དྲ་བཤེར་གྱི་སྡེ་ཚན།
འཕྲུལ་རིག་གསར་འགྱུར།
70 posts
འཕྲུལ་རིག་བཟོ་ལས་ཁང་ཁག་གི་ཐོག་ལ་གཞུང་གི་གནོན་ཤུགས།
རྒྱལ་ནང་གི་འཕྲུལ་རིག་བཟོ་ལས་ཁང་ཁག་གི་འཕེལ་ཚད་དང་ཁྱབ་རྒྱ་ཆེ་དྲགས་པ་བརྟེན་ནས། ཁོང་ཚོའི་ཐོག་ཏུ་གཞུང་གི་དོ་དམ་ཚན་ཁག་གི་གནོན་ཤུགས་ཆེན་པོ་སླེབས་ཡོད། ད་བར་ཐིན་ཞུན་(腾讯)བཟོ་ཚོང་ཁང་གི་སོ་སོའི་ཚོང་རའི་རིན་ཐང་གི་ཁྲོད་ནས་ཨ་སྒོར་དུང་ཕྱུར་༦༠༠་ལྷག་གི་ཁེ་སྤོགས་བཟོས་ཡོད་ལ། གཞུང་གི་གནོན་ཤུགས་ཆེ་རུ་ཕྱིན་པ་ལ་བརྟེན་ནས། ཁོང་ཚོའི་མ་རྐང་གི་ཆ་ཤས་ཀྱི་རིན་གོང་ཅུང་མར་ཆགས་ཡོད། གསར་ལམ་དུ་གནས་ཚུལ་ཐོན་གསལ་ལྟར་ན། ཐིན་ཞུན་གྱི་དོ་ཟླ་ཡིན་པའི་ཨ་ལི་བྷ་བྷ་འཕྲུལ་རིག་བཟོ་ལས་ཁང་གིས་ཀྱང་གཞུང་གི་གནོན་ཤུགས་འོག་སོ་སོའི་ཆ་འཕྲིན་རྒྱུ་རྫས་ཁག་ཅིག་བཙོང་དགོས་སྲིད་ཀྱི་ཡོད་འདུག གང་ཡིན་ཞེ་ན། གཞུང་གི་ཚོང་རའི་དོ་དམ་ལྷན་ཁང་གིས་འཕྲུལ་རིག་བཟོ་ལས་ཁང་ཁག་གི་ཐོག་ཏུ་སྔར་ལས་ལྷག་པའི་དམ་དྲག་བྱེད་རྒྱུ་ཡིན་པའི་རྣམ་འགྱུར་བསྟན་ཡོད། རྒྱལ་ཁབ་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ལྷན་ཁང་གིས་བརྗོད་གསལ་ལྟར་ན། རྒྱལ་ཁོངས་ཀྱི་བཟོ་ཚོང་ཁང་༡༢་ཡི་ཚོང་འབྲེལ་གྱི་བྱེད་སྒོ་༡༠་ཙམ་གྱིས་ཚོང་དབང་གཅིག་འཛིན(སྒེར་སྡེམ)་ལ་རྒོལ་བའི་སྒྲིག་སྲོལ་ལ་འགལ་བར་བརྟེན། གཞུང་གིས་ཉེས་ཆད་བཅད་ཡོད་འདུག་ལ། བཟོ་ཚོང་ཁང་དེ་དག་གི་ཁོངས་སུ། ཐིན་ཞུན་བཟོ་ཚོང་ཁང་དང་། པའེ་ཏུའུ། ཏིས་ཏིས། SoftBank བྷེ་ཁྲི་སྒྲན་སི་དང་བཟོ་ཚོང་ཁང་གིས་རྒྱབ་སྐྱོར་བྱེད་བཞིན་པའི་ཚོང་ལས་ཁང་བཅས་ཚུད་ཡོད་འདུག…
བརྡ་རྟགས་བཀོལ་ཆས་བཀག་སྡོམ།
