འཆམ་མཐུན་ཉེར་སྤྱོད་མ་ལག(ཧྭ་ཝེ)

ཧྭ་ཝེ་(华为)ནི་འཛམ་གླིང་ནང་གི་ཁ་པར་བཟོ་ལས་ཁང་ཆེ་ཤོས་ཤིག་ཡིན་རུང་། ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་གྱི་དམག་འཁྲུག་གི་བར་ནས། ཧྭ་ཝེ་དང་གྷོ་གྷིལ་བཟོ་ཚོང་ཁང་གཉིས་ཀྱི་བར་ལ་མཐུན་སྒྲིལ་གྱི་དཀའ་ངལ་བྱུང་སྟེ། ཨ་རིའི་བཟོ་ཚོང་ཁང་གིས་ཧྭ་ཝེ་ཁ་པར་གསར་པ་ཚོའི་ནང་དུ་ཨན་ཌོ་ཉེར་སྤྱོད་མ་ལག་མཁོ་སྤྲོད་མ་བྱས། རྒྱུ་རྐྱེན་དེའི་དབང་གིས་ཧྭ་ཝེ་བཟོ་ལས་ཁང་རང་ངོས་ནས་ཧྭ་ཝེ་ཁ་པར་ཐོན་གསར་པ་ཚོའི་ནང་དུ་འཆམ་མཐུན་ཟེར་བའི་ཉེར་སྤྱོད་མ་ལག་གསར་པ་ཞིག་བཟོ་སྐྲུན་བྱེད་པའི་ལས་གཞི་སྔར་ལས་མགྱོགས་སུ་བཏང་ཡོད། 

འཆམ་མཐུན་ཉེར་སྤྱོད་མ་ལག་ནི་ཅི་ཞིག་ཡིན།

འཆམ་མཐུན་ཉེར་སྤྱོད་མ་ལག་ནི། ཕྲན་ཉིང་(微内核)ཟེར་བའི་མཉེན་ཆས་ཤིག་གཞིར་བཞག་པའི་ཉེར་སྤྱོད་མ་ལག་ཅིག་ཡིན་ལ། ཉེར་སྤྱོད་མ་ལག་འདིའི་དམིགས་ཡུལ་ནི།  ཡོ་ཆས་འདྲ་མིན་བཀོལ་སྤྱོད་བྱེད་མཁན་ཚོར་ཐུན་མོང་མ་ཡིན་པའི་མྱོང་བ་སྤྲོད་རྒྱུ་དེ་ཡིན།ཧྭ་ཝེ་ཁ་པར་བཟོ་ལས་ཁང་ལ།  ཉེར་སྤྱོད་མ་ལག་འདིས་སྔར་ཡོད་ཀྱི་ཨན་ཌོ་མ་ལག་གི་ཚབ་བྱེད་ཐུབ་པ་ཞིག་བཟོ་རྒྱུའི་འདུན་པ་ཆེན་པོ་ཡོད།  ཉེར་སྤྱོད་མ་ལག་འདི་ཁ་པར་ཙམ་མ་ཡིན་པར།  ཁྱད་ཆོས་སྣ་འཛོམས་ཅན་གྱི་ལག་འདོགས་ཆུ་ཚོད་དང་བརྙན་འཕྲིན་སོགས་དང་མཉམ་དུའང་ལས་ཀ་བྱེད་ཐུབ་པ་ཞིག་བཟོ་འཆར་ཡོད།

འཆམ་མཐུན་ཉེར་སྤྱོད་མ་ལག་གི་དམིགས་ཡུལ།

འཆམ་མཐུན་ཉེར་སྤྱོད་མ་ལག་གི་ཁྱད་ཆོས་གཙོ་བོ་ཞིག་ནི།ཧྭ་ཝེ་ཁ་པར་ཞབས་ཞུ་ཡིན་ལ། ཞབས་ཞུ་དེས་ཉེར་སྤྱོད་མ་ལག་གཅིག་པ་བེད་སྤྱད་དེ། ཧྭ་ཝེ་ཁ་པར་ཚང་མ་ཁྱད་ཆོས་སྣ་འཛོམས་ཅན་གྱི་བརྙན་འཕྲིན་ལ་སྦྲེལ་དུ་འཇུག་གི་ཡོད། ཁྱད་ཆོས་འདིས་གྷོ་གྷོལ་གྱི་ཞབས་ཞུ་ཁག་གི་ཚབ་བྱེད་ཐུབ་ཀྱི་ཡོད།

