ཀུ་ཤུ་མ་ལག་ཐོན་༡༦་ཁོངས་ཀྱི་ཁྱད་ཆོས་གསར་པ་ཞིག

ཀུ་ཤུ་བཟོ་ལས་ཁང་གིས་འཛད་སྤྱོད་པར་ར་སྤྲོད་ཀྱི་བརྒྱུད་རིམ(验证码)་ལ་གཡོལ་དུ་འཇུག་རྒྱུ་རེད་འདུག

ར་སྤྲོད་ཀྱི་བརྒྱུད་རིམ་ནི།དྲ་ཐོག་གི་ཟོག་རྫུས་དང་གཡོ་ཇུས་སོགས་ལ་ཁ་གཏད་གཅོག་ཆེད་དུ་བཟོས་པའི་རྩིས་འཕྲུལ་ནང་གི་ལག་རྩལ་ཞིག་ཡིན་ལ། དེ་བརྒྱུད་ནས་དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་དེ་མི་ངོ་མ་ཞིག་ཡིན་མིན་ཐག་གཅོད་བྱེད་ཀྱི་ཡོད།

ཁྱེད་ཀྱིས་ཤེས་གསལ་ལྟར། མཚམས་རེར་ཁྱེད་རང་དྲ་ཚིགས་གང་རུང་ལ་མྱུལ་སྐབས་དང་། ཡིག་ཟམ་ནང་དུ་འཛུལ་སྐབས། དེ་མིན།དྲ་ཐོག་གི་ཐོ་མཛོད་གང་རུང་གི་ནང་དུ་འཛུལ་སྐབས་བཅས་སུ། ཁྱེད་ལ་པར་རིས་ཀྱི་དྲ་མིག་ཅིག་གི་ནང་ནས་ཟམ་པའམ། འདྲུད་འཐེན་འཕྲུལ་འཁོར། ཨང་གྲངས། གསལ་བྱེད་ཡི་གེ བྲག་རི་སོགས་ཡོད་པའི་པར་དག་འདེམས་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད། འདེམས་དགོས་པའི་པར་རིས་དེ་དག་དུས་རྒྱུན་དེ་འདྲ་གསལ་པོ་མེད། དེ་ནི་འཕྲུལ་ཆས་ཀྱི་མི་མགོ་སྐོར་བའི་ཆེད་དུ་འཆར་འགོད་བྱས་པ་ཡིན་རུང་། དེས་མི་ངོ་མའི་འཚོ་བར་དཀའ་ཚེགས་བཟོ་གི་ཡོད། 

ཟླ་༦་པའི་ཚེས་༢༣་ཉིན།ཀུ་ཤུ་བཟོ་ཚོང་ཁང་གིས་ཀུ་ཤུ་མ་ལག་ཐོན་ iOS 16 པའི་ཚོད་ལྟའི་ཐོན་རིམ་གཉིས་པ་འདོན་སྤེལ་བྱས་ཡོད་ལ། དེའི་ནང་དུ་ཁྱད་ཆོས་གསར་པ་སྣ་ཚོགས་ཤིག་ཁ་སྣོན་བྱས་ཡོད་ལ། དེའི་ཁྲོད་ཀྱི་ཆེས་ཡིད་དབང་འཕྲོག་པའི་ཁྱད་ཆོས་ཤིག་ནི་ར་སྤྲོད་ཀྱི་བརྒྱུད་རིམ་དང་འབྲེལ་བའི་གསར་སྣོན་དེ་རེད་འདུག

ད་ལྟ་ཀུ་ཤུ་ཁ་པར་གྱི་མ་ལག་ iOS 16 དང་། ཀུ་ཤུའི་རྩིས་འཕྲུལ་ལེབ་མོ iPadOS 16 ཀུ་ཤུའི་རྩིས་འཕྲུལ་ macOS Ventura བཅས་ཀྱི་ནང་དུ་རང་ངོས་ནས་སོ་སོའི་ངོ་བོ་ར་སྤྲོད་བྱེད་མ་དགོས་པར། ཀུ་ཤུ་བཟོ་ཚོང་ཁང་གིས་ཁྱེད་ཀྱི་ཀུ་ཤུ་བིམ་མཛོད་ཀྱི་ཐོ་ཁོངས་སྤྱད་དེ་རང་འགུལ་གྱི་ཐོག་ནས་ར་སྤྲོད་བྱས་ཏེ། ཁྱེད་རང་སོ་སོའི་བལྟ་འདོད་སའི་དྲ་ཚིགས་ལ་མྱུལ་དུ་འཇུག་གི་ཡོད། 

ར་སྤྲོད་ཀྱི་བརྒྱུད་རིམ་དེ་དབང་པོ་སྐྱོན་ཅན་ཚོར་མཚོན་ན་ཧ་ཅང་སྟབས་བདེ་མིན་སྟབས། ཁོ་ཚོས་དུས་ཡུན་རིང་པོར་སྐྱོན་བརྗོད་བྱས་དང་བྱེད་མུས་ཡིན། ཀུ་ཤུའི་མ་ལག་གསར་སྣོན་ཁྲོད་ཀྱི་ཁྱད་ཆོས་གསར་པ་འདིས་ཁོང་ཚོའི་འཚོ་བར་རོགས་པ་བྱེད་ནུས།

ར་སྤྲོད་བྱེད་མི་དགོས་པའི་ཁྱད་ཆོས་དེ། ཀུ་ཤུ་ཁ་པར་གྱི་སྒྲིག་འགོད་ཀྱི་ནང་དུ་སོང་། སོ་སོའི་ཀུ་ཤུ་བིམ་མཛོད་ཁ་བྱང་ལ་ཐོག་ལ་ནོན། དེ་ནས་གསང་གྲངས་དང་བདེ་འཇགས་ཀྱི་ཐོག་ལ་མནན་ཚེ། རང་འགུལ་གྱི་ར་སྤྲོད་ཟེར་བ་ཞིག་མཐོང་ཐུབ། ཁྱེད་ཀྱིས་ཁྱད་ཆོས་དེ་རང་ངོས་ནས་ནུས་ཡོད་དང་ནུས་མེད་བཟོ་ཆོག་ཀྱང་། མ་ལག་གི་ཁོངས་སུ་དང་ཐོག་ནས་ནུས་ཡོད་བཟོས་ཡོད་པ་ཡིན་ནོ།།

རྒྱས་པ་འདི་ནས་གཟིགས།

Leave a Reply

Your email address will not be published. Required fields are marked *