སྲིད་གཞུང་གིས་ཕྱི་རྒྱལ་དང་ནང་རྒྱལ་གྱི་འཕྲུལ་རིག་བཟོ་ཚོང་ཁང་ཁག་གིས་བཟོས་པའི་འཕྲིན་ཐུང་གླེང་མོལ་བཀོལ་ཆས་ཀྱི་ཐོག་ཏུ་དམ་དྲག་ཤུགས་ཆེ་རུ་གཏོང་གི་ཡོད་པ་བཞིན། དེ་ཡང་རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། གསང་སྡོམ་གྱི་ཁྱད་ཆོས་ལྡན་པའི་བརྡ་རྟགས་འཕྲིན་ཐུང་གླེང་མོལ་་ཟེར་བ་དེ་ད་ཆ་རྒྱལ་ནང་དུ་བཀག་འགོག་བྱས་ཡོད་འདུག དེར་བརྟེན། བརྡ་རྟགས་བཀོལ་ཆས་བཀོལ་སྤྱོད་བྱེད་མཁན་གྱི་རྒྱལ་ནང་གི་འཛད་སྤྱོད་པ་ཚོས།རང་ཉིད་ཀྱི་ཁ་པར་རྟོག་བཟོས་མི་སྒེར་དྲ་བ་དང་སྦྲེལ་ན་མ་གཏོགས། བཀོལ་ཆས་དེ་སྔོན་ལྟར་བཀོལ་སྤྱོད་བྱེད་ཐུབ་ཀྱི་མེད། འཛད་སྤྱོད་པ་ཁག་གི་བར་དུ་སྣེ་གཉིས་བར་གྱི་གསང་སྡོམ་མཁོ་སྤྲོད་བྱེད་མཁན་གྱི་བརྡ་རྟགས་གླེང་མོལ་བཀོལ་ཆས་བཀག་སྡོམ་བྱས་པ་དེ། གཞུང་ཕྱོགས་ནས་མང་ཚོགས་ཀྱི་བསམ་ཚུལ་དང་སྒེར་གྱི་གྲོས་བསྡུར་ཁག་གི་ཐོག་ཏུ་བྱ་ར་བྱེད་པའི་ལས་གཞི་ཆེ་རུ་གཏོང་བའི་དུས་སྐབས་ལ་འཁེལ་ཡོད། རྒྱལ་ནང་དུ། ངོ་དེབ་དང་། གྷོ་གྷིལ། བྱེའུ་སྐད་སོགས་རྒྱལ་སྤྱིའི་སྒང་དུ་གྲགས་ཆེ་བའི་སྤྱི་ཚོགས་འབྲེལ་མཐུད་དྲ་བ་ཁག་བཀག་འགག་བྱས་ཏེ་ལོ་མང་ཕྱིན་ཡོད་ལ། ད་ལོའི་ཟླ་༢་པའི་ནང་དུ། Clubhouseསྐད་ཀྱི་ལམ་ནས་མི་མང་པོ་ལྷན་དུ་འཛོམས་ཏེ།བརྗོད་གཞི་སྣ་ཚོགས་ཀྱི་སྒང་དུ་གྲོས་བསྡུར་བྱ་ཆོག་སའི་སྡིངས་ཆ་དེའི་ནང་དུ་རྒྱལ་ནང་གི་དྲ་གྲོགས་མང་པོ་འཛུལ་སྟབས་གཞུང་གིས་བཀོལ་ཆས་དེའང་བཀག་སྡོམ་བྱས་ཡོད། བརྡ་རྟགས་གླེང་མོལ་བཀོལ་ཆས་ནང་དུ་སྣེ་གཉིས་བར་གྱི་གསང་སྡོམ་གྱི་ཁྱད་ཆོས་མཁོ་སྤྲོད་བྱེད་ཀྱི་ཡོད་སྟབས།དེའི་ནང་དུ་བཏང་བའི་ཁ་པར་དང་འཕྲིན་ཐུང་རིགས་གང་ཟག་གསུམ་པས་རྩ་བ་ནས་ལྟ་ཀློག་བྱེད་མི་ཐུབ།དེའི་རྒྱུ་མཚན་གྱི་མི་སྒེར་གྱི་གསང་རྒྱ་ལ་དོ་སྣང་ཡོད་མཁན་གྱི་རྒྱལ་ནང་གི་མི་མང་པོ་ཞིག་གིས་བཀོལ་ཆས་འདི་བཀོལ་སྤྱོད་བྱེད་འགོ་བཙུགས་ཡོད