དྲ་བཤེར་གྱི་སྡེ་ཚན།

འཕྲུལ་རིག་གསར་འགྱུར།

70 posts

འཆམ་མཐུན་ཉེར་སྤྱོད་མ་ལག(ཧྭ་ཝེ)

ཧྭ་ཝེ་(华为)ནི་འཛམ་གླིང་ནང་གི་ཁ་པར་བཟོ་ལས་ཁང་ཆེ་ཤོས་ཤིག་ཡིན་རུང་། ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་གྱི་དམག་འཁྲུག་གི་བར་ནས། ཧྭ་ཝེ་དང་གྷོ་གྷིལ་བཟོ་ཚོང་ཁང་གཉིས་ཀྱི་བར་ལ་མཐུན་སྒྲིལ་གྱི་དཀའ་ངལ་བྱུང་སྟེ། ཨ་རིའི་བཟོ་ཚོང་ཁང་གིས་ཧྭ་ཝེ་ཁ་པར་གསར་པ་ཚོའི་ནང་དུ་ཨན་ཌོ་ཉེར་སྤྱོད་མ་ལག་མཁོ་སྤྲོད་མ་བྱས། རྒྱུ་རྐྱེན་དེའི་དབང་གིས་ཧྭ་ཝེ་བཟོ་ལས་ཁང་རང་ངོས་ནས་ཧྭ་ཝེ་ཁ་པར་ཐོན་གསར་པ་ཚོའི་ནང་དུ་འཆམ་མཐུན་ཟེར་བའི་ཉེར་སྤྱོད་མ་ལག་གསར་པ་ཞིག་བཟོ་སྐྲུན་བྱེད་པའི་ལས་གཞི་སྔར་ལས་མགྱོགས་སུ་བཏང་ཡོད།  འཆམ་མཐུན་ཉེར་སྤྱོད་མ་ལག་ནི་ཅི་ཞིག་ཡིན། འཆམ་མཐུན་ཉེར་སྤྱོད་མ་ལག་ནི། ཕྲན་ཉིང་(微内核)ཟེར་བའི་མཉེན་ཆས་ཤིག་གཞིར་བཞག་པའི་ཉེར་སྤྱོད་མ་ལག་ཅིག་ཡིན་ལ། ཉེར་སྤྱོད་མ་ལག་འདིའི་དམིགས་ཡུལ་ནི།  ཡོ་ཆས་འདྲ་མིན་བཀོལ་སྤྱོད་བྱེད་མཁན་ཚོར་ཐུན་མོང་མ་ཡིན་པའི་མྱོང་བ་སྤྲོད་རྒྱུ་དེ་ཡིན།ཧྭ་ཝེ་ཁ་པར་བཟོ་ལས་ཁང་ལ།  ཉེར་སྤྱོད་མ་ལག་འདིས་སྔར་ཡོད་ཀྱི་ཨན་ཌོ་མ་ལག་གི་ཚབ་བྱེད་ཐུབ་པ་ཞིག་བཟོ་རྒྱུའི་འདུན་པ་ཆེན་པོ་ཡོད།  ཉེར་སྤྱོད་མ་ལག་འདི་ཁ་པར་ཙམ་མ་ཡིན་པར།  ཁྱད་ཆོས་སྣ་འཛོམས་ཅན་གྱི་ལག་འདོགས་ཆུ་ཚོད་དང་བརྙན་འཕྲིན་སོགས་དང་མཉམ་དུའང་ལས་ཀ་བྱེད་ཐུབ་པ་ཞིག་བཟོ་འཆར་ཡོད། འཆམ་མཐུན་ཉེར་སྤྱོད་མ་ལག་གི་དམིགས་ཡུལ། འཆམ་མཐུན་ཉེར་སྤྱོད་མ་ལག་གི་ཁྱད་ཆོས་གཙོ་བོ་ཞིག་ནི།ཧྭ་ཝེ་ཁ་པར་ཞབས་ཞུ་ཡིན་ལ། ཞབས་ཞུ་དེས་ཉེར་སྤྱོད་མ་ལག་གཅིག་པ་བེད་སྤྱད་དེ། ཧྭ་ཝེ་ཁ་པར་ཚང་མ་ཁྱད་ཆོས་སྣ་འཛོམས་ཅན་གྱི་བརྙན་འཕྲིན་ལ་སྦྲེལ་དུ་འཇུག་གི་ཡོད། ཁྱད་ཆོས་འདིས་གྷོ་གྷོལ་གྱི་ཞབས་ཞུ་ཁག་གི་ཚབ་བྱེད་ཐུབ་ཀྱི་ཡོད།…

