འཁྱུག་དབྱངས་བཀོལ་ཆས་ཀྱི་རྙོག་གླེང་།

འཁྱུག་དབྱངས་བཀོལ་ཆས་ནི(抖音)་པེ་ཅིན་དུ་རྟེན་གཞིས་བྱས་པའི་ByteDance་ཟེར་བའི་སྤྱི་ཚོགས་འབྲེལ་མཐུད་དྲ་བའི་བཟོ་ཚོང་ཁང་ཞིག་གིས་གཙོ་གཉེར་བྱེད་བཞིན་པའི་ཁ་པར་ནང་གི་བཀོལ་ཆས་ཤིག་ཡིན་ལ། བཀོལ་ཆས་འདི་ByteDance་བཟོ་ཚོང་ཁང་གི་འགན་འཛིན་ཀྲང་ཡིས་མིན་(张一鸣)གྱི་སྣེ་ཁྲིད་འོག སྤྱི་ལོ་༢༠༡༦་ལོར་དངོས་སུ་རྒྱལ་ནང་གི་ཁྲོམ་རྭར་འགྲེམས་སྤེལ་བྱས་ཡོད་ལ། སྤྱི་ལོ་༢༠༡༧་ལོར། མིང་ལ་ TikTok ཟེར་བའི་ངོ་བོ་གཅིག་ཡིན་ཡང་། རྣམ་པའི་མི་འདྲ་བའི་འཁྱུག་དབྱངས་བཀོལ་ཆས་ཞིག་རྒྱལ་སྤྱིའི་ཁྲོམ་རྭར་ཡང་འགྲེམས་སྤེལ་བྱས་ཡོད།

ཨ་རིའི་གཞུང་གིས་རྒྱལ་ཁབ་ཀྱི་བདེ་སྲུང་ལ་དམིགས་ཏེ།འཁྱུག་དབྱངས་བཀོལ་ཆས་(TikTok)འདི་ལ་ཡང་ཧྭ་ཝེ་ཁ་པར་དང་གཅིག་མཚུངས་ལྟར་དོགས་ཟོན་བྱེད་ཀྱི་ཡོད།འཁྱུག་དབྱངས་བཀོལ་ཆས་བཟོ་ཚོང་ཁང་གིས། “ཀྲུང་གོའི་སྲིད་གཞུང་དང་ཁྲིམས་ལུགས་ལག་བསྟར་ཚན་ཁག་གིས་ང་ཚོར་འཁྱུག་དབྱངས་བཀོལ་སྤྱོད་བྱེད་མཁན་མི་སྒེར་གྱི་གནས་ཚུལ་མཁོ་སྤྲོད་བྱེད་དགོས་པའི་བཀའ་རྒྱ་གང་ཡང་བཏང་མ་སོང་”ཞེས་བརྗོད་ཡོད་ཀྱང་། ཟླ་༡༢་པའི་ཟླ་མཇུག་ཏུ། ཨ་རིའི་གཞུང་གིས་(TikTok)མཉེན་ཆས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པར་བརྗོད་དེ། ཨ་རིའི་སྐམ་དམག་དང་མཚོ་དམག་རྣམས་ཀྱིས་མཉེན་ཆས་དེ་གཞུང་གིས་མཁོ་སྤྲོད་བྱས་པའི་ཁ་པར་གྱི་ནང་དུ་བཀོལ་སྤྱོད་བྱེད་མི་ཆོག་པ་བཟོས་ཡོད།

འཁྱུག་དབྱངས་བཀོལ་ཆས་ཀྱི་འགོ་གཙོ་ཁག་གིས་ཨ་རིའི་ཁྲིམས་བཟོ་དང་གྲོས་ཚོགས་འཐུས་མི་ཁག་ལ་ཞུ་གཏུགས་བྱས་ཏེ། མཉེན་ཆས་ཀྱི་བདག་པོ་རྒྱ་མི་ཡིན་ཡང་། འཁྱུག་དབྱངས་བརྙན་ཐུང་གི་སྡིངས་ཆའི་སྟེང་དུ། ཨ་རིའི་ནང་གི་མི་སྒེར་གྱི་གསང་རྒྱ་དང་། གནས་ཚུལ་བཀག་སྡོམ། རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ལ་ཉེན་ཁ་སྤྲོད་མི་སྲིད་པའི་ཐད་དུ་ར་སྤྲོད་བྱེད་པར་འབད་བརྩོན་བྱེད་ཀྱི་ཡོད།

འཁྱུག་དབྱངས་བཀོལ་ཆས་ཀྱིས་རྒྱལ་ཁབ་འདྲ་མིན་ནང་གི་ས་གནས་ཀྱི་ཁྲིམས་ལུགས་ལག་བསྟར་ཚན་པ་ཁག་ལ་རོགས་འདེགས་བྱེད་པའི་དུས་མཚུངས་སུ། མི་སྒེར་གྱི་གསང་རྒྱ་དང་འཛད་སྤྱོད་པའི་ཐོབ་ཐང་ལ་བརྩི་བཀུར་བྱེད་ཀྱི་ཡོད་པ་བརྗོད་ཡོད། འཁྱུག་དབྱངས་བཀོལ་ཆས་ཀྱི་༢༠༡༩་ལོའི་ལོ་འཁོར་སྙན་ཐོའི་ནང་དུ། རྒྱ་གར་གཞུང་ནི། འཁྱུག་དབྱངས་བཀོལ་སྤྱོད་བྱེད་མཁན་མི་སྒེར་གྱི་གནས་ཚུལ་མཁོ་སྤྲོད་བྱེད་དགོས་པའི་བཀའ་རྒྱ་གཏོང་མཁན་གཏེ་བོ་ཞིག་ཡིན་པ་འཁོད་ཡོད།

*ད་ལྟའི་ཆར། རྒྱལ་ནང་དུ་ཟླ་རེར་འཁྱུག་དབྱངས་མཉེན་ཆས་བཀོལ་སྤྱོད་བྱེད་མཁན་ས་ཡ་༥༠༠་ལྷག་ཡོད།

ཡོངས་ཁུངས། https://technode.com/2020/01/03/tiktok-says-no-user-data-requests-from-chinese-authorities-in-h1-2019/

 

Leave a Reply

Your email address will not be published. Required fields are marked *