མ་ལག་གི་ཆ་རྐྱེན།

འཆམ་མཐུན་ཉེར་སྤྱོད་མ་ལག་དེ་ཁ་པར་ཙམ་མ་ཡིན་པར། RAM་གྱི་ཤོང་ཚད་12GB་ཡོད་པའི་རྩིས་འཕྲུལ་ཁག་གི་ནང་དུའང་ལས་ཀ་བྱེད་ཐུབ་ཀྱི་ཡོད། 

འཆམ་མཐུན་ཉེར་སྤྱོད་མ་ལག་གི་ཁྱད་ཆོས་ཁག

འཛད་སྤྱོད་པ་ཚོས་ཁ་པར་བཀོལ་སྤྱོད་བྱེད་པའི་སྐབས་སུ་མྱོང་སྣང་གསར་པ་དང་ལེགས་པོ་སྦྱིན་གྱི་ཡོད་འདུག་ལ། 

འཆམ་མཐུན་ཉེར་སྤྱོད་མ་ལག་གི་སྟེང་དུ་བཟོས་པའི་བཀོལ་ཆས་ཁག  ཡོ་ཆས་འདྲ་མིན་གྱི་ནང་དུ་བཀོལ་སྤྱོད་བྱས་ཆོག་གི་ཡོད།

དེ་མ་ཟད། ཉེར་སྤྱོད་མ་ལག་འདིའི་བྱེད་ལས་ཀྱང་མགྱོགས་པོ་ཡོད་འདུག

ཨན་ཌོ་ཉེར་སྤྱོད་མ་ལག་དང་འཆམ་མཐུན་ཉེར་སྤྱོད་མ་ལག་ཞིབ་བསྡུར།

འཆམ་མཐུན་ཉེར་སྤྱོད་མ་ལག་དེ་ཁ་པར་གཅིག་པུའི་ཆེད་དུ་བཟོ་ཡི་མེད་པས། ཀུ་ཤུ་དང་ཨན་ཌོའི་མ་ལག་ཇི་བཞིན་ཡོ་ཆས་སྣ་ཚོགས་ཀྱི་ནང་དུ་བཀོལ་སྤྱོད་བྱེད་ཐུབ་པའི་ནུས་པ་ཡོད་ངེས།

ཧྭ་ཝེ་བཟོ་ལས་ཁང་གིས་འཆམ་མཐུན་ཉེར་སྤྱོད་མ་ལག་དེ་ཨན་ཌོ་མ་ལག་ལས་གུ་ཡངས་པོ་ཡོད་པ་དང་།  ཨན་ཌོ་མ་ལག་དང་བསྡུར་ན 60%་མགྱོགས་པོ་ཡོད་ཚུལ་བརྗོད་ཡོད། བྱེད་ལས་ཧ་ཅང་མགྱོགས་པའི་ཁྱད་ཆོས་འདིས་འཆམ་མཐུན་ཉེར་སྤྱོད་མ་ལག་དེ་ནུས་པ་དང་སྟོབས་ཤུགས་ཆེན་པོ་བཟོ་ཡི་ཡོད། དེའི་སྒང་ལ། ཨན་ཌོ་ནི ་Linux་གཞིར་བཞག་པའི་ཉེར་སྤྱོད་མ་ལག་ཅིག་ཡིན་ལ། འཆམ་མཐུན་ཉེར་སྤྱོད་མ་ལག་གིས་ཕྲན་ཉིང་(微内核)བཀོལ་སྤྱོད་བྱེད་ཀྱི་ཡོད།

Leave a Reply

Your email address will not be published. Required fields are marked *