Firefox བཤེར་ཆས་ཐོན་79

དྲ་ཐོག་གི་རྗེས་འདེད་བཀག་འགོག་བྱེད་ཐུབ་པའི་Firefox བཤེར་ཆས་ཐོན་79 པའི་ཉེན་སྲུང་གི་ཁྱད་ཆོས།

Firefox ནི་མོ་ཛི་ལ(Mozilla)ཐེབས་རྩ་ཁང་གིས་འདོན་སྤེལ་བྱས་པའི་རིན་མེད་ཀྱི་དྲ་རྒྱ་བཤེར་ཆས་ཤིག་ཡིན་ལ། ཁུངས་འབྱེད་མཉེན་ཆས་ཡིན་པའི་དྲ་རྒྱ་བཤེར་ཆས་འདི་ད་ལྟའི་དུས་སུ་མི་སྒེར་གྱི་གསང་རྒྱ་དང་བདེ་འཇགས་ལ་བརྩི་སྲུང་བྱེད་མཁན་གྱི་མཉེན་ཆས་གྲགས་ཆེ་ཤོས་ཀྱི་གྲས་ཡིན།

ཉེ་ལམ། མོ་ཛི་ལ(Mozilla)ཐེབས་རྩ་ཁང་གིས་དྲ་ཐོག་གི་རྗེས་འདེད་ཀྱི་ཐབས་ལམ་ཁག་ལ་རྒོལ་བའི་ཆེད་དུ། བདེ་འཇགས་ཀྱི་ཁྱད་ཆོས་འཕར་མ་སྣ་ཚོགས་ཁ་སྣོན་བྱས་པའི་Firefox བཤེར་ཆས་ཐོན་79 དེ་དངོས་སུ་འདོན་སྤེལ་གནང་ཡོད། དྲ་ཐོག་གི་རྗེས་འདེད་ཀྱི་བྱེད་ལས་རིགས་བཀག་འགོག་བྱེད་མཁན་གྱི་དྲ་རྒྱ་བཤེར་ཆས་འདིས། ཁྱེད་རང་དྲ་མྱུལ་བྱེད་པའི་སྐབས་སུ། རང་འགུལ་གྱི་ཐོག་ནས་ཁྱེད་ཀྱི་གསང་རྒྱ་དང་བདེ་འཇགས་སྲུང་སྐྱོབ་བྱེད་ཀྱི་ཡོད། མཉེན་ཆས་ཐོན་གསར་པ་འདིས། ཁྱེད་རང་སྒེར་གྱི་གནས་ཚུལ་དང་། ཁྱེད་རང་གི་དྲ་ཐོག་གི་བྱེད་སྒོ། ཁྱེད་རང་གི་དགའ་ཕྱོགས་སོགས་དྲ་མྱུལ་གྱི་བརྒྱུད་རིམ་ཁྲོད་དུ་ལྐོག་ནས་བསྡུ་ལེན་བྱེད་མཁན་སོགས་བཀག་འགོག་བྱེད་པ་མ་ཟད། ཁྱེད་རང་གི་ཡོ་ཆས་ཀྱི་གློག་རྫས་རྫོགས་སུ་འཇུག་མཁན་གྱི་གནོད་ཚབས་ཆེ་བའི་མཉེན་འབུ་རིགས་ལས་ཀྱང་སྲུང་སྐྱོབ་བྱེད་ངེས།

དྲ་ཐོག་གི་རྗེས་འདེད་ནི་ཅི་ཞིག་ཡིན།

དྲ་ཐོག་གི་རྗེས་འདེད་ཀྱི་ཁོངས་སུ། དྲ་མྱུལ་བྱེད་མཁན་གྱི་མི་སྒེར་གྱི་དྲ་ཐོག་གི་བྱེད་སྒོ་དང་འབྲེལ་བའི་གནས་ཚུལ་བསྡུ་ལེན་བྱེད་པ་ཞིག་ལ་གོ  དྲ་ཐོག་གི་རྗེས་འདེད་ཀྱི་བྱེད་ལས་གཙོ་བོ་དེ་ནི་ཁྱེད་རང་གི་སྐོར་གྱི་གནས་ཚུལ་བསྡུ་ལེན་བྱེད་རྒྱུ་དེ་ཁོ་ན་ཡིན། དྲ་ཐོག་གི་རྗེས་འདེད་ཀྱིས་ཁྱེད་རང་གི་IP ཁ་བྱང་དང་།ད་ལྟའི་སྡོད་གནས།དྲ་མྱུལ་བྱེད་པར་བཀོལ་སྤྱོད་བྱེད་བཞན་པའི་ཁྱེད་རང་གི་ཡོ་ཆས་ཁོངས་ཀྱི་མཉེན་ཆས་ཀྱི་ཐོན་རིམ་ག་ཚོད་སོགས་བསྡུ་ལེན་བྱེད་ཀྱི་ཡོད།དྲ་ཐོག་གི་རྗེས་འདེད་རིགས་རྩོམ་མཁན་ནི།དྲ་ཚིགས་ཁག་དང་།དྲ་ཐོག་གི་ཚོང་ལས་སྡེ་ཁག་སོགས་ཡིན་ལ།ཁོང་ཚོས་དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་གྱི་མི་ཚོའི་དགའ་ཕྱོགས་དང་དྲ་ཐོག་གི་སྤྱོད་ལམ་སོགས་ཧ་གོ་བའི་འབད་བརྩོན་བྱེད་ཀྱི་ཡོད།

