ཉེ་ལམ་ངོ་དེབ་བཟོ་ཚོང་ཁང་གིས་ཨ་སྒོར་དུང་ཕྱུར་མང་པོའི་འགྲོ་སོང་བཏང་སྟེ། མིས་བཟོས་རིག་ནུས་ཀྱི་སྡེ་ཚན་གསར་པ་ཞིག་རྩ་འཛུགས་བྱས་ཀྱང་། གནས་ཚུལ་ཡོངས་ཁུངས་ཁག་ཅིག་ལ་གཞིགས་ན། འཛམ་གླིང་གི་ཕྱུག་བདག་ཨེ་ལང་མ་སི་ཁིག(Elon Musk)གིས་ངོ་དེབ་ཚང་གི་མིས་བཟོས་རིག་ནུས་ཚན་པའི་ཆེད་མཁས་པ་རྒན་གྲས་14་ལྷག་ཚུར་ཁོང་གི་xAI ཡི་ནང་དུ་བཀུགས་ཡོད་འདུག ངོ་དེབ་ཚང་གིས་ཆེད་མཁས་པ་དེ་དག་ཉར་ཐུབ་པའི་ཆེད་དུ་མི་རེ་ལ་ཨ སྒོར་ས་ཡ་250 རེ་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་ཚོད་འདུག་ཀྱང་། ཆེད་མཁས་པ་དེ་དག་གིས་མ་སི་ཁིག་གི་མིག་རྒྱང་རིང་བའི་ཕུགས་འདུན་དེ་འདེམས་འདུག གནས་ཚུལ་འདིས་དེང་གི་དུས་ཀྱི་མིས་བཟོས་རིག་ནུས་རིག་རྩལ་གྱི་རིན་ཐང་ཆེན་པོ་ཡིན་པ་དང་། འཕྲུལ་རྩལ་བཟོས་ལས་ཁང་ཁག་གི་བར་གྱི་མིས་བཟོས་རིག་ནུས་ཀྱི་འགྲན་རྩོད་ཀྱི་ཚ་རླབས་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད་པ་གསལ་བསྟན་བྱས་ཡོད།
ངོ་དེབ་ཚང་ལ་མ་མཚོན་ན། ལག་རྩལ་ཆེད་མཁས་པ 14 ཤོར་བ་དེས་ཁོང་ཚོའི་མིས་བཟོས་རིག་ནུས་སྡེ་ཚན་ལ་རྡུང་རྡེག་ཆེན་པོ་ཞིག་ཕོག་པ་རེད་ལ། མ་སི་ཁིག་ལ་མཚོན་ན། xAIརིག་ནུས་ཀྱི་ཞིབ་འཇུག་དང་དར་སྤེལ་གྱི་ནུས་པ་ཆེ་རུ་གཏོང་ཐུབ་ཡོད་པས། OpenAIདང་། Google ལྟ་བུའི་བཟོ་ལས་ཁང་གི་སྔོན་དུ་གོམ་པ་སྤོ་ཐུབ་པའི་སྟ་གོན་བྱས་ཚར།
AI འགྲན་རྩོད་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། མ་སི་ཁིག་གིས་ངོ་དེབ་ཚང་ནས་ཆེད་མཁས་པ་14་འགུག་ཐུབ་པ་བྱུང་བ་དེས། མཚམས་རེར་གླ་ཆ་མཐོ་བོ་ལས་ཀྱང་དམིགས་ཡུལ་དང་འཆར་སྣང་ནི་གལ་ཆེ་བ་བསྟན་ཡོད།