ཀུ་་ཤུ་ཁ་པར15 རྒྱབ་ཀྱི་འགྲོ་སོང་།

ཀུ་ཤུ་ཁ་པར་ཐོན་༡༥་ཉོ་ཚོང་བྱེད་པའི་འགོ་བཙུགས་པ་ནས་བཟུང་། མི་ཚོས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་སྒོ་ནས་ཁ་པར་གསར་པ་དེ་ཉོ་བཞིན་གདའ། འོན་ཀྱང་། ཁ་པར་ཐོན་གསར་པ་དེ་མ་ཉོས་གོང་། ང་ཚོས་ཤེས་དགོས་པ་ཞིག་ཡིན་པ་ནི། ཀུ་ཤུ་ཁ་པར་གསར་པའི་ནང་གི་པར་ཆས་དང་འབྲེལ་བའི་འགྲོ་གྲོན་དེ་ཆགས་ཡོད། 

ཀུ་ཤུ་ཁ་པར་༡༥་ནང་དུ་བླངས་པའི་པར་ནི་ཀུ་ཤུ་ཁ་པར་ཐོན་རྙིང་པའི་ནང་གི་པར་གྱི་བོངས་ཚད་དང་བསྡུར་ན། ལྡབ༦༥་ཆེ་བ་ཡོད་སྟབས། མཐའ་མར། ཁྱེད་ཀྱིས་ཟླ་རེར་སྤྲིན་མཛོད་ཀྱི་ནང་དུ་ཤོངས་ཚད་འཕར་མ་ཉོ་དགོས་ཆགས་ཀྱི་ཡོད། པར་གྱི་བོངས་ཚད་ཆེ་ན། པར་གྱི་སྤུས་ཀ་ཡག་པོ་ཡོད་པ་བཤད་མ་དགོས་ཀྱང་། ཀུ་ཤུ་བཟོ་ཚོང་ཁང་ལ་མཚོན་ན། འགྱུར་བ་དེ་གཏོང་དོན་ནི། ཚོང་གི་ཁེ་སྤོགས་བཟོ་ཐབས་ཀྱི་ལམ་ཁ་གསར་པ་ཞིག་ཆགས་ཡོད། 

པར་རེ་རེའི་བོངས་ཚད་དེ་ཀུ་ཤུ་ཁ་པར་ཐོན་རྙིང་པའི་པར་དང་བསྡུར་ན། ལྡ་བ་༦༥་ཡི་ཆེ་བ་ཡོད་སྟབས། ཁ་པར་གསར་པའི་ནང་གི་ཤོངས་ཚད་ཡང་། ཁ་པར་རྙིང་པ་དང་བསྡུར་ན། ལྡབ་༦༥ཡིས་མགྱོགས་པ་ཁེངས་འགྲོ་གི་ཡོད་པ་མ་ཟད། ཁ་པར་གྱི་ཤོངས་ཚད་འདང་གི་མེད་པའི་བརྡ་ལན་ཡང་སྔོན་དང་བསྡུར་ན་མགྱོགས་པོར་སླེབས་ཀྱི་ཡོད་པ་རེད། 

རོབ་རྩིས་བྱས་ན། ཀུ་ཤུ་ཁ་པར་༡༥་ནང་དུ། ལོ་གསུམ་གྱི་ནང་ཚུད་དུ། ཁ་པར་གྱི་ཤོངས་ཚད་100GB ཙམ་ཁེངས་འགྲོ་གི་ཡོད། ཤོངས་ཚད་དེ་འདྲ་ཞིག་ཁ་པར་ཐོན་སྔ་མའི་ནང་དུ་ལོ་ངོ་༡༦་རིང་དུ་པར་དང་བརྙན་སོགས་བླངས་རུང་ཁེངས་ཐུབ་ཀྱི་ཡོད་མ་རེད་ཟེར། 

དེ་ན། ཀུ་ཤུ་ཁ་པར་༡༥་ནང་གི་ཤོངས་ཚད་ཀྱི་དཀའ་ངལ་ལ་ཇི་ལྟར་སེལ་དགོས།

དང་པོ། ཁ་པར་ནང་གི་པར་ཚད་ཀྱི་བོངས་ཚད་ལ་འགྱུར་བ་གཏོང་དགོས།

ཁྱེད་ལ་པར་གྱི་སྤུས་ཀ་ཧ་ཅང་ཚད་མཐོ་བོ་དེ་འདྲ་མི་དགོས་ཚེ། ཁ་པར་གྱི་སྒྲིག་འགོད་ཀྱི་ནང་དུ་ཕེབས་ཏེ། པར་རིས་ཀྱི་བོངས་ཚད  12 megapixels་ཐོག་ཏུ་བསྒྲིགས་ཚེ། ཁ་པར་གྱི་ཁོག་མགྱོགས་པོ་མི་ཁེངས།

སྒྲིག་བཟོ་བྱེད་སྟངས་ཀྱི་གོ་རིམ། 设置 → 相机 → 格式 → 照片模式 → 并点击 12 MP。

གཉིས་པ། རྩིས་འཕྲུལ་དང་སྲ་སྡེར་གྱི་ནང་དུ་གྲབས་ཉར་བྱེད་དགོས། 

འགྲོ་སོང་འཕར་མ་གཏོང་མ་དགོས་པའི་ཆེད་དུ། རྒྱུན་དུ་ཁ་པར་ནང་གི་པར་རྙིང་རིགས། རྩིས་འཕྲུལ་གྱི་ནང་དུ་ཉར་ཚགས་བྱས་ཏེ། ཁ་པར་གྱི་ནང་ནས་གསུབ་ཆོག  རྩིས་འཕྲུལ་གྱི་ཤོངས་ཚད་ལའང་ཚད་བཀག་ཡོད་སྟབས། སྲ་སྡེར་ཞིག་དགོས་སྲིད། 

