Browsing Tag

vpn

3 posts

རིན་མེད་བཤེར་ཆས། (Free Browser)

རིན་མེད་བཤེར་ཆས་ཀྱིས་ཁྱེད་ལ་རྟོག་བཟོས་མི་སྒེར་དྲ་བ་བཀོལ་སྤྱོད་བྱེད་མ་དགོས་པའི་ཐོག་ནས་འཛམ་གླིང་གི་སྤྱི་ཚོགས་འབྲེལ་མཐུད་དྲ་བ་སྐད་གྲགས་ཆེ་ཤོས་ངོ་དེབ་དང་ཐོས་ཐར། ད་དུང་རྒྱལ་ནང་དུ་བཀག་སྡོམ་བྱས་ཡོད་པའི་དྲ་ཚིགས་སོགས་ལ་ལྟ་ཀློག་བྱེད་དུ་འཇུག་ནུས། རིན་མེད་བཤེར་ཆས་བཀོལ་སྤྱོད་བྱེད་པར་འཛད་སྤྱོད་པའི་ཁ་པར་གྱི་སྟེང་ནས་ཐོ་འགོད་དང་། སྒྲིག་འགོད་སོགས་གང་ཡང་བྱེད་མི་དགོས། བཀོལ་ཆས་འདི་ནི་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་མི་ཚང་མས་རིན་མེད་ཀྱི་ཐོག་ནས་བཀོལ་སྤྱོད་བྱེད་ཆོག་པ་མ་ཟད། བཀོལ་སྤྱོད་ལ་ཚད་བཀག་གང་ཡང་མེད། ཚོད་ལྟ་བྱས་པའི་གྲུབ་འབྲས་ལྟར་ན། རིན་མེད་བཤེར་ཆས་ནི། སྤྱི་ལོ་༢༠༢༡༦་ལོའི་རྒྱལ་ནང་གི་དྲ་རྒྱ་བཀག་སྡོམ་ལ་གཡོལ་བྱེད་ཀྱི་རིན་མེད་ཀྱི་ཡོ་ཆས་མྱུར་ཤོས་དེ་ཡིན་འདུག བཀོལ་ཆས་དེས་ཁྱིམ་དང་། སློབ་གྲྭ ལས་ཀ་སོགས་སུ་ལག་བསྟར་བྱེད་ཀྱི་ཡོད་པའི་བཀག་སྡོམ་རང་བཞིན་གྱི་མེ་གྱང་ཆ་ཚང་ལ་གཡོལ་ཐུབ་ཀྱི་ཡོད། བཀོལ་ཆས་འདི་ནི་གྷོ་གྷིལ་ཁི་རོམ་བསྐྲུན་སའི་འབྱུང་ཁུངས་ཨང་ཚབ་ཀྱི་སྟེང་ལ་གཞི་བཅོལ་ནས་བཟོས་ཡོད་ལ། བཟོ་སྐྲུན་བྱེད་མཁན་ནི་རྒྱ་ནང་གི་མིང་མེད་ཀྱི་ཚོགས་པ་ཞིག་ཡིན་འདུག  བཀོལ་ཆས་འདི་གཤམ་གྱི་དྲ་ཚིགས་འདི་གསུམ་ཀའི་སྟེང་ནས་རྙེད་ཐུབ། www.en.greatfire.org, www.freebrowser.org, https://s3.amazonaws.com/loklad.com/freebrowser.html…

སའེ་ཧྥོན།

སའེ་ཧྥོན་གྱིས་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཚོར་བདེ་འཇགས་ངང་དྲ་རྒྱའི་བཀག་སྡོམ་གྱི་བཙན་རྫོང་གཏོར་བར་རོགས་འདེགས་བྱེད་ཀྱི་ཡོད། མཉེན་ཆས་དེས་ད་དུང་ཁྱེད་རང་སྐུད་མེད་དྲ་བར་མཐུད་དུས།

ཀུ་ཤུ་ཁ་པར་མི་ཉོ་བའི་རྒྱུ་མཚན་ལྔ།

འདས་པའི་ལོ་ཁ་ཤས་ཀྱི་རིང་དུ། བདག་གིས་བོད་ཁུལ་གྱི་འཕྲུལ་རིག་གི་འཕེལ་རྒྱས་སྐོར་ལ་དོ་སྣང་བྱས་པ་ཡིན་ལ། གོ་རིམ་དེའི་ཁྲོད་དུ། བོད་པ་ཕལ་ཆེ་བས་ཀུ་ཤུ་ཁ་པར་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་། འདས་པའི་དུས་སུ། བོད་པ་ཚོས་ཀུ་ཤུ་ཁ་པར་ཉོ་དགོས་པའི་རྒྱུ་མཚན་ནི། ཁ་པར་གཞན་དག་གི་ནང་དུ་སྔོན་ཚུད་ནས་བོད་ཡིག་མེད་སྟབས་སྤྱོད་བདེ་པོ་མེད། ཡིན་ནའང་། དེང་གི་དུས་སུ། ཀུ་ཤུ་དང་ཨན་ཌོ་ཁ་པར་གཉིས་ཀའི་ནང་དུ་བོད་ཡིག་གི་ཡིག་གཟུགས་ཡོད་པས། ཚོང་རྟགས་གཅིག་པུར་བལྟས་ཏེ་ཀུ་ཤུ་ཁ་པར་ཉོ་བའི་དུས་སྐབས་དེ་རྫོགས་ཚར་ཡོད། གཤམ་དུ་ཀུ་ཤུ་ཁ་པར་གྱི་ཚབ་ཏུ་ཨན་ཌོ་ཁ་པར་ཉོས་ན་བཟང་བའི་རྒྱུ་མཚན་ལྔ་བགྲངས་ཡོད།  ཀུ་ཤུ་ཁ་པར་སྤྱོད་མཁན་གྱི་གཞི་གྲངས་ཁག་ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནང་དུ་ཉར་ཚགས་བྱེད་དུ་བཅུག་ཡོད། ཀུ་ཤུ་བཟོ་ཚོང་ཁང་ལ། སྲིད་གཞུང་གིས་དོ་དམ་འོག་ཡོད་པའི་རྒྱ་ནང་གི་བཟོ་ལས་ཁང་ཞིག་གིས་སྟངས་འཛིན་བྱེད་ཀྱིན་པའི་གཞི་གྲངས་ལྟེ་གནས་ཤིག་ཀོས་ཀྲུག་ཞིང་ཆེན་ནང་དུ་ཡོད་ལ། གཞི་གྲངས་ལྟེ་གནས་གཞན་དེ་ནང་སོག་ཏུ་ཡོད།  ཉེ་ལམ་རྒྱ་ནང་གི་ཀུ་ཤུ་འཛད་སྤྱོད་པས་སྤྲིན་སྟེང་ཀོས་ཀྲུག་(云上贵州,全称云上贵州大数据产业发展有限公司)ཟེར་བའི་ཀུ་ཤུའི་ཞབས་ཞུ་མཁོ་སྤྲོད་བྱེད་མཁན་གྱི་བཟོ་ལས་ཁང་དེའི་སྤྲིན་མཛོད་ཀྱི་ཞབས་ཞུ་ངོས་ལེན་བྱེད་དགོས་པའི་ཆ་རྐྱེན་ཞིག་ཀུ་ཤུ་བཟོ་ཚོང་ཁང་གིས་གསར་དུ་བསྐྲུན་ཡོད། ཀུ་ཤུ་བཟོ་ཚོང་ཁང་གིས་འགྱུར་བ་དེ་གཏོང་དགོས་པའི་དམིགས་ཡུལ་ནི།…