སུ་ལ་ཁྱེད་རང་གི་དྲ་ཐོག་གི་བྱེད་སྒོ་རིགས་རྗེས་འདེད་གཏོང་བའི་ནུས་པ་ཡོད་དམ།

དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་ཚོ་རྗེས་འདེད་གཏོང་བ་ནི་དྲ་ཐོག་གི་གནད་དོན་ཆེ་ཤོས་ཤིག་ཆགས་ཡོད།སྤྱི་ཚོགས་འབྲེལ་མཐུད་དྲ་བ་དང་།ཚོང་ལས་ཀྱི་དྲ་ཚིགས།དྲ་རྒྱ་བཤེར་ཆས་སོགས་ཀྱིས་ཁྱེད་རང་གི་དྲ་ཐོག་གི་བྱེད་སྒོ་ཡོངས་རྫོགས་རྗེས་འདེད་གཏོང་ཐུབ་ཀྱི་ཡོད།

དཔེར་ན། དྲ་རྒྱ་བཤེར་ཆས་པའེ་ཏུའུ་ ཡི་རྗེས་འདེད་མ་ལག(百度统计分析)དེ་པོད་ཕྲན་དང་ཏུག་པན་( 豆瓣)སོགས་རྒྱ་ནང་གི་དྲ་ཚིགས་ས་ཡ་༧་བདུན་ལྷག་གིས་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་ལྟ་བུ་རེད།

མོ་ཛི་ལ(Mozilla)ཐེབས་རྩ་ཁང་གིས། ཁོང་ཚོའི་མཉེན་ཆས་ཐོན་གསར་བའི་བྱེད་ལས་གཙོ་བོ་ཞིག་ནི་ཕྱོགས་ངེས་བསྐྱར་མའི་རྗེས་འདེད་(重定向跟踪)བཀག་འགོག་བྱེད་རྒྱུ་དེ་ཡིན་ཞེས་བརྗོད་ཡོད།

ཕྱོགས་ངེས་བསྐྱར་མའི་རྗེས་འདེད་ཀྱིས་བྱེད་ལས་ཇི་ལྟར་རྩོམ་གྱི་ཡོད་དམ།

ཕྱོགས་ངེས་བསྐྱར་མའི་རྗེས་འདེད་ནི་དྲ་ཐོག་གི་ཁྱབ་བསྒྲགས་རིགས་གཏོང་མཁན་གྱི་ཚོང་ལས་སྡེ་ཁག་ཚོས་ cookie་རིགས་འགོག་མཁན་ལ་གཡོལ་ཐབས་ཀྱི་ལག་རྩལ་གསར་པ་ཞིག་ཡིན།

cookie ནི་ཅི་ཞིག་ཡིན།

cookie ཡི་དམིགས་ཡུལ་ནི། དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་ངོས་འཛིན་བྱེད་རྒྱུ་དང་།  རང་ཉིད་ཀྱི་མིང་དང་ཁ་བྱང་།གསང་ཚིག་སོགས་གཏགས་དུས་དེ་དག་དྲ་སྟེང་དུ་ཉར་ཚགས་བྱེད་རྒྱུ་དེ་ཡིན།

 

ཕྱོགས་ངེས་བསྐྱར་མའི་རྗེས་འདེད་ཇི་ལྟར་འགོག་དགོས།

Firefox ཐོན་79 ཡིས། རྗེས་འདེད་གཏོང་མཁན་གྱིས་ཉར་ཚགས་བྱས་པའི་cookie དང་གཞི་གྲངས་ཁག་དུས་ཚོད་༢༤་རེའི་ནང་དུ་གཙང་བཟོ་བྱེད་ཀྱི་ཡོད། མི་སྒེར་གྱི་ངོས་ནས་ངོས་ལེན་བྱས་ཡོད་པའི་cookie་ཁག་ཀྱང་ཉིན་༤༥་ནང་དུ་གཙང་བཟོ་བྱེད་ཀྱི་ཡོད།

Firefox ཐོན་79་པ་དེ། Linux དང་སྐར་ཁུང་། ཀུ་ཤུ་རྩིས་འཕྲུལ་བཅས་ཀྱི་བཀོལ་སྤྱོད་བྱེད་ཆོག་པ་མ་ཟད། ཨན་ཌོ་དང་ཀུ་ཤུ་ཁ་པར་སོགས་ཀྱི་ནང་དུའང་བཀོལ་སྤྱོད་བྱེད་ཆོག  གལ་ཏེ། ཁྱེད་རང་གིས་བཀོལ་སྤྱོད་བྱེད་བཞིན་པའི་ཡོ་ཆས་ཀྱི་ནང་དུ་firefox ནང་འཇུག་བྱས་ཡོད་ཚེ། གསར་སྣོན་བྱེད་རྒྱུ་དེ་གནད་ཀྱི་དམ་པ་ཡིན་ནོ།།

Leave a Reply

Your email address will not be published. Required fields are marked *