དྲ་བཤེར་གྱི་སྡེ་ཚན།
འཕྲུལ་རིག་བསྐྱར་ཞིབ།
25 posts
ཀུ་ཤུ་ཁ་པར་སྐོར་གྱི་གླེང་སློང་།
དེ་ཡང་ལོ་མང་རིང་དྲ་ལམ་དུ་ཟབ་སྦྱོང་སྤྲད་པའི་གོ་རིམ་ཁྲོད་ནས་བདག་གིས་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་དར་ཁྱབ་ཆེ་ཤོས་ཀྱི་ཁ་པར་ནི་ཀུ་ཤུ་ཁ་པར་ཡིན་པ་ཤེས་རྟོགས་བྱུང་། དེ་བས། རང་གི་ཤེས་ཚོད་ཀྱིས་ཀུ་ཤུ་ཁ་པར་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་དྲ་གྲོགས་ཚོར་མཉམ་སྤྱོད་བྱེད་འདོད། དང་པོ། རྒྱལ་ཁབ་ཕྱི་ནང་གི་ཀུ་ཤུ་ཁ་པར་ལ་ཁྱད་པར་ཡོད་དམ་ཞེ་ན། ང་ཚོའི་ཁྲོད་ཀྱི་དྲ་གྲོགས་མང་པོ་ཞིག་གིས་རྒྱལ་ནང་ནས་ཐོན་པའི་ཀུ་ཤུ་ཁ་པར་དང་ཕྱི་རྒྱལ་གྱི་ཀུ་ཤུ་ཁ་པར་གཉིས་ཀའི་བར་ལ་ཁྱད་པར་ཡོད་ངེས་པའི་ཐེ་ཚོམ་བྱེད་ཀྱི་ཡོད་རུང་། རྒྱལ་ནང་ནས་ཉོས་པའི་ཀུ་ཤུ་ཁ་པར་རྫུན་མ་དེ་འདྲ་ཡིན་ན་མ་གཏོགས། རྩ་བའི་ཆ་ནས་རྒྱལ་ནང་གི་ཀུ་ཤུ་ཁ་པར་དང་ཕྱི་རྒྱལ་གྱི་ཀུ་ཤུ་ཁ་པར་བར་གྱི་མཁྲེགས་ཆས་སམ་སྲ་ཆས་ལ་ཁྱད་པར་མེད་པར་སྣང་ལ། དུས་ད་ལྟའི་ཆར། ཀུ་ཤུ་བཟོ་ལས་ཁང་ཡིན་ན་འདྲ། དེ་མིན་གྱི་ཉམས་ཞིབ་སྡེ་ཚན་གང་གིས་ཀྱང་རྒྱལ་ནང་གི་ཀུ་ཤུ་ཁ་པར་དང་ཕྱི་རྒྱལ་གྱི་ཀུ་ཤུ་ཁ་པར་གཉིས་ཀའི་བར་ལ་ཁྱད་པར་ཡོད་པའི་གནས་ཚུལ་གང་ཡང་འདོན་སྤེལ་གནང་མེད་པས། དེའི་སྐོར་ལ་སེམས་ཁྲལ་བྱེད་དགོས་དོན་མེད། མདོར་བསྡུས་ནས་བཤད་ན། རྒྱལ་ནང་གི་ཀུ་ཤུ་ཁ་པར་དང་ཕྱི་རྒྱལ་གྱི་ཀུ་ཤུ་ཁ་པར་གཉིས་ཀྱི་ཁྱད་པར་གཙོ་བོ་ནི། རྒྱལ་ཁབ་སོ་སོའི་ནང་གི་མཉེན་ཆས་དང་ཞབས་ཞུ། བརྩི་སྲུང་བྱེད་དགོས་པའི་ཁྲིམས་སྲོལ་ཁག་མ་གཏོགས། རྩ་བའི་ཁ་པར་གྱི་མཁྲེགས་ཆས་ལ་ཁྱད་པར་མེད། གཉིས་པ།…
ཀུ་ཤུ་ཁ་པར་ཐོན་15
