Hermit གསང་མྱུལ་དྲ་འབུ།

སྒོམ་ཆེན་ཟེར་བའི་གསང་མྱུལ་དྲ་འབུ་ཞིག་གིས་(Hermit移动间谍软件)ཨན་ཌོ་དང་ཀུ་ཤུ་ཁ་པར་གཉིས་ཀར་འཇབ་རྒོལ་བྱེད་པའི་དམིགས་ཡུལ་བཟུང་ཡོད་འདུག

ཉེ་ལམ། ལག་རྩལ་ངོས་ཐད་ནས་ཧ་ཅང་ཚད་མཐོ་བའི་གསང་མྱུལ་དྲ་འབུ་ཞིག་གིས་ཡུ་རོབ་ཀྱི་དབྱི་ཏ་ལི་རྒྱལ་ཁབ་དང་། ཨེ་ཤེ་ཡའི་ཁ་རྫག་སི་ཐན་རྒྱལ་ཁབ་གཉིས་ཀྱི་ནང་གི་ཨན་ཌོ་དང་ཀུ་ཤུ་གཉིས་ཀར་འཇབ་རྒོལ་རྩོམ་གྱི་ཡོད་པའི་གནས་ཚུལ་ཞིག་དྲ་ལམ་དུ་ཁྱབ་ཡོད། 

གཟའ་འཁོར་སྔོན་མའི་ནང་དུ། གྷོ་གྷིལ་བཟོ་ཚོང་ཁང་གི་འཇིགས་སྐུལ་དབྱེ་ཞིབ་ཚོགས་ཆུང་(谷歌威胁分析团队)གིས་བཏོན་པའི་ཟིན་བྲིས་ཤིག་གི་ནང་དུ། 

འཇབ་རྒོལ་པས་སྒོམ་ཆེན་ཟེར་བའི་གསང་མྱུལ་དྲ་འབུ་ཞིག་བཀོལ་སྤྱོད་བྱས་པའི་ཐོག་ནས་ཁ་པར་ཡོ་ཆས་ཁག་ལ་འཇབ་རྒོལ་རྩོམ་ཐབས་བྱས་ཡོད་པའི་སྐོར་གྱི་གནས་ཚུལ་རྒྱས་འགྲེལ་གནང་ཡོད། 

སྒོམ་ཆེན་ཟེར་བའི་གསང་མྱུལ་དྲ་འབུ་དེས་ག་རེ་བྱེད་ཐུབ་ཀྱི་ཡོད་དམ།

སྒོམ་ཆེན་པའི་མཉེན་འབུ་དེ་གསང་མྱུལ་དྲ་འབུ་ཞིག་ཡིན་ལ། མཉེན་འབུ་དེ་འཛད་སྤྱོད་པའི་ཁ་པར་ནང་དུ་ནང་འཇུག་བྱས་ཚར་ན། དེས་ཁ་པར་གྱི་སྐད་སྦུག་སྤྱད་པའི་ཐོག་ནས་སྒྲ་ལེན་ཐུབ་ཀྱི་ཡོད་ལ། འཛད་སྤྱོད་པའི་ཆོག་མཆན་མེད་པའི་ཐོག་ནས་མི་གཞན་ལ་ཁ་པར་གཏོང་ཐུབ་ཀྱི་ཡོད་པ་མ་ཟད། དེ་མིན་གྱི་བྱེད་སྒོ་གང་མང་ཞིག་རྩོམ་ཐུབ་ཀྱི་ཡོད། 