་རུང་།དེ་དག་གི་གྲངས་འབོར་སྐད་འཕྲིན་དང་ཡེ་ནས་བསྡུར་ས་མེད་དེ།སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་གྱི་མི་གྲངས་དུང་ཕྱུར་༡༠་ལྷག་ཡོད།སྐད་འཕྲིན་གྱི་ནང་དུའང་ཆབ་སྲིད་དང་འབྲེལ་བའི་སྐད་ཆ་དང་།དཀྲོག་གཏམ་རིགས་ལ་དོ་དམ་ནན་མོ་བྱེད་ཀྱི་ཡོད།བརྡ་རྟགས་དང་སྐད་འཕྲིན་གཉིས་ཀྱི་ཁྱད་པར་གཙོ་བོ་ནི།གོང་དུ་ཞུས་ཟིན་པ་ལྟར།བརྡ་རྟགས་ཀྱི་ནང་དུ་སྣེ་གཉིས་བར་གྱི་གསང་སྡོམ་ཡོད་ལ།སྐད་འཕྲིན་གྱི་ནང་དུ་འཛད་སྤྱོད་པ་དང་དྲ་བའི་ཞབས་ཞུ་གཉིས་ཀྱི་བར་དུ་མ་གཏོགས་གསང་སྡོམ་མཁོ་སྤྲོད་བྱེད་ཀྱི་མེད།དེའི་དོན་ནི།འཛད་སྤྱོད་པས་སྐད་འཕྲིན་ནང་དུ་བཏང་བའི་ཡིག་ཆ་ཚང་མ་སྐད་འཕྲིན་གྱི་ཐིན་ཞུན་བཟོ་ཚོང་ཁང་གིས་བར་གཅོད་བྱས་ཏེ་ལྟ་ཀློག་བྱེད་ཐུབ་ཀྱི་ཡོད། ཁྱེད་ཀྱིས་སྣེ་གཉིས་བར་གྱི་གསང་སྡོམ་སྐོར་ལ་ཞིབ་ཏུ་ཧ་གོ་འདོད་ན།ལམ་ཡིག་དྲ་ཚིགས་ཀྱི་རྩོམ་འདི་ཀློགས།
འཛད་སྤྱོད་པས་འགོག་དཀའ་བའི་སྐད་འཕྲིན་ནང་གི་ཁྱབ་བསྒྲགས།
རྒྱ་ནང་གི་འཕྲུལ་རིག་བཟོ་རྩལ་ཚོང་ལས་ཁང་ཁག་གི་ཐོག་ཏུ་གཞུང་གི་གནོན་ཤུགས་ཆེ་རུ་ཕྱིན་པ་བརྟེན་ནས། ཁ་པར་ནང་ཁྱབ་བསྒྲགས་གཏོང་བའི་ཚོང་ལས་སྡེ་ཁག་གི་བྱེད་སྒོ་ཁག་ལའང་ཞིབ་དཔྱོད་བྱེད་འགོ་བཙུགས་ཡོད། སྐད་འཕྲིན་ནང་གི་མི་སྒེར་ལ་དམིགས་པའི་ཁྱབ་བསྒྲགས་རིགས། འཛད་སྤྱོད་པས་མཐོང་འདོད་མེད་པའི་དབང་དུ་བཏང་རུང་། དེ་དག་མི་སྒེར་གྱི་ངོས་ནས་བཀག་འགོག་བྱེད་རྒྱུ་ཧ་ཅང་དཀའ་མོ་བཟོས་ཡོད། དེ་ཡང་། ཧྲང་ཧེ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་དུ། ཁ་པར་ནང་གི་བཀོལ་ཆས་ཁག་གི་ཁྱབ་བསྒྲགས་ཀྱི་གནད་དོན་དང་དཀའ་ངལ་སྐོར་ཁ་གསལ་བཏོན་ཡོད་ལ། བཀོལ་ཆས་དེ་དག་གི་ཁོངས་ཀྱི་དཀའ་ངལ་ཅན་གྱི་བཀོལ་ཆས་གཅིག་ནི་སྐད་འཕྲིན་ཡིན། སྙན་ཐོ་དེའི་ནང་དུ། འཛད་སྤྱོད་པས་མཛུབ་གནོན་ཐེངས་གཅིག་གིས་ཁྱབ་བསྒྲགས་དེ་དག་སྒོ་རྒྱག་པའམ། ཡང་ན། མེད་པར་བཟོ་ཐབས་བྲལ་བའི་སྐོར་ལ་སྐྱོན་བརྗོད་བྱས་ཡོད། དེ་ཡང་ཁ་པར་གྱི་འཆར་ངོས་སུ་ཁྱབ་བསྒྲགས་ཤིག་མངོན་ཡོང་དུས། འཛད་སྤྱོད་པར་ཁྱབ་བསྒྲགས་དེ་ལ་ལྟ་བའི་འདོད་པ་མེད་ཚེ། ང་ལ་འདོད་པ་མེད་ཟེར་བའི་གདམ་ག་དེ་འདེམས་རྗེས། རྒྱུ་མཚན་ཞིག་བགྲང་དགོས་ཀྱི་ཡོད། སྐད་འཕྲིན་ནང་གི་མི་སྒེར་ལ་དམིགས་པའི་ཁྱབ་བསྒྲགས་རིགས།…
ཀུ་ཤུ་བཟོ་ཚོང་ཁང་གི་འཚོལ་བཤེར་མ་ལག
དངུལ་རྩའི་སྐབས་དོན་ཚགས་པར(金融时报)་གྱི་ནང་དུ་གནས་ཚུལ་འཁོད་གསལ་ལྟར་ན། ཀུ་ཤུ་བཟོ་ཚོང་ཁང་གིས་གྷོ་གྷིལ་བཟོ་ཚོང་ཁང་གི་གྷོ་གྷིལ་འཚོལ་བཤེར་མ་ལག་ལ་འགྲན་རྩོད་བྱེད་པའི་ཆེད་དུ། རང་ངོས་ནས་འཚོལ་བཤེར་མ་ལག་གསར་པ་ཞིག་འདོན་སྤེལ་བྱེད་བཞིན་ཡོད་འདུག འཚོལ་བཤེར་མ་ལག་གསར་པ་དེའི་ཐོག་མའི་པར་གཞི་དེ་ཀུ་ཤུ་ཁ་པར་གྱི་མ་ལག་ཐོན་༡༤་ཁོངས་སུ་བཅུག་ཡོད། ཁྱེད་ཀྱིས་ཀུ་ཤུ་ཁ་པར་གྱི་གཙོ་ངོས་སུ་ཡོད་པའི་འཚོལ་བཤེར་གྱི་ཡིག་སྒམ་ཞིིག་ཡོད་པ་དེའི་ནང་དུ། འཚོལ་བཤེར་བྱེད་འདོད་པའི་བརྗོད་གཞི་གང་རུང་ཞིག་གཏགས་ཚེ། དེ་འབྲེལ་གྱི་འབྲེལ་ཐག་དང་གནས་ཚུལ་མང་དག་ཅིག་ཁ་པར་གྱི་འཆར་ངོས་སུ་མངོན་ཡོང་གི་ཡོད། འཚོལ་བཤེར་མ་ལག་གསར་པ་འདི་ཐོན་ན། བཟང་ཆ་ག་རེ་ཡོད། ཀུ་ཤུ་བཟོ་ཚོང་ཁང་གི་ཉེ་ལམ་གྱི་བྱེད་ལས་ཁག་ལ་གཞི་བཅོལ་ཏེ་ཚོད་དཔག་བྱེད་ཐུབ་པའི་གནད་དོན་ཞིག་ནི། ཀུ་ཤུ་བཟོ་ཚོང་ཁང་གིས་མི་སྒེར་གྱི་གསང་རྒྱ་སྲུང་སྐྱོབ་བྱེད་པའི་ཐད་དུ་སྔར་ལས་ཤུགས་སྣོན་རྒྱག་གི་ཡོད་པ་དེ་རེད། དེར་བརྟེན། ཀུ་ཤུ་བཟོ་ཚོང་ཁང་གིས་འཚོལ་བཤེར་མ་ལག་གསར་པ་དེའི་ཁོངས་སུ། གསང་རྒྱ་དང་འབྲེལ་བའི་སྲིད་བྱུས་དང་ལག་ལེན་