ཟླ་འདིའི་ཚེས་༡༢་ཉིན། ཀུ་ཤུ་བཟོ་ཚོང་ཁང་གིས་ཀུ་ཤུ་ཁ་པར་ཐོན་༡༥་པ་དེ་ཨ་རིའི་མངའ་སྡེ་ཁ་ལེ་ཧྥོར་ནེ་ཡའི་ནང་དུ་དངོས་སུ་ཁྱབ་སྤེལ་བྱས་ཡོད། ཀུ་ཤུ་ཁ་པར་ཐོན་༡༥་པར་འགྱུར་བ་ཆེན་པོ་ཞིག་བཏང་ཡོད་པ་ནི། ཁ་པར་གྱི་གློག་གསོག་ཆས་གསར་པ་ཞིག་བཟོས་ཡོད་པ་དེ་ཡིན། ལོ་ཤས་གོང་ནས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་འཕྲུལ་ཆས་ཀྱི་སྙིགས་རོ་ཉུང་དུ་གཏོང་ཐབས་དང་། འཛད་སྤྱོད་པའི་འགྲོ་གྲོན་ཆུང་དུ་གཏོང་ཐབས་ལ་དམིགས་ཏེ། ཀུ་ཤུ་ཐེ་བའི་འཕྲུལ་རིག་བཟོ་ལས་ཁང་ཁག་ལ་གནོན་ཤུགས་སྤྲད་དེ། བཟོ་ལས་ཁང་དེ་དག་གིས་བཟོས་པའི་གློག་ཆས་དག་གི་གློག་གསོག་ཆས་དེ་འཛམ་གླིང་གཅིག་གྱུར་གྱི་གློག་གསོག་ཆས་ལ་བསྒྱུར་དགོས་པའི་དགོས་འདུན་བཏོན་ཡོད་ལ། ཀུ་ཤུ་བཟོ་ལས་ཁང་གིས་རང་ཉིད་ཀྱིས་འཆར་འགོད་བྱས་པའི་གློག་གསོག་ཆས་དེར་བདེ་འཇགས་ཡོད་པར་བརྗོད་ཡོད་ཀྱང་། མཐར་མར། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་རེ་འདུན་ལྟར་ཀུ་ཤུ་ཁ་པར་གྱི་གློག་གསོག་ཆས་ལ་འགྱུར་བ་གཏོང་དགོས་བྱུང་ཡོད། དེ་བས་གློག་གསོག་ཆས་གསར་པ་དེས་ཀུ་ཤུ་ཁ་པར་དང་རྩིས་འཕྲུལ། རྩིས་འཕྲུལ་ལེབ་མོ། ཀུ་ཤུ་རྣ་ཉན་ཡོངས་རྫོགས་ལ་གཅིག་གྱུར་གྱིས་ཐོག་ནས་གློག་མགྱོགས་པོ་གསོག་ཐུབ་ཀྱི་ཡོད། ཀུ་ཤུ་ཁ་པར་ཐོན་གསར་པ་དེ་ཟླ་༩་པའི་ཚེས་༢༢་ཉིན། དངོས་སུ་འགྲེམས་ཚོང་བྱེད་རྒྱུ་རེད་འདུག འཛམ་གླིང་སྤྱི་ཡོངས་ཀྱི་ཁ་པར་ཉོ་ཚོང་གི་ཁྲོམ་ར་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ།…
ཀུ་ཤུ་ཁ་པར་ཐོན ༡༤
ཀུ་ཤུ་མ་ལག་ཐོན་༡༦་དངོས་སུ་འདོན་སྤེལ་བྱས་པ་བཟུང་། མི་མང་པོ་ཞིག་གིས་དྲ་ལམ་དུ། མི་འགྱངས་བར་ཁྲོམ་རར་འགྲེམས་སྤེལ་བྱེད་ངེས་པའི་ཀུ་ཤུ་ཁ་པར་ཐོན་༡༤་སྐོར་ལ་གནས་ཚུལ་སྣ་ཚོགས་ཞིག་སྤེལ་དང་སྤེལ་མུས་ཡིན། ཀུ་ཤུ་ཁ་པར་འགྲེམས་སྤེལ་བྱེད་པར་ད་དུང་དུས་ཡུན་ཟླ་བ་ཁ་ཤས་འགོར་ངེས་ཀྱི་ཡོད་རུང་། མི་ཚོས་འདས་པའི་ཉམས་མྱོང་དང་སོ་སོའི་འཆར་སྣང་མཉམ་སྤུངས་བྱས་པའི་འབྲས་བུ་ལ་བརྟེན་ནས། ད་ཆ། ང་ཚོས་ཀུ་ཤུ་ཁ་པར་ཐོན་iPhone 