི་ཡོད་པ་རེད།
རྒྱབ་ལྗོངས་ཀྱི་གནས་ཚུལ།
སྤྱི་ལོ 2024 ལོར་ཀུ་ཤུ་བཟོ་ཚོང་ཁང་གིས Apple Intelligence བཏོན་པ་ནས་བཟུང་། ཁྲིམས་ལུགས་ཀྱི་འགོག་རྐྱེན་དབང་གིས། རྒྱལ་ནང་གི་ཀུ་ཤུ་ཁ་པར་བཀོལ་སྤྱོད་བྱེད་མཁན་ཚོས་ཀུ་ཤུ་ཁ་པར་ནང་གི་ཁྱད་ཆོས་མང་དག་ལོངས་སུ་སྤྱོད་ཐུབ་ཀྱི་མེད་ལ། ལྷག་པར་དུ་རིག་ནུས་ཀྱི་མ་དཔེ་ChatGPT ལྟ་བུ་རྩ་བ་ནས་སྤྱོད་ཐུབ་ཀྱི་མེད། ད་ལྟའི་ཆར་ཁོང་ཚོས་ AI སྤྱོད་དགོས་ཚེ། App ཤིག་ལོགས་སུ་ཕབ་ལེན་བྱས་ཏེ་བེད་སྤྱོད་གཏོང་དགོས་པས་སྟབས་བདེ་པོ་མེད། འོན་ཀྱང་། iOS 27 ཉེར་སྤྱོད་མ་ལག་དངོས་སུ་ཐོན་སྐབས། རྒྱལ་ནང་གི་ཀུ་ཤུ་འཛད་སྤྱོད་པ་ཚོས་DeepSeek དང་ 豆包 སོགས་ཁ་པར་གྱི་གཞི་རྩའི་ AI ལ་བཟོ་ཆོག་པས། ཁོང་ཚོའི་འཚོ་བར་སྔར་ལས་ལྷག་པའི་སྟབས་བདེ་བསྐྲུན་ནུས། ཁྲོམ་རའི་འགྲན་རྩོད་ཀྱི་ཐད་ནས་གླེང་ན། ཀུ་ཤུ་བཟོ་ཚོང་ཁང་གིས་ཐག་གཅོད་འདིས། ཀུ་ཤུ་བཟོ་ཚོང་ཁང་ལ་རྒྱ་ནག་གི་ཁྲོམ་རའི་ནང་གོ་གནས་མཐོ་བོ་འཛིན་ཐུབ་པར་ཕན་ཐོགས་ཆེ་ལ། ལག་ལེན་དེའི་ཁྲོད་དུ་ས་གནས་ཀྱི་ལག་རྩལ་པ་དང་ཆེད་མཁས་པ་སོགས་དང་མཉམ་ལས་བྱེད་དགོས་པས། རྒྱལ་ནང་གི་མིས་བཟོས་རིག་ནུས་ཀྱི་བཟོ་ལས་ཁང་རྣམས་ལ་མཚོན་ནའང་གོ་སྐབས་ཆེན་པོ་ཞིག་ཡིན། རྒྱལ་ནང་གི་རིག་ནུས་བཟོ་ཚོང་ཁང་དེ་དག་གིས་ཀུ་ཤུའི་སྡིངས་ཆ་བེད་སྤྱད་དེ་རང་ཉིད་ཀྱི་ཞབས་ཞུའི་ལས་གཞི་སྔར་ལས་རྒྱ་བསྐྱེད་དང་། སྤྱི་གཉེར་ཁང་གི་མིང་གྲགས་སྤེལ་བ་དང་ཁྲོམ་རའི་ཐོབ་ཆ་རྒྱ་བསྐྱེད་གཏོང་བ་སོགས་ལ་ཕན་ཐོགས་བྱེད་ཐུབ།
མཇུག་སྡོམ།
ཀུ་ཤུའི་ཉེར་སྤྱོད་མ་ལག iOS 27 དངོས་སུ་མ་ཐོན་བར་དུ་ད་དུང་གྲུབ་འབྲས་ཅི་འདྲ་ཡོང་མིན་བཤད་ཚོད་དཀའ་ནའང་། འགྱུར་ལྡོག་འདིས་ཀུ་ཤུ་བཟོ་ཚོང་ཁང་གིས་ཁྲོམ་རའི་དགོས་མཁོ་དང་ས་གནས་ཀྱི་ཁྲིམས་ལུགས་སོགས་ལ་གང་ཐུབ་ཀྱིས་བསྟུན་མཁས་བྱེད་བཞིན་པ་གསལ་པོར་མཚོན་གྱི་ཡོད། འདི་ནི་རྒྱལ་ནང་གི་ཀུ་ཤུ་ཁ་པར་གྱི་རིག་ནུས་ཀྱི་སྟོང་ཆ་སྐོང་ཆེད། རྒྱལ་ནང་ནས་བཟོས་པའི་རིག་ནུས་ཀྱི་མ་དཔེ་ཞིག་ཀུ་ཤུའི་ཁ་པར་གྱི་ཀླད་པ་བཟོ་བ་ཙམ་མ་གཏོགས། ChatGPT ལྟ་བུ་བཀོལ་ཐུབ་པའི་རེ་བ་ནམ་ཡང་མེད།