ཡག་ཤོས་ཁག་ལག་བསྟར་བྱེད་ངེས་ལ། དེ་དངོས་སུ་ལག་བསྟར་གནང་ཚེ། ནམ་རྒྱུན་ང་ཚོའི་ཁ་པར་དང་རྩིས་འཕྲུལ་གྱི་འཆར་ངོས་སུ་མངོན་ཡོང་གི་ཡོད་པའི་རྗེས་འདེད་ཀྱི་ཁྱབ་བསྒྲགས་དེ་རིགས་མེད་པར་ཆགས་ཀྱི་ཡོད་པས།ང་ཚོའི་དྲ་ཐོག་གི་བདེ་འཇགས་ཡར་རྒྱས་གཏོང་ཐུབ་ཀྱི་ཡོད།
འཛམ་གླིང་གི་ཁ་པར་ཚོང་རྟགས་ཁྱབ་ཆེ་ཤོས་གསུམ་པ།
རྒྱལ་སྤྱིའི་གཞི་གྲངས་ལྷན་ཚོགས་ངོས་ནས་བཏོན་པའི་༢༠༢༠་ལོའི་སྙན་ཐོ་གསུམ་པའི་ནང་དུ། ཀོ་རི་ཡའི་ཁ་པར་གྱི་ཚོང་རྟགས་གྲགས་ཅན་སེམས་སོང་དེ། འཛམ་གླིང་ནང་གི་ཁ་པར་ཚོང་འགྲེམས་གཞི་རྒྱ་ཁྱབ་ཆེ་ཤོས་དེ་ཡིན་པ་གསལ་ཡོད། ཏོག་དབྱིབས་ནད་དུག་གིས་འཛམ་གླིང་ཁྱོན་ཡོངས་ཀྱི་ཚོང་ལས་སྡེ་ཁག་ལ་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད་པ་བཞིན། རྒྱལ་སྤྱིའི་གཞི་གྲངས་ལྷན་ཚོགས་ཀྱིས། ཏོག་དབྱིབས་ནད་དུག་གི་དབང་གིས་འཛམ་གླིང་ནང་ཁ་པར་ཚོང་འགྲེམས་ཀྱི་བརྒྱ་ཆ་༩ ཙམ་མར་ཆགས་ངེས་པའི་ཚོད་དཔག་བྱས་ཡོད་ཀྱང་། ད་ལོའི་ཟླ་༧་པ་ནས་༩་པའི་བར་དུ། འཛམ་གླིང་ནང་ཁ་པར་གྲངས་ས་ཡ་353.6 ཙམ་ཚོང་འགྲེམས་བྱས་ཡོད་པས།ཁ་པར་གྱི་ཁྲོམ་ར་དེ་ཉམས་ཞིབ་པ་ཚོའི་ཚོད་དཔག་ནས་རིང་དུ་བརྒལ་ཡོད། སྙན་ཐོ་དེར་གཞིར་བཞག་ན། ད་ལོའི་སྟོན་ཁར། ཞའོ་མིས་ཁ་པར་གྱི་ཚོང་འགྲེམས་ཀྱི་ཁྱབ་རྒྱ་དེ་ཀུ་ཤུ་ཁ་པར་ལས་བརྒལ་ཡོད་སྟབས། ཞའོ་མིས་ཁ་པར་དེ་འཛམ་གླིང་ནང་གི་ཁ་པར་ཚོང་རྟགས་ཁྱབ་ཆེ་ཤོས་གསུམ་པ་དེ་ཆགས་ཡོད། ཞའོ་མིས་ཁ་པར་གྱིས་འཛམ་གླིང་གི་ཁ་པར་ཁྲོམ་རའི་བརྒྱ་ཆ་༡༣.༡ ཟིན་ཡོད་ལ། ཚོང་འགྲེམས་ཀྱི་གྲངས་ཀ་ས་ཡ་༤༦.༥་བརྒལ་ཡོད། རིན་གོང་ཆུང་བ་དང་འབྲིང་ཙམ་གྱི་ཁ་པར་འདིའི་རིགས།…
ཐིན་ཞུན་བཟོ་ཚོང་ཁང་གིས་ཡན་ལག་ལས་ཁུངས་སིང་གྷ་ཕོར་ལ་འཛུགས་འཆར།