14 དང་ iPhone 14 Pro་སོགས་ཀྱི་བཟོ་བཀོད་དང་ཁྱད་ཆོས་སོགས་ག་འདྲ་ཡོད་མེད་རོབ་ཙམ་ཚོད་དཔག་དང་ཤེས་རྟོགས་ཐུབ་ཀྱི་ཡོད། ཀུ་ཤུ་བཟོ་ཚོང་ཁང་གིས་ཁ་པར་ཐོན་གསར་མི་འདྲ་བ་རིགས་བཞི་འདོན་སྤེལ་བྱེད་ངེས་པ་དག་ནི། iPhone 14 དང་། iPhone 14…
དམངས་སྒོར་༢༤༦༥ འོག་གི་སྐུད་མེད་རྣ་ཉན།
འཛམ་གླིང་ཡོངས་རྫོགས་བརྡ་འཕྲིན་ཅན་དུ་གྱུར་བས། འཕྲུལ་རིག་ལག་རྩལ་དང་གློག་ཆས་སོགས་ང་ཚོའི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད། སློབ་མ་ཚོ་དངོས་སུ་སློབ་གྲྭར་བསྐྱོད་མ་དགོས་པར་དྲ་ལམ་ནས་འཛིན་གྲྭ་འཚོགས་པ་དང་། ལས་ཁུངས་ཀྱི་ལས་ཀ་མང་དག་ཅིག་ཁྱིམ་ནས་སྒྲུབ་པ། ལྷག་པར་དུ། ནད་དུག་གི་དུས་སྐབས་འདིར། མི་མང་པོ་ཞིག་གི་ལས་ཀའི་ཐོན་སྐྱེད་ནུས་ཤུགས་སམ་གྲུབ་འབྲས་ཀྱང་འཕྲུལ་རིག་ཡོ་ཆས་དང་འབྲེལ་བ་དམ་ཟབ་ཆགས་ཡོད། དེང་སང་། སྐུད་མེད་རྣ་ཉན་རིགས་སྐུད་མེད་དྲ་བའི་ཁྱད་ཆོས་ཡོད་པའི་རྩིས་འཕྲུལ་དང་། རྩིས་འཕྲུལ་ལེབ་མོ། ཁ་པར་སོགས་ཚང་མའི་ནང་དུ་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད། ཉིན་མ་རེ་རེར་ཐོན་རྫས་གསར་པ་སྣ་མང་ཞིག་འདོན་སྤེལ་བྱེད་ཀྱི་ཡོད་སྟབས། མཚམས་རེར་ཐོན་རྫས་གང་ཞིག་རང་ཉིད་ཀྱི་དགོས་མཁོ་དང་དངུལ་གྱི་སྔོན་རྩིས་དང་འཚམ་མིན་ཐག་གཅོད་བྱེད་དཀའ་མོ་ཆགས་ཀྱི་ཡོད། གང་ལྟར། རྣ་ཉན་གང་རུང་ཞིག་མ་ཉོས་པའི་སྔོན་དུ། ང་ཚོས་ངེས་པར་དུ་དོན་ཚན་གལ་ཆེན་ཁག་ཅིག་གི་ཐོག་ལ་ཞིབ་ཏུ་བསམ་བློ་གཏོང་དགོས། སྦུག་སྒྲའི་སྤུས་ཚད། སྦུག་སྒྲས་སྐད་སྒྲ་དང་རོལ་དབྱངས་སོགས་ལ་དབྱངས་རྟ་མཁོ་སྤྲོད་བྱེད་ཀྱི་ཡོད་ལ།…
Samsung Galaxy S21 Ultra 5G
