ཉེ་ལམ་ཨ་རིའི་གཞུང་གིས་ NVIDIA(英伟达)་འཕྲུལ་རིག་བཟོ་ཚོང་ཁང་གི་H20 AI ཉིང་ལྷེབ་རྒྱལ་ནང་ལ་ཕྱིར་ཚོང་བྱེད་ཆོག་པའི་ཆོག་མཆན་གནང་བ་བཞིན། ཨེན་ཝི་ཌི་ཡའི་སྤྱི་ཁྱབ་འགན་འཛིན་རྒྱལ་ནང་ལ་ཐེངས་གསུམ་ཕེབས་ཏེ། རྒྱལ་ཁབ་གཉིས་བར་གྱི་ཉིང་ལྷེབ་དང་འབྲེལ་བའི་ཚོང་སྒོ་ཕྱེ་བར་འབད་བརྩོན་གནང་ཡོད་ནའང་། ཉིན་འགའི་སྔོན་ལ། རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་(国家互联网信息办公室)གིས་ཐིན་ཞུན་དང་།(腾讯) ཨ་ལི་བྷ་བྷ།(阿里巴巴) ཙི་ཅེ་ཐའོ་ཏུང་(字节跳动)སོགས་རྒྱལ་ནང་གི་བཟོ་ལས་ཁང་ཆེ་ཁག་མཉམ་དུ་བསྐོངས་ནས། རྒྱལ་ནང་དུ་ཉིང་ལྷེབ་ཀྱི་རྒྱུ་ཆ་འདང་ངེས་ཡོད་པས། ཨ་རི་ནས་ནང་འདྲེན་བྱས་པའི་ཉིང་ལྷེབ་ལ་བརྟེན་དགོས་པའི་རྒྱུ་མཚན་སྐོར་ལ་འདྲི་བརྩད་ནན་མོ་བྱས་ཡོད་པ་མ་ཟད། རྒྱལ་ནང་གི་འཕྲུལ་རིག་བཟོ་ཚོང་ཁང་མང་དག་ཅིག་ལ་བརྡ་ཐོ་བཏང་ནས་་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་ལས་ཀ་གང་རུང་གི་ཆེད་དུ་ཨ་རིའིH20ཉིང་ལྷེབ་དེ་སྤྱོད་མི་རུང་བའི་སྐུལ་མ་བཏང་ཡོད།
ཟླ་སྔོན་མར་རྒྱལ་ཁབ་དྲ་རྒྱའི་ཚོད་འཛིན་ལས་ཁུངས་ཀྱིས་ཨེན་ཝི་ཌི་ཡའི་སྐུ་ཚབ་འབོད་འགུག་བྱས་ཏེ་H20 ཡིས་རྒྱ་ནང་གི་འཛད་སྤྱོད་པའི་གནས་ཚུལ་དང་སྒེར་གྱི་ཆ་འཕྲིན་ལ་ཤུགས་རྐྱེན་ཐེབས་སྲིད་པའི་བདེ་འཇགས་ཀྱི་ཉེན་ཁ་ཡོད་མེད་འགྲེལ་བཤད་རྒྱག་དགོས་པའི་འབོད་སྐུལ་བྱས་ཡོད་ལ། ཨེན་ཝི་ཌི་ཡའི་མགྲིན་ཚབ་པས། H20 གྱི་ཉིང་ལྷེབ་དེ་”དམག་དོན་གྱི་ཐོན་རྫས་ཤིག་གམ་སྲིད་གཞུང་གི་རྨང་གཞིའི་འཛུགས་སྐྲུན་གྱི་ཆེད་དུ་མིན་”ཞེས་བརྗོད་ཡོད།
གང་ལྟར། ཉེ་ཆར་སྲིད་གཞུང་གི་སྟངས་འཛིན་འོག་ཏུ་ཡོད་པའི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཨེན་ཝི་ཌི་ཡའི་H20ཡི་ཉིང་ལྷེབ་དེས་རྒྱལ་ནང་གི་མི་སྒེར་གྱི་གཞི་གྲངས་བདེ་འཇགས་ལ་ཉེན་ཁ་བཟོ་གི་ཡོད་པ་བརྗོད་དེ་སྐྱོན་བརྗོད་ཤུགས་ཆེ་རུ་བཏང་ཡོད། དེ་དང་དུས་མཚུངས་སུ། རྒྱལ་ནང་གི་བཟོ་ལས་ཁང་ཁག་གིས་མིས་བཟོས་རིག་ནུས་ཀྱི་ཉིང་ལྷེབ་གཞན་པ་བཟོ་བའི་ལས་ཀ་ཇེ་མགྱོགས་སུ་བཏང་ཡོད་ཅིང་། ཧྭ་ཝེ་(HWT.UL)ལྟ་བུའི་བཟོ་ཚོང་ཁང་ཚོས་H20 ཉིང་ལྷེབ་ཀྱི་ལས་ཀའི་སྤུས་ཚད་ལ་འགྲན་རྩོད་བྱེད་པའི་འཕྲུལ་ཆས་བཟོ་སྐྲུན་བྱེད་བཞིན་ཡོད་པ་རེད།
བལྟས་ཟིན། རྒན་ལགས་བཀའ་དྲིན་ཆེ། ????????