ཨ་རྒྱ་གཉིས་བར་གྱི་ཚོང་འབྲེལ་གྱི་དམག་འཁྲུག་བར་དུ། རྒྱ་ནང་ནས་བཟོས་པའི་ཁ་པར་ནང་གི་བཀོལ་ཆས་ཁག་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད། དེ་ཡང་ཨ་རིའི་སྲིད་འཛིན་ཁྲོམ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པར་བརྗོད་དེ། སྲིད་འཛིན་གྱི་དམིགས་བསལ་དབང་ཆ་བཀོལ་སྤྱོད་བྱས་ཏེ། སྐད་འཕྲིན་དང་ཏུག་ཡིན་(抖音)ནམ་འདར་སྒྲ་བཀོལ་ཆས་གཉིས་ཨ་རིའི་ནང་གཏན་འགོག་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད་ལ། རྒྱ་གར་གཞུང་གིས་ཀྱང་སྐད་འཕྲིན་གཙོས་རྒྱ་ནང་ནས་བཟོས་པའི་ཁ་པར་ནང་གི་བཀོལ་ཆ་༡༠༠་མ་ཟིན་ཙམ་ཞིག་རྒྱ་གར་ནང་གཏན་གོག་བྱས་སྟབས། སྐད་འཕྲིན་བཀོལ་ཆས་བཟོ་མཁན་གྱི་ཐིན་ཞུན་བཟོ་ཚོང་ཁང་གིས་ཨེ་ཤེ་ཡའི་ནང་གི་ཐིན་ཞུན་གྱི་ཁྲོམ་རའི་གོ་སྐབས་གསར་པ་བསྐྲུན་ཆེད། ཡན་ལག་ལས་ཁུངས་ཤིག་སིང་གྷ་ཕོར་(新加坡)རྒྱལ་ཁབ་ནང་ལ་འཛུགས་འཆར་ཡོད་འདུག ཐིན་ཞུན་བཟོ་ཚོང་ཁང་གིས་ཡན་ཡག་ལས་ཁུངས་ཤིག་འཛུགས་པ་ཙམ་མ་ཡིན་པར། རྒྱལ་ཁབ་དེའི་ནང་གི་འཕྲུལ་རིག་དང་ཚོང་དོན་ཆེད་ལས་མཁས་པ་མང་པོ་བསྡུ་རུབ་བྱས་ཏེ། ཤར་ལྷོ་ཨེ་ཤེ་ཡའི་ནང་དུ། ཐིན་ཞུན་བཟོ་ཚོང་ཁང་གི་ཚོང་ལས་ཀྱི་ཁྲོམ་ར་རྒྱ་བསྐྱེད་བྱེད་རྒྱུ་ཡིན་འདུག ཐིན་ཞུན་བཟོ་ཚོང་ཁང་གིས་ཤར་ལྷོ་ཨ་ེཤེ་ཡ་ལ་དམིགས་འབེན་ཏུ་བཟུང་དགོས་དོན་ནི། ཨ་རི་དང་རྒྱ་གར་ལྟ་བུའི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་ངོ་ལོག་བྱས་པས་རེད་འདུག དེ་བཞིན་དུ།འདར་སྒྲ་བཀོལ་ཆས་ཀྱི་བཟོ་ཚོང་ཁང་དང་ཨ་ལི་བྷ་བྷ་གཉིས་ཀྱིས་ཀྱང་སིང་གྷ་ཕོར་རྒྱལ་ཁབ་ནང་དུ་ཨ་སྒོར་དུང་ཕྱུར་མང་པོའི་མ་རྩ་འཛུགས་འཆར་ཡོད་འདུག ཡོངས་ཁུངས།https://www.techinasia.com/chinas-tencent-set-regional-hub-singapore