གསུམ་པ། ཁ་པར་ཤོངས་ཚད་ཆེ་ཤོས་དེ་ཉོ་དགོས། 

ཁྱེད་ཀྱིས་དུས་རྒྱུན་དུ་པར་དང་བརྙན་སོགས་ཁ་པར་ནང་དུ་ཉར་གྱི་ཡོད་ཚེ། ཨ་སྒོར་༡༠༠་ཙམ་འཕར་མ་སྤྲད་དེ་ཤོངས་ཚད་256GB ཅན་གྱི་ཁ་པར་ཐོན་གསར་པ་དེ་ཉོ་ཐུབ་ན་བཟང་། དེ་མ་གཏོགས། རྗེས་ནས་ཟླ་རེར་སྒོར་མོ་སྤྲད་དེ་ཤོངས་ཚད་འཕར་མ་ཉོ་དགོས་ཚེ། འགྲོ་སོང་ཧ་ཅང་ཆེ། གལ་ཏེ། ཁྱེད་ཀྱིས་ཤོངས་ཚད་ཆུང་བ་ཅན་ཉོས་ཚར་ཡོད་ཚེ། ད་དུང་ཕྱིར་སློག་པའི་གོ་སྐབས་ཡོད། ་iPhone 15 Pro Max ཡི་ཤོངས་ཚད་དེ་256GB ནས་འགོ་འཛུགས་ཀྱི་ཡོད། 

བཞི་པ། སྤྲིན་མཛོད་ཀྱི་ནང་ནས་ཤོངས་ཚད་འཕར་མ་ཉོ་བ། 

ཁྱེད་རང་སོ་སོའི་གསང་རྒྱ་ཤོར་བར་ཞེད་སྣང་མེད་མཁན་དང་འགྲོ་གྲོན་འཕར་མ་གཏོང་བར་སེར་སྣ་མེད་མཁན་ཞིག་ཡིན་ཚེ། སྤྲིན་མཛོད་ནང་ཤོངས་ཚད་འཕར་མ་ཉོས་ཆོག འོན་ཀྱང་། སོ་སོའི་ཡིག་ཆ་དང་གཞི་གྲངས་ཁག་དོ་དམ་བྱེད་པའི་དབང་ཆ་ཡོངས་རྫོགས་སྤྲིན་མཛོད་ལ་སྤྲད་ཚར་ན། དཔལ་འབྱོར་གྱི་འགྲོ་གྲོན་ཆེ་བ་མ་ཟད། པར་དང་ཡིག་ཆ་ཁག་གི་བདག་དབང་ཡང་གཞན་གྱི་ལག་པར་ཤོར་འགྲོ་བ་ཡིན་ནོ།།

3 comments
  1. ཁྱེད་རང་ཀུ་ཤུ་ཁ་པར་ལ་མ་དགའ་བའི་སྐྱོན་མང་པོ་ཞིག་ཁྱེད་ཀྱིས་བཤད་ཀྱིན་འདུག
    བོད་པ་ཞིག་ཡིན་ཕྱིན་ཀུ་ཤུ་ཁ་པར་ལ་དགའ་བ་དང་ཀུ་ཤུ་ཁ་པར་གྱི་མ་ལག་ནང་དུ་བོད་ཡིག་གི་ཡིག་གཟུགས་ཧ་ཅང་ཡག་པོ་ཞིག་བྱུང་ཐུབ་པ་དང་བོད་ཡིག་གི་ཡིག་གཟུགས་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ཐུབ་པས་ང་ཚོ་ཀུ་ཤུ་ཁ་པར་ལ་དགའ་བ་ཡིན། སྐུ་ཞབས་ལགས་ཁྱེད་ཀྱིས་ཀུ་ཤུ་ཁ་པར་གི་བཟང་ཆ་གཅིག་ཀྱང་སྤེལ་མེད་པ་འདྲ་ཀུ་ཤུ་ཁ་པར་གྱི་སྐྱོན་མང་པོ་ཞིག་སྤེལ་གྱིན་འདུག་དྲ་ཚིགས་སྟེང་དུ།ཁྱེད་ཀྱིས་གུ་ཡངས་པའི་སྒོ་ནས་ཀུ་ཤུ་ཁ་པར་གྱི་བཟང་ཆ་མང་པོ་ཞིག་དྲ་ཚིགས་སྟེང་དུ་ན་ང་ཚོས་དགའ་བསུ་ཆེན་པོ་བྱེད་ཐུབ།

    1. ཉིད་ཀྱིས་བསམ་ཚུལ་གསུངས་གནང་བར་བཀའ་དྲིན་ཆེ།

    2. འོན་ཀྱང་། གོང་གི་རྩོམ་ཡིག་དེ་ནི་ངས་བསམ་ཚུལ་སྤུངས་ནས་བྲིས་པ་ཞིག་མིན་པར། རྒྱལ་སྤྱིའི་སྟེང་གི་འཕྲུལ་རིག་ཆེད་མཁས་པ་ཚོས་ཉམས་ཞིབ་ཀྱི་ཁྲོད་ནས་རྙེད་པའི་དོན་དངོས་ཀྱི་གནས་ཚུལ་ཁག་ངས་ཕྱོགས་བསྒྲིགས་བྱས་པ་ཙམ་ཡིན། འདིའི་ནང་དུ་ང་རང་སྒེར་གྱི་བསམ་ཚུལ་གང་ཡང་མེད།

Leave a Reply

Your email address will not be published. Required fields are marked *