གནས་སྤོ་ཐུབ་པའི་སྨྱན་སྦྱོར།

ཨ་རིའི་ཧ་ནེ་ཝིལ་(Honeywell International, Inc)་ཚད་མཐོའི་འཕྲུལ་རིག་བཟོ་ཚོང་ཁང་གིས་ཉམས་ཞིབ་གྲུབ་དོན་ལྟར་ན།མཐེབ་སྡེར་བརྒྱུད་ནས་མཉེན་འབུ་ཁྱབ་སྤེལ་འགྲོ་བའི་ཚད་གཞི་སྔར་བཞིན་མཐོ་བོ་ལྷག་ཡོད་འདུག  བཟོ་ཚོང་ཁང་དེའི་༢༠༢༢་ལོའི་བཟོ་ལས་དྲ་རྒྱའི་བདེ་འཇགས་་མཐེབ་སྡེར་ཉེན་ཁའི་སྙན་ཐོ་ནང་གི་གཞི་གྲངས་ལྟར་ན། དྲ་ཐོག་གི་ནད་དུག་གི་བརྒྱ་ཆ་༥༢་ལྷག་ཙམ་གནས་སྤོ་ཐུབ་པའི་སྨྱན་སྦྱོར་རིགས་ཏེ། མཐེབ་སྡེར་དང་། འཁོར་སྡེར། གསོག་བྱང་སོགས་ལ་དམིགས་ཏེ་བཟོས་ཡོད་པ་གསལ་འདུག་པ་དང་། དེ་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆ་༣༢་ཡར་འཕར་ཡོད་འདུག གྲུབ་དོན་འདིས་གནས་སྤོ་ཐུབ་པའི་སྨྱན་སྦྱོར་ལ་དམིགས་ཏེ་བཟོས་པའི་ནད་དུག་གི་གྲངས་འབོར་ཤུགས་ཆེར་འཕར་ཡོད་པ་གསལ་འགྲེལ་བྱས་ཡོད།

འདི་ནི་བཟོ་ལས་ཁང་འདིའི་ཉམས་ཞིབ་ཀྱི་སྙན་ཐོ་འདོན་ཐེངས་བཞི་པ་དེ་ཆགས་ཀྱི་ཡོད་ལ། སྙན་ཐོ་དེའི་ནང་དུ་བཟོ་ལས་ཀྱི་སྒྲིག་བཀོད་ནང་གི་ཟླ་༡༢་རིང་གི་འཕྲུལ་རིག་གི་ཉེན་ཁ་དང་འབྲེལ་བའི་གཞི་གྲངས་ཕྱོགས་བསྡུས་བྱས་ཏེ་དབྱེ་ཞིབ་བྱས་ཡོད། མཐེབ་འཇུག་གམ་མཐེབ་སྡེར་གྱི་ཉེན་ཁ་ཙམ་མ་ཟད། སྙན་ཐོ་དེའི་ནང་དུ་ད་དུང་མཉེན་འབུ་ཁག་གི་ཁོངས་ནས་སིམ་འཛུལ་རྟ་ཕོའི་ནད་དུག་གིས་བརྒྱ་ཆ་༧༦་ཟིན་ཡོད་པ་རྙེད་སོན་བྱུང་ཡོད། གང་ལྟར། ཁྱེད་ཀྱིས་གནས་སྤོ་ཐུབ་པའི་སྨྱན་སྦྱོར་གྱི་རིགས་བཀོལ་གྱི་ཡོད་ཚེ། དེ་དག་རང་ཉིད་ཀྱི་རྩིས་འཕྲུལ་ནང་དུ་བཅུག་ན་ནད་དུག་ཕོག་ཉེན་ཡོད་པས། ཡིད་གཟབ་བྱེད་རྒྱུ་གལ་ཆེའོ།

གནས་སྤོ་ཐུབ་པའི་སྨྱན་སྦྱོར་གྱི་ཁོངས་སུ།

USB མཐེབ་འཇུག མཐེབ་སྡེར།

འཁོར་སྡེར། DVD

གསོག་བྱང་། SD

སྲ་སྡེར་སོགས་ཚུད་ཡོད།

གཤམ་གྱི་ཐབས་ལམ་འདི་དག་སྤྱད་དེ་གནས་སྤོ་ཐུབ་པའི་སྨྱན་སྦྱོར་དོ་དམ་བྱོས།

༡ ༽ རྩིས་འཕྲུལ་གྱི་ནང་དུ་ནད་དུག་འགོག་བྱེད་ཀྱི་མཉེན་ཆས་ནང་འཇུག་བྱས་ཏེ། གནས་སྤོ་ཐུབ་པའི་སྨྱན་སྦྱོར་རིགས་རང་ཉིད་ཀྱི་རྩིས་འཕྲུལ་ལ་སྦྲེལ་དུས། ག་དུས་ཡིན་ཡང་ནད་དུག་ཡོད་མེད་རྩད་ཞིབ་བྱེད་དགོས།

༢ ༽ རྙེད་སོན་བྱུང་བའི་གནས་སྤོ་ཐུབ་པའི་སྨྱན་སྦྱོར་རིགས་རང་ཉིད་ཀྱི་རྩིས་འཕྲུལ་ལ་གཏན་ནས་མ་སྦྲེལ། ད་དུང་མི་ཆ་མེད་ཀྱི་སྨྱན་སྦྱོར་རིགས་ཀྱང་རང་ཉིད་ཀྱི་རྩིས་འཕྲུལ་དང་སྦྲེལ་མི་རུང་།

༣ ༽ རང་ཉིད་ལ་གནས་སྤོ་ཐུབ་པའི་སྨྱན་སྦྱོར་རིགས་ཡོད་ཚེ། དེ་དག་རྩིས་འཕྲུལ་དང་སྦྲེལ་དུས་རང་འགུལ་གྱིས་ཁ་ཕྱེ་ཏེ་ལས་ཀ་བྱེད་འགོ་ཚུགས་(Autorun)འགྲོ་བའི་བྱེད་ནུས་དེ་སྒོ་རྒྱག་དགོས། 

༤ ༽ གནས་སྤོ་ཐུབ་པའི་སྨྱན་སྦྱོར་གྱི་ནང་ནས་གསང་བའི་ཡིག་ཆ་དེ་འདྲ་གནས་གཞན་ལ་སྤོས་ཚར་ན། གནས་སྤོ་ཐུབ་པའི་སྨྱན་སྦྱོར་གྱི་ནང་ནས་ཡིག་ཆ་དེ་གསུབ་དགོས།

Leave a Reply

Your email address will not be published. Required fields are marked *