ཁ་པར་ནང་གི་ནད་དུག་འགོག་བྱེད་ཀྱི་མཉེན་ཆས་Lookout བཟོ་སྐྲུན་བྱེད་མཁན་གྱིས་བཟོ་ལས་ཁང་གིས་བརྗོད་ན། གསང་མྱུལ་དྲ་འབུ་དེས། འཛད་སྤྱོད་པའི་ཁ་པར་ནང་གི་ཡིག་ཟམ་གྱི་གནས་ཚུལ་ཆ་ཚང་དང་། ཁ་པར་ནང་གི་འབྲེལ་ཐོ། དེ་བཞིན། འཚོལ་བཤེར་གྱི་ལོ་རྒྱུས་སོགས་ཆ་ཚང་རྐུ་འཁྱེར་བྱེད་ཐུབ་ཀྱི་ཡོད་འདུག

དེ་མ་ཟད། གསང་མྱུལ་དྲ་འབུ་དེས་འཛད་སྤྱོད་པའི་ཁ་པར་གྱི་པར་ཆས་སྤྱད་དེ་ལྐོག་ནས་པར་ལེན་ཐུབ་ཀྱི་ཡོད་འདུག་ལ། ཁ་པར་སྟེང་གི་བཀོལ་ཆས་(APP) ཁག་གི་གནས་ཚུལ། ཁ་པར་གྱི་ཚོང་རྟགས། ཉེར་སྤྱོད་མ་ལག ཁ་པར་ཨང་གྲངས་སོགས་ཀྱང་རྐུ་འཁྱེར་བྱེད་ཐུབ་ཀྱི་ཡོད་པ་བརྗོད་འདུག  

ཉམས་ཞིབ་པ་ཚོས་བརྗོད་ན། གསང་མྱུལ་དྲ་འབུ་ཁག་གིས་མི་སྒེར་གྱི་ཁ་པར་ནང་ནས་ལྐོག་ཏུ་བཀོལ་ཆས་ཕྱིར་འདོན་བྱས་ཏེ། དེའི་ཚབ་ཏུ། ནད་འབུ་བླུགས་ཡོད་པའི་བཀོལ་ཆས་དེའི་པར་བཤུས་ཤིག་ཡར་འཇུག་བྱེད་ཐུབ་ཀྱི་ཡོད་འདུག  དེ་ཡང་། སྒོམ་ཆེན་ཟེར་བའི་གསང་མྱུལ་དྲ་འབུ་དེ་ཁ་པར་ལ་འཇབ་རྒོལ་བྱེད་པར་དམིགས་ནས་བཟོས་ཡོད་སྟབས། དེས་ཁ་པར་ནང་གི་བཀོལ་ཆས་ཁག་གི་གཞི་གྲངས་ཡོངས་རྫོགས་སྟངས་འཛིན་བྱེད་ཐུབ་ཀྱི་ཡོད། 

དེ་ན། འཛད་སྤྱོད་པས་རང་ཉིད་སྲུང་སྐྱོབ་བྱེད་པར་ག་རེ་བྱེད་དགོས།

གཞི་རྩའི་ཐབས་ལམ་འདི་དག་སྤྱད་ན་རང་ཉིད་སྲུང་སྐྱོབ་བྱེད་ཐུབ་པས། ཁྱེད་ལ་མི་གཞན་གྱི་འཇབ་རྒོལ་ཕོག་མི་ཐུབ།

༡   ༽   ཁྱེད་ཀྱི་ཁ་པར་གྱི་ཉེར་སྤྱོད་མ་ལག་དུས་ཐོག་ཏུ་གསར་སྣོན་བྱོས།

༢   ༽  རྒྱུས་མེད་ཀྱི་འབྲེལ་ཐག་གང་བྱུང་གི་ཐོག་ཏུ་མ་ནོན།

༣   ༽  ཁ་པར་ནང་གི་བཀོལ་ཆས་ཁག་ལ་ཞིབ་བཤེར་བྱས་ཏེ། སོ་སོས་ནང་འཇུག་མ་བྱས་པའི་བཀོལ་ཆས་དེ་འདྲ་ཁ་པར་ནང་དུ་ཡོད་མེད་ལྟོས།

Leave a Reply

Your email address will not be published. Required fields are marked *