རྒྱལ་ནང་དུ་ཀུ་ཤུའི་རིག་ནུས་འགྲེམས་སྤེལ།

ཀུ་ཤུ་བཟོ་ཚོང་ཁང་གིས་སྲིད་གཞུང་གི་དྲ་རྒྱའི་དམ་དྲག་གི་ཁྲིམས་སྲོལ་ལ་གཞིགས་ཏེ། ས་གནས་ཀྱི་འཕྲུལ་རིག་བཟོ་ཚོང་ཁང་ཆེན་མོ་རྒྱ་འདུས་དང་དང་ཨ་ལི་བྷ་བྷ་གཉིས་ཀར་མཉམ་འབྲེལ་བྱས་པ་བརྒྱུད། རྒྱལ་ནང་གི་ཀུ་ཤུ་ཁ་པར་བེད་སྤྱོད་གཏོང་མཁན་ཚོར་ Apple Intelligence མཁོ་འདོན་བྱ་རྒྱུའི་ལམ་ཁ་གསལ་པོ་བཟོས་ཡོད།

རྒྱལ་ནང་གི་དྲ་རྒྱ་དང་རིག་ནུས་ཀྱི་ཁྲིམས་སྲོལ་ཁག་ལ་བསྟུན་མཁས་བྱ་ཆེད། ཀུ་ཤུ་བཟོ་ཚོང་ཁང་གིས་རང་ཉིད་ཀྱི་གོ་ལའི་རང་བཞིན་གྱི་སྐད་ཡིག་དཔེ་གཞི་ཁོ་ནར་མ་བརྟེན་པར། ས་གནས་ཀྱི་རིག་ནུས་རྨང་གཞི་སྒྲིག་བཀོད་བེད་སྤྱོད་གཏོང་རྒྱུ་རེད་འདུག  ཨ་ལི་བྷ་བྷ་བཟོ་ཚོང་ཁང་གི་སྟོང་འདྲི་རིག་ནུས་ཀྱི་མ་དཔེ་ཆེན་མོ་བརྒྱུད་ནས། ཀུ་ཤུ་ཁ་པར་སྟེང་གི་གཞི་རྩའི་རིག་ནུས་ཀྱི་བློ་རིག་གི་ནུས་པ་མཁོ་འདོན་བྱེད་རྒྱུ་རེད་འདུག་ལ། བརྒྱ་འདུས་སྤྱད་དེ་དྲ་ལམ་འཚོལ་བཤེར་གྱི་ཉམས་མྱོང་དང་། ཡི་གེ་དང་པར་རིས་གོ་བ་ལེན་པའི་ནུས་པ། དེ་བཞིན་རྒྱལ་ནང་གི་ཁྲོམ་རར་དམིགས་ནས་ Siri ཡི་ནུས་པ་ཆེ་རུ་གཏོང་རྒྱུ་རེད་འདུག  དེ་བས། མི་འགྱངས་བར་རྒྱལ་ནང་གི་ཀུ་ཤུ་ཁ་པར་བེད་སྤྱོད་གཏོང་མཁན་ཚོར་ས་གནས་ཀྱི་ཁྱད་ཆོས་ལྡན་ཞིང་། མ་ལག་རིམ་པའི་རིག་ནུས་ཀྱི་ཉམས་མྱོང་རྣལ་མ་ཞིག་འཐོབ་རྒྱུ་རེད། ཀུ་ཤུ་བཟོ་ཚོང་ཁང་ལ་མཚོན་ན། ས་གནས་ཀྱི་བཟོ་ཚོང་ཁང་དག་དང་མཉམ་འབྲེལ་བྱས་པ་བརྒྱུད། རྒྱ་ནག་རྒྱལ་ཁབ་ཀྱི་ཁྲིམས་སྲོལ་གྱི་བཀག་རྡོ་རྣམས་ལས་གྲོལ་ཐུབ་པ་བྱུང་ཡོད།

 ཀུ་ཤུ་ཁ་པར་ནང་གི་རིག་ནུས་ཀྱི་ཁྱད་ཆོས་གསར་པ་དེ་ད་ལོ་སྟོན་ཁའི་ཀུ་ཤུ་ཁ་པར་ཐོན་གསར་པའི་ནང་དུ་འདོན་སྤེལ་བྱ་རྒྱུ་རེད་འདུག

Leave a Reply

Your email address will not be published. Required fields are marked *