NFTགློག་རྡུལ་རྒྱུ་རྫས།

ཉེ་ལམ་རྒྱལ་སྤྱིའི་དྲ་ལམ་ཁྲོམ་རའི་ནང་དུ་NFT་ཟེར་བའི་རྒྱུ་རྫས་ཤིག་དར་ཁྱབ་བྱུང་ཡོད། དེ་ན། NFT་ཟེར་བ་དེ་ག་རེ་རེད་ཟེར་ན། དེ་ནི་གློག་རྡུལ་གྱི་རྣམ་པའི་ནང་པའི་རྒྱུ་རྫས་ཤིག་ཡིན་ལ། དེ་ང་ཚོས་བཀོལ་སྤྱོད་བྱས་པའི་ཐོག་ནས་ཐུན་མོང་མ་ཡིན་པའི་དངོས་རྫས་ཁག་གི་བདག་དབང་ལེན་ཐུབ་ཀྱི་ཡོད། དངོས་རྫས་དེ་དག་གི་ཁོངས་སུ། མི་ཞིག་གི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་བརྩམས་ཆོས་དང་། རོལ་དབྱངས། ས་ཁང་བདག་ཁོངས། ཐ་ན། ཁྱེད་ཀྱི་ཁྱིམ་ཆས་སོགས་ཚུད་ཡོད། གློག་རྡུལ་རྒྱུ་རྫས་འདིའི་རིགས་ཀྱི་ཉོ་ཚོང་གི་ཁྲོམ་རའི་མེ་ལྕེ་དགུང་ལ་འཕྱུར་ཏེ། གློག་རྡུལ་རྒྱུ་རྫས་ཁ་ཤས་ལ་ཨ་སྒོར་ས་ཡ་མང་པོའི་རིན་གོང་གཏན་འབེབས་བྱས་ཏེ་བཙོངས་ཡོད། རྒྱུ་རྫས་འདི་དག་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་སྟབས། རྒྱུ་རྫས་རིགས་གཞན་པ་དང་བརྗེ་མི་ཐུབ།

(ཨ་སྒོར་ས་ཡ་༦༩་ལ་བཙོངས། Source: newyorktimes)

NFT་ཟེར་བའི་གློག་རྡུལ་རྒྱུ་རྫས་འདི་སྤྱི་ལོ་༢༠༡༤་ལོར་འགོ་འཛུགས་བྱས་ཡོད་ཀྱང་། ད་ཆ་རྒྱལ་སྤྱིའི་དྲ་ལམ་གྱི་ཁྲོམ་རའི་ནང་དུ་གློག་རྡུལ་གྱི་རྣམ་པའི་ཡོད་པའི་སྒྱུ་རྩལ་བརྩམས་ཆོས་ཉོ་ཚོང་བྱེད་ཐབས་ཀྱི་ལམ་ཁ་གྲགས་ཆེ་ཤོས་དེ་ཆགས་ཡོད། སྤྱི་ལོ་༢༠༡༧་ནས་བཟུང་། དྲ་ལམ་གྱི་ཚོང་པ་དང་མ་འཛུགས་མཁན་ཚོས་NFT་གློག་རྡུལ་རྒྱུ་རྫས་ཀྱི་ཐོག་ཏུ་ཨ་སྒོར་ས་ཡ་$174་འགྲོ་གྲོན་བཏང་ཡོད། NFT ནི། པི་ཐེ་དངུལ་ལོར(比特币)་དང་ཁྱི་ལོར་(狗币)ལྟ་བུའི་གསང་སྡོམ་དངུལ་ལོར(加密货币)་རྒྱབ་ཀྱི་ཚན་རྩལ་བཀོལ་སྤྱོད་བྱས་པའི་ཐོག་ནས་བཟོ་སྐྲུན་བྱས་ཡོད། གསང་སྡོམ་དངུལ་ལོར་དང་ཤོག་དངུལ་སོགས་རྒྱུ་རྫས་གཞན་པར་བརྗེ་ཆོག་གི་ཡོད་ཀྱང་། NFT་རྒྱུ་རྫས་དེར་གློག་རྡུལ་གྱི་མཚན་རྟགས་ཅིག་ཡོད་སྟབས་ཅ་དངོས་གཞན་པར་བརྗེ་མི་ཐུབ།

NFT ཇི་ལྟར་ལས་ཀ་བྱེད་ཀྱི་ཡོད།

NFT་ཟེར་བའི་གློག་རྡུལ་རྒྱུ་རྫས་དེ་ཉོ་ཚོང་གི་ཟིན་ཐོ་ཡོངས་རྫོགས་ཐོ་འགོད་བྱ་སའི་ཡོངས་ཁྱབ་ཀྱི་རྩིས་ཐོའམ། སྡོམ་ཐག་(区块链)དྲ་བའི་སྟེང་དུ་གནས་ཡོད་ལ། བརྒྱུད་རིམ་དེའི་སྟེང་ནས་གསང་སྡོམ་གངུལ་ལོར་ཁག་ལས་ཀ་བྱེད་དུ་འཇུག་གི་ཡོད། བཟོ་སྐྲུན་བྱས་པའི་NFT གློག་རྡུལ་རྒྱུ་རྫས་ཀྱི་ཁོངས་སུ། རི་མོ་སྒྱུ་རྩལ་དང་། GIFs བརྙན། རོལ་རྩེད། རྟོག་བཟོའི་པར་རིས། རོལ་དབྱངས་སོགས་ཚུད་ཡོད། NFT་རྒྱུ་རྫས་དེ་གློག་རྡུལ་གྱི་རྣམ་པའི་ནང་དུ་ཡོད་སྟབས། ཁྱེད་ཀྱིས་རི་མོ་ཞིག་ཉོ་སྐབས། ཁྱེད་ཀྱི་ཁང་པའི་གྱང་ངོས་སུ་འགེལ་རྒྱུ་ཡོད་པའི་རི་མོ་ངོ་མ་ཞིག་གི་ཚབ་ཏུ། ཁྱེད་ལ་གློག་རྡུལ་གྱི་རྣམ་པའི་ནང་ཡོད་པའི་ཡིག་ཆ་ཞིག་རག་གི་ཡོད།

ཁྱེད་ཀྱིསNFT ཉོ་དགོས་སམ།

NFT་ནི་ཐུན་མོང་མ་ཡིན་པའི་རྒྱུ་རྫས་ཤིག་ཡིན་སྟབས། དེའི་རིན་ཐང་ག་འདྲ་ཡིན་མིན་བརྡར་ཤ་གཅོད་མི་ཐུབ། ཁྱེད་ཀྱིས་NFTརྒྱུ་རྫས་ཤིག་གི་རིན་གོང་མཐོ་རུ་འགྲོ་བའི་རེ་བ་བྱེད་ཀྱི་ཡོད་རུང་། གལ་ཆེ་ཤོས་ནི། རང་ཉིད་ཀྱིས་དགའ་མོས་དང་རྒྱབ་སྐྱོར་བྱ་སའི་སྒྱུ་རྩལ་པའི་བརྩམས་ཆོས་ཉོ་རྒྱུ་དེ་རེད། དེ་འདྲ་བྱས་ན། ཁྱེད་ཀྱིས་དེའི་ཐོག་ནས་དངུལ་བཟོ་མ་ཐུབ་རུང་། སྒྱུ་རྩལ་བརྩམས་ཆོས་གང་དེ་སེམས་ཀྱིས་ལོངས་སྤྱོད་བྱེད་ཆོག

Leave a Reply

Your email address will not be published. Required fields are marked *