ཁ་པར་མང་པོ་བལྟས་ན། ཁྱེད་ཀྱི་སེམས་ལ་གནོན་ཤུགས་ཡོང་ངེས་ལ། ཕུགས་རྒྱང་རིང་པོའི་ཐོག་ནས་ཁྱེད་ཀྱི་འཕྲོད་བསྟེན་དང་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་བཟོ་སྲིད།
དུས་ད་ལྟའི་བར་དུ། ཚན་རིག་གི་ཉམས་ཞིབ་མང་པོ་ཞིག་གིས། ཁ་པར་ལ་ངན་ལོབས་སུ་སོང་སྟེ། དེ་མར་འཇོག་མ་ཐུབ་པའི་རྐྱེན་གྱིས་གཟུགས་པོའི་བདེ་ཐང་ལ་གནོད་ཀྱི་ཡོད་པའི་སྐོར་མ་གཏོགས། ཁ་པར་གྱིས་སེམས་ལ་གནོན་ཤུགས་ག་ཚོད་སྤྲོད་ཀྱི་ཡོད་མེད་སྐོར་ཞེ་དྲག་གླེང་སློང་བྱས་མེད། དཔེར་ན། ཁ་པར་གྱི་བརྡ་རྟགས་དང་། སྐུད་མེད་དྲ་བའི་རྦ་རླབས་དབང་གིས། མིའི་དབང་རྩ་ལ་གནོད་སྐྱོན་ཆེན་པོ་བཟོ་གི་ཡོད་པ་ཡོངས་གྲགས་ཡིན། དེར་བརྟེན། ཚན་རིག་པ་ཚོས། ཁ་པར་བཀོལ་སྤྱོད་བྱེད་ཀྱི་མེད་པའི་གནས་སྐབས་དང་། མཚན་མོ་ཉལ་ཁར། སོ་སོའི་ཁ་པར། གནམ་གྲུའི་རྣམ་པའི(飞行模式)✈️ཐོག་ཏུ་འཇོག་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད།
འོན་ཀྱང་། གནས་ཚུལ་གསར་པ་ཞིག་ནི། ཉེ་ལམ་གྷི་གྷིལ་བཟོ་ཚོང་ཁང་གི་སྙན་ཐོ་ཞིག་གི་ནང་དུ། སྤྱི་ཚོགས་འབྲེལ་མཐུད་དྲ་བ་དང་། གློག་འཕྲིན་ཡིག་ཟམ། གསར་འགྱུར་གྱི་བཀོལ་ཆས་སོགས་ནང་འཇུག་བྱས་ཡོད་པའི་ཁ་པར་གྱིས། མི་ཚོའི་སེམས་ལ་འགན་འཁྲིའི་ཚོར་བ་སྐྲུན་གྱི་ཡོད་ལ། དེས་མི་སྒེར་ལ་བསམ་ཡུལ་ལས་འདས་པའི་སེམས་ཀྱི་གནོན་ཤུགས་སྐྲུན་གྱི་ཡོད་སྐོར་བྲིས་འདུག
ཁ་པར་གྱི་འགན་འཁྲིའི་དེའི་དབང་གིས། མི་ཚོས་དུས་ནས་དུས་སུ་ཁ་པར་ལ་ལྟ་ཙམ་བྱས་ཏེ། སེམས་ཀྱི་གནོན་ཤུགས་དང་རྡོག་ཁྲེས་དེ་མེད་པར་བཟོ་ཐབས་བྱེད་ཀྱི་ཡོད། འོན་ཀྱང་། ཁ་པར་ལ་ཡང་ནས་ཡང་དུ་ལྟ་བའི་བསྐྱར་ཟློས་ཀྱི་བྱེད་ལས་དེས་སེམས་ཀྱི་གནོན་ཤུགས་ཀྱང་བསྐྱར་ཟློས་བྱེད་དུ་བཅུག་སྟེ། སེམས་ངལ་དང་། རྒྱགས་ནད། གཅིན་སྙི། ཁམས་དཀར་གྱི་ནུས་པ་ཉམས་པ། ཁྲག་ཤེད། སྙིང་རྩ་འགག་པ། སེམས་སྐྱོན་སོགས་ནད་རིགས་མང་དག་ཅིག་བཟོ་གི་ཡོད། སྙིང་ཁམས་དང་འབྲེལ་བའི་ན་ཚ་མང་པོ་ཞིག་སེམས་ཀྱི་གནོན་ཤུགས་ལ་བརྟེན་ནས་ཡོང་གི་ཡོད་ལ། ཁ་པར་ལ་ཡང་ནས་ཡང་དུ་ལྟ་བ་དེས། ང་ཚོའི་དུས་ཚོད་འཕྲོ་བརླག་ལ་གཏོང་བ་ཙམ་མ་ཡིན་པར་ལུས་སེམས་གཉིས་ཀ་དང་འབྲེལ་བའི་ན་ཚ་མང་པོ་ཞིག་འབོད་འགུག་བྱེད་ཀྱི་ཡོད་འདུག
དེར་བརྟེན། ཁྱེད་རང་སོ་སོའི་ཉེ་འཁོར་གྱི་མི་ཚང་མར་དགའ་ན། ཁ་པར་དང་མཉམ་དུ་སྐྱེལ་བའི་དུས་ཚོད་ཉུང་དུ་ཐོངས།
གལ་ཏེ། ཁྱེད་རང་གིས་ལུས་སེམས་གཉིས་དང་འབྲེལ་བའི་འཕྲོད་བསྟེན་ཡར་རྒྱས་གཏོང་འདོད་ན། ཁ་པར་ས་ལ་ཞོག
ཡོངས་ཁུངས། ཨ་རིའི་ནིག་ཡོག་དུས་བབ།