ཁ་པར་གྱི་འཆར་ངོས་ཆེན་པོ་ལ་དགའ་མཁན་ཞིག་ཡིན་ན། སེམས་སོང་ཁ་པར་འདི་ནི་ཁྱེད་ལ་དགོས་པ་དེ་ཡིན། གང་ཡིན་ཞེ་ན། ཁ་པར་འདི་ནི། སྤྱི་ལོ་༢༠༢༡་ལོར་འདོན་སྤེལ་བྱས་པའི་ཨན་ཌོ་ཁ་པར་ཚང་མའི་གྲས་ཀྱི་ཁ་པར་ཡག་ཤོས་ཅིག་ཆགས་ཀྱི་ཡོད། ཁ་པར་འདི་ལ་ཡོད་པའི་ཁྱད་ཆོས་དམིགས་བསལ་ཞིག་ནི། ཁ་པར་སྟེང་གི་མདུན་རྒྱབ་ཀྱི་པར་ཆས་གཉིས་ཀ་དུས་མཉམ་དུ་བཀོལ་སྤྱོད་བྱས་ཏེ་བརྙན་ལེན་ཐུབ་ཀྱི་ཡོད་པ་དེ་ཡིན་ལ། རྒྱང་རིང་གི་ཡུལ་ལྗོངས་དང་ཅ་ལག་སོགས་མདུན་ལ་ཤུགས་ཆེར་འཐེན་ཐུབ་པ་གང་ཞིག་ལ། པར་གྱི་སྤུས་ཚད་ཞན་དུ་མི་འགྲོ་བ་དེའང་མི་ཚོས་དགའ་མོས་བྱ་སའི་ཁ་པར་འདིའི་ཁྱད་ཆོས་གཞན་ཞིག་ཡིན། དེ་མ་ཟད། ཁ་པར་འདིའི་སྟེང་དུ། འཛད་སྤྱོད་པས་སེམས་སོང་ཚང་གིས་བཟོས་པའི་S Pen་གློག་སྙུག་ཡང་བཀོལ་སྤྱོད་བྱེད་ཆོག་གི་ཡོད། ཁ་པར་འདིའི་རྒྱབ་ངོས་ཤེལ་གྱིས་བཟོས་ཡོད་ལ། ཁ་པར་གྱི་བོངས་ཚད་ཏོག་ཙམ་ཆེན་པོ་ཡོད་སྟབས། ཁ་པར་བཀོལ་སྤྱོད་ཡག་པོ་བྱེད་པ་ལ། ལག་པ་གཉིས་ཀ་དགོས་ཀྱི་ཡོད། འདི་ནི་སྐྱོན་ཆ་ཞིག་ཡིན་ལ།…
Oppo A74 5G ཁ་པར།
Oppo A74 5G ཁ་པར་ནི། རིན་གོང་མི་མཐོ་བའི་5G དྲ་བ་རྒྱབ་སྐྱོར་བྱེད་མཁན་གྱི་ཨན་ཌོ་ཁ་པར་ཐོན་གསར་པ་ཞིག་ཡིན་ལ། ཁ་པར་འདིའི་ནང་དུ་ཉིན་མོའི་དུས་སུ་བླངས་པའི་པར་གྱི་སྤུས་ཚད་ལེགས་ཀྱང་། ཉི་འོད་མེད་པའི་དུས་སུ་བླངས་པའི་པར་གྱི་སྤུས་ཚད་ཞན་པོ་ཡོད་པ་དེས་འཛད་སྤྱོད་པ་མང་པོ་ཞིག་སེམས་ཤུགས་ཆགས་སུ་བཅུག་ཡོད། དེར་བརྟེན། པར་ཆས་གཅིག་པུའི་ངོས་ཐད་ནས་བཤད་ན། ཁ་པར་ཐོན་གསར་པ་འདི་ལ་དམིགས་བསལ་གྱི་ཡར་རྒྱས་ཆེན་པོ་གང་ཡང་བཏང་མེད། ཁ་པར་འདིའི་རིན་གོང་གཅིག་པ་ཡིན་པའི་4G ཁ་པར་ཁ་ཤས་ཀྱི་པར་ཆས་ཁ་པར་འདིའི་པར་ཆས་ལས་ལེགས་པ་ཡོོད། Oppo A74 ཁ་པར་ཐོན་གསར་པ་འདི་ཨོ་ཕོ་Oppo A54་དང་ཧ་ཅང་འདྲ་བོ་ཡོད། ཁ་པར་ཐོན་གསར་རྙིང་འདི་གཉིས་ཀྱི་མི་འདྲ་ས་གཙོ་བོ་ནི།…