Firefox བཤེར་ཆས་ཐོན་79

དྲ་ཐོག་གི་རྗེས་འདེད་བཀག་འགོག་བྱེད་ཐུབ་པའི་Firefox བཤེར་ཆས་ཐོན་79 པའི་ཉེན་སྲུང་གི་ཁྱད་ཆོས། Firefox ནི་མོ་ཛི་ལ(Mozilla)ཐེབས་རྩ་ཁང་གིས་འདོན་སྤེལ་བྱས་པའི་རིན་མེད་ཀྱི་དྲ་རྒྱ་བཤེར་ཆས་ཤིག་ཡིན་ལ། ཁུངས་འབྱེད་མཉེན་ཆས་ཡིན་པའི་དྲ་རྒྱ་བཤེར་ཆས་འདི་ད་ལྟའི་དུས་སུ་མི་སྒེར་གྱི་གསང་རྒྱ་དང་བདེ་འཇགས་ལ་བརྩི་སྲུང་བྱེད་མཁན་གྱི་མཉེན་ཆས་གྲགས་ཆེ་ཤོས་ཀྱི་གྲས་ཡིན། ཉེ་ལམ། མོ་ཛི་ལ(Mozilla)ཐེབས་རྩ་ཁང་གིས་དྲ་ཐོག་གི་རྗེས་འདེད་ཀྱི་ཐབས་ལམ་ཁག་ལ་རྒོལ་བའི་ཆེད་དུ། བདེ་འཇགས་ཀྱི་ཁྱད་ཆོས་འཕར་མ་སྣ་ཚོགས་ཁ་སྣོན་བྱས་པའི་Firefox བཤེར་ཆས་ཐོན་79 དེ་དངོས་སུ་འདོན་སྤེལ་གནང་ཡོད། དྲ་ཐོག་གི་རྗེས་འདེད་ཀྱི་བྱེད་ལས་རིགས་བཀག་འགོག་བྱེད་མཁན་གྱི་དྲ་རྒྱ་བཤེར་ཆས་འདིས། ཁྱེད་རང་དྲ་མྱུལ་བྱེད་པའི་སྐབས་སུ། རང་འགུལ་གྱི་ཐོག་ནས་ཁྱེད་ཀྱི་གསང་རྒྱ་དང་བདེ་འཇགས་སྲུང་སྐྱོབ་བྱེད་ཀྱི་ཡོད། མཉེན་ཆས་ཐོན་གསར་པ་འདིས། ཁྱེད་རང་སྒེར་གྱི་གནས་ཚུལ་དང་། ཁྱེད་རང་གི་དྲ་ཐོག་གི་བྱེད་སྒོ། ཁྱེད་རང་གི་དགའ་ཕྱོགས་སོགས་དྲ་མྱུལ་གྱི་བརྒྱུད་རིམ་ཁྲོད་དུ་ལྐོག་ནས་བསྡུ་ལེན་བྱེད་མཁན་སོགས་བཀག་འགོག་བྱེད་པ་མ་ཟད།…

ཕྱི་རྒྱལ་དུ་མཉེན་ཆས་བཀག་སྡོམ།

སྲིད་གཞུང་གིས་་ངོ་དེབ་དང་། འཕྲུལ་སྒྲ་སོགས་ཕྱི་རྒྱལ་གྱི་མཉེན་ཆས་རིགས་ཚང་མ་རྒྱལ་ནང་དུ་བཀག་འགོག་བྱས་ཡོད་ཀྱང་། རྒྱ་ནང་དུ་བཟོས་པའི་མཉེན་ཆས་རིགས་འཛམ་གླིང་གི་རྒྱལ་ཁབ་ཚང་མའི་ནང་དུ་ཤུགས་ཆེར་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་མ་ཟད། ཏུག་ཡིན་ནམ་འདར་སྒྲ་བཀོལ་ཆས(抖音)་ལྟ་བུར་ཆ་མཚོན་ན།འཛམ་གླིང་ནང་ཕབ་ལེན་བྱེད་མཁན་གྱི་གྲངས་ཀ་དུང་ཕྱུར་གཉིས་ལ་སླེབས་གྲབས་ཡོད།  དུས་ད་ལྟའི་བར་རྒྱ་ནང་དུ་བཟོས་པའི་བཀོལ་ཆས་ཁག་ལ་ཕྱི་རྒྱལ་དུ་དཀའ་ངལ་འཕྲད་མྱོང་མེད་ཀྱང་།ཉེ་ལམ་རྒྱ་གར་གཞུང་གིས་རྒྱ་ནང་དུ་བཟོས་པའི་ཁ་པར་ནང་གི་བཀོལ་ཆས་གྲངས་༥༩་ཙམ་གློ་བུར་དུ་བཀག་སྡོམ་བྱས་ཡོད་པ་དང་། དེར་མཐུད་ནས། “ཨ་རིའི་གཞུང་གིས་ཀྱང་རྒྱ་ནག་གི་འདར་སྒྲ་བཀོལ་ཆས་གཙོས་བཀོལ་ཆས་གཞན་དག་བཀག་འགོག་བྱེད་ངེས་”ཅེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མའེ་ཁིག་ཕོམ་ཕེའོ་ལགས་ཀྱིས་བརྗོད་ཡོད།

དྲ་ཐོག་གི་འཇབ་རྒོལ་པས་པེ་ཅིན་གྱི་མིས་བཟོས་རིག་རྩལ་སྤྱི་གཉེར་ཁང་ཞིག་ལ་འཇབ་རྒོལ་བྱས།

ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་མི་མང་ཁྲི་སྟོང་མང་པོ་ལས་ཁུངས་སུ་འགྲོ་མ་ཐུབ་པར་རང་ཁྱིམ་ནས་ལས་ཀ་བསྒྲུབ་དགོས་བྱུང་བ་དེས། དྲ་ཐོག་གི་འཇབ་རྒོལ་པ་ཚོར་མི་སྒེར་དང་། ཚོགས་པ། སྲིད་གཞུང་ལ་སོགས་པར་གཏོར་རྒོལ་བྱེད་པའི་གོ་སྐབས་བཟང་པོ་ཞིག་བསྐྲུན་ཡོད། འཛམ་གླིང་གི་ས་ཆ་འདྲ་མིན་ནང་གི་དྲ་ཐོག་གི་འཇབ་རྒོལ་པ་ཚོས། ཏོག་དབྱིབས་ནད་དུག་གི་བརྗོད་གཞི་དང་འབྲེལ་བའི་ཡིག་ཟམ་གྱི་ཁོངས་སུ། ནད་འབུའི་རིགས་འབྲེལ་ཐག་དང