སེམས་སོང་ཁ་པར་སུམ་ལྟེབ་ཅན།

དུས་ད་ལྟའི་ཆར་འཛམ་གླིང་ནང་དུ་ཁ་པར་སུམ་ལྟེབ་ཅན་ཞིག་ཡོད་པ་ནི་ཧྭ་ཝེ་ཁ་པར་གཅིག་པུ་ཡིན་པས། ལྷོ་ཀོ་རི་ཡའི་སེམས་སོང་ཁ་པར་བཟོ་ཚོང་ཁང་གིས་ཀྱང་མི་འགྱངས་བར་ཁ་པར་སུམ་ལྟེབ་ཅན་ཞིག་འདོན་སྤེལ་བྱ་འཆར་ཡོད་འདུག

དེ་ཡང་གནས་ཚུལ་ཡོངས་ཁུངས་ཁག་ཅིག་ལྟར་ན། སེམས་སོང་བཟོ་ཚོང་ཁང་གིས་ད་ལོའི་ཟླ་དང་པོའི་ནང་དུ་ཁ་པར་སུམ་ལྟེབ་ཅན་ཞིག་བཟོ་འཆར་ཡོད་པ་ཕྱིར་བསྒྲགས་བྱས་ཟིན་པས། ག་དུས་འདོན་སྤེལ་བྱེད་མིན་གྱི་ཐད་ལ་དྲི་བ་ཡོད་པ་མ་གཏོགས། ཁ་པར་སུམ་ལྟེབ་ཅན་དེ་དངོས་སུ་འདོན་སྤེལ་བྱེད་མིན་ནི་དྲི་བ་ཞིག་ཆགས་ཀྱི་མེད་པ་རེད།

སེམས་སོང་བཟོ་ཚོང་ཁང་གིས་ཁ་པར་སུམ་ལྟེབ་ཅན་ཅིག་འདོན་སྤེལ་བྱེད་དགོས་དོན་ནི། འཛད་སྤྱོད་པའི་ངོས་ཐད་ནས་གླེང་ན། མི་མང་པོ་ཞིག་གིས་ཁ་པར་གྱི་རིན་གོང་ལ་དེ་ཙམ་ཁ་ཡ་མི་བྱེད་པར། རང་ཉིད་ཀྱིས་བཟུང་བའི་ཁ་པར་དེ་མི་གཞན་གྱི་ལག་ཏུ་བཟུང་བའི་ཁ་པར་ལས་གསར་གཏོད་རང་བཞིན་ཅན་ཞིག་ཏུ་ཚོར་འདོད་ཡོད་ལ། གཉིས་ནས། རྒྱལ་སྤྱིའི་སྟེང་གི་ཁ་པར་སུམ་ལྟེབ་ཅན་གྱི་ཁྲོམ་ར་མིག་སྔར་ཧྭ་ཝེ་གཅིག་པུས་བཟུང་ཡོད་སྟབས། སེམས་སོང་བཟོ་ཚོང་ཁང་གིས་ཁྲོམ་ར་དེའི་ནང་དུ་ཆ་ཤས་གལ་ཆེན་གཟུང་འདོད་ཡོད་པ་རེད།

སེམས་སོང་གི་ཁ་པར་སུམ་ལྟེབ་ཅན་དེ་ད་དུང་འདོན་སྤེལ་བྱས་མེད་རུང་། དྲ་ལམ་གྱི་དབྱེ་ཞིབ་པ་མང་པོ་ཞིག་གིས། ཁ་པར་དེ་ག་འདྲ་ཡོད་མེད་ཀྱི་ཐད་ལ་ཚོད་དཔག་འདི་ལྟ་སྟེ།

འཆར་ཤེལ་གྱི་ཆེ་ཆུང་། 10-inch
པར་ཆས་གཙོ་བོའི་ནུས་ཤུགས།200-megapixel
རང་ཉིད་པར་ལེན་གྱི་པར་ཆས་ནུས་ཤུགས། 10-megapixel
རིན་གོང་། ཨ་སྒོར་3000་ཡས་མས།

གསལ་བཤད། སེམས་སོང་ཁ་པར་སུམ་ལྟེབ་ཅན་དེ་འཛམ་གླིང་གི་རྒྱལ་ཁབ་གཞན་དག་གི་ནང་དུ་དངོས་སུ་ཚོང་འགྲེམས་མ་བྱས་གོང་དུ། རྒྱ་ནང་དང་ལྷོ་ཀོ་རི་ཡ་གཉིས་ཀའི་ནང་དུ་འགྲེམས་སྤེལ་བྱ་རྒྱུ་རེད་འདུག

3 comments
  1. སེམས་སོང་ཟེར་ན་གོ་བ་གསལ་པོར་མ་རྙེད།

  2. ལྷོ་ཀོ་རི་ཡའི་ཨན་ཌོ་ཁ་པར་གྲགས་ཆེ་ཤོས་དེར་གོ་དགོས། ཁ་ཤས་ཀྱིས་སྐར་གསུམ་ཞེས་འབོད་ཀྱི་ཡོད།

  3. སྒྲ་སྒྱུར་དང་དོན་སྒྱུར་གྱི་ཁྱད་པར་ཙམ་ཡིན།

Leave a Reply to Anonymous Cancel reply

Your email address will not be published. Required fields are marked *