སྔོན་ཆད་ཐོས་ཐར(推特) དང་དེང་སང་ X ཞེས་འབོད་པའི་ཨེ་ལང་མ་སི་ཁིག་གི་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་གནས་སྟེང་གི་ཁ་བརྡའི་(Chat)་ཁྱད་ཆོས་དེ། 2026 ལོའི་ཟླ་ 4 ཚེས་ 17 ཉིན་ནས་བཟུང་། XChat ཟེར་བའི་རང་རྐྱ་འཕེར་བའི་ཁེ་གཙང་གི་འཕྲིན་གཏོང་མཉེན་ཆས་གསར་པ་ཞིག་གི་ངོ་བོར་བསྒྱུར་རྒྱུ་རེད་འདུག XChat་མཉེན་ཆས་དེ་དང་ཐོག་ཀུ་ཤུ་ཁ་པར་དང་ཨེ་ཕེད་གཉིས་ཀྱི་ནང་དུ་ཕབ་ལེན་བྱེད་རྒྱུ་ཡོད་པ་བཟོ་རྒྱུ་རེད་འདུག་ལ། ཨན་ཌོ་ཁ་པར་ཁག་གི་ནང་དུའང་མི་འགྱངས་བར་འདོན་སྤེལ་བྱ་འཆར་ཡོད་འདུག XChat ནི་སྒེར་གྱི་གསང་རྒྱ་དང་བདེ་འཇགས་ལ་དམིགས་ནས་ཆེད་དུ་བཟོས་པའི་མཉེན་ཆས་ཤིག་ཡིན་སྟབས། ཚང་མས་དོ་སྣང་བྱ་ཡུལ་དུ་གྱུར་ཡོད།

ཞབས་ཞུ་གཞན་གྱིས་མཁོ་སྤྲོད་བྱེད་ཀྱིན་མེད་པའི XChat ཡི་ཁྱད་ཆོས་གཙོ་བོ་ཁག
- གསང་སྡོམ་མཐའ་འཁྱོལ། འཕྲིན་ཐུང་དང་། ཁ་པར། ཡིག་ཆ་ཐམས་ཅད་ལ་སྣེ་གཉིས་བར་གྱི་གསང་སྡོམ་ (端到端加密) དམ་པོ་བྱས་ཡོད་པས། Xབཟོ་ཚོང་ཁང་གིས་ཀྱང་XChat་ནང་གི་འཛད་སྤྱོད་པའི་ཁ་བརྡའི་ནང་དོན་ལྟ་ཀློག་མི་ཐུབ།
- འཕྲིན་ཐུང་བཟོ་བཅོས་དང་བསུབ་པ། ཕྱོགས་གཉིས་ཀའི་ངོས་ནས་འཕྲིན་ཐུང་བཟོ་བཅོས་སམ་བསུབ་ཆོག
- ཡལ་བའི་འཕྲིན་ཐུང་། དུས་ཡུན་ངེས་ཅན་གྱི་རྗེས་སུ། འཕྲིན་ཐུང་ཁག་རང་བཞིན་གྱིས་ཡལ་འགྲོ་བ་དང་། XChat ནང་དུ་མི་བརྒྱ་ཕྲག་མང་པོ་མཉམ་ཞུགས་ཐུབ་པའི་ཚོགས་པའང་བཟོ་ཆོག
- ཁྱབ་བསྒྲགས་དང་རྗེས་འདེད་མེད་པ། བུམ་མཛོད་ནང་གི་གསལ་བཤད་ལྟར་ན། མ་ལག་འདིས་ཁྱབ་བསྒྲགས་མི་གཏོང་ལ། འཛད་སྤྱོད་པ་རྗེས་འདེད་ཀྱང་མི་བྱེད་པའི་ཁག་ཐེག་བྱས་ཡོད།
- ཁ་པར་ཨང་གྲངས་མི་དགོས། གལ་ཏེ། ཁྱེད་ལ་X ཐོ་ཁོངས་ཤིག་ཡོད་ན། དེ་བརྒྱུད་ནས་ཐད་ཀར་འཛུལ་ཆོག་པས། ཁ་པར་ཨང་གྲངས་སོགས་ཀྱི་ཆ་རྐྱེན་གང་ཡང་མེད།
རྒྱབ་ལྗོངས་ཀྱི་གནས་ཚུལ།
ཉེ་ལམ་མ་སི་ཁིག་གིས་ངོ་དེབ་བཟོ་ཚོང་ཁང་གི (WhatsApp) ལ་ཡིད་ཆེས་མ་བྱེད། ཁོང་ཚོའི་སྒེར་གྱི་གསང་རྒྱ་སྲུང་སྐྱོབ་ཀྱི་ཁས་ལེན་ནི་རྫུན་མ་རེད་ཅེས་བརྗོད་དེ། WhatsApp མཉེན་ཆས་ནང་གི་གསང་སྡོམ་ལ་དོགས་སློང་དང་སུན་འབྱིན་བྱས་ཡོད་པ་དང་། ཕྱོགས་མཚུངས X བཟོ་ཚོང་ཁང་གིས་XChat ནི་ པི་ཐེ་དངུལ་ལོར(比特币)ལྟ་བུའི་གསང་སྡོམ་གྱི་ལག་རྩལ་གསར་པ་ཞིག་གི་སྟེང་ནས་བཟོས་པའི་སྒེར་གྱི་གསང་རྒྱ་ངོ་མ་སྲུང་མཁན་གྱི་མཉེན་ཆས་ཤིག་ཡིན་པ་བརྗོད་དེ། དོན་དམ་པའི་གསང་རྒྱ་དགོས་མཁན་གྱི་འཛད་སྤྱོད་པ་ཞིག་ཡིན་ན། XChat སྟེང་དུ་ཁ་ཕྱོགས་པའི་སྐུལ་མ་བྱས་ཡོད། མིག་སྔར་WhatsApp མཉེན་ཆས་ལ་ཁྲིམས་གཏུག་གི་གནད་དོན་བྱུང་བ་དང་། མ་ལག་དེའི་གསང་སྡོམ་གྱི་ལག་རྩལ་ལ་མི་དམངས་ཀྱིས་དོགས་པ་བྱེད་བཞིན་པའི་སྐབས་འདིར། མ་སི་ཁིག་གི་སྐྱོན་བརྗོད་ཀྱིས་མང་ཚོགས་ཀྱི་ལྟ་ཚུལ་ལ་གཡོ་འགུལ་ཆེན་པོ་ཞིག་ཐེབས་སུ་བཅུག་ཡོད།

ཁྱབ་ཆེ་ས་ནས་གླེང་ན། XChat ནི་མ་སི་ཁིག་གི་ཡུན་རིང་ནས་ཁས་ལེན་བྱས་པའི་ཀུནའདུས་མཉེན་ཆས་ཀྱི་ལས་གཞིའི་ཆ་ཤས་ཤིག་ཡིན། ཁོང་གིས་རྒྱ་ནག་གི་སྐད་འཕྲིན་ལ་མིག་དཔེ་བླངས་ནས་X སྟེགས་བུ་དེ་སྤྱི་ཚོགས་དྲ་རྒྱ་དང་། དངུལ་རྩིས་སྤྲོད་ལེན། རིག་ནུས་འཕྲུལ་མི (Grok)། སྒེར་གྱི་ཁ་བརྡ་སོགས་དྲ་སྟེང་གི་བྱེད་སྒོ་ཡོངས་རྫོགས་བྱ་ཐུབ་སའི་གནས་ཤིག་གི་བསྒྱུར་བར་འཆར་གཞི་བཏང་སྟེ་ལག་བསྟར་བྱེད་མུས་ཡིན།
གསལ་བཤད།
- ད་ལྟའི་ཆར། འཛམ་གླིང་ནང་དུX སྤྱོད་མཁན་གྱི་མི་གྲངས་དུང་ཕྱུར་ ༥ ལྷག་ཡོད།
- ཟླ་4་པའི་ནང་དུ་x སྟེང་དུ་X Money(སྒོར་མོ)་ཟེར་བའི་དངུལ་གཏོང་གི་ཁྱད་ཆོས་ཟེར་བ་ཞིག་ཀྱང་ཁ་སྣོན་བྱེད་རྒྱུ་ཡིན་པ་རེད། འདི་ནི་དངུལ་ཁང་བརྒྱུད་མ་དགོས་པར། X་མཉེན་ཆས་སྟེང་ནས་མི་ཕན་ཚུན་བར་སྐར་ཆ་ཁ་ཤས་ནང་དངུལ་གཏོང་ལེན་བྱེད་ཐུབ་པའི་ཁྱད་ཆོས་ཤིག་ཡིན།
- XChat་ནི་X་མཉེན་ཆས་ཀྱི་ཆ་ཤས་ཡིན་ལ། རྒྱལ་ནང་དུ་X་བཀག་ཡོད་པ་བཞིན། XChat་ཡང་བཀོལ་སྤྱོད་བྱེད་ཐུབ་རྒྱུའི་རེ་བ་མེད། ལྷག་པར་དུ། མཉེན་ཆས་འདིའི་ནང་དུ་སྣེ་གཉིས་བར་གྱི་གསང་སྡོམ་མཁོ་སྤྲོད་བྱེད་ཀྱི་ཡོད་སྐད། སྲིད་གཞུང་གིས་ནམ་ཡང་ངོས་ལེན་མི་བྱེད་དོ།།
བཤད་བཤད་གི་མཐར་རེ་བ་ཆེན་པོ་ཞིག་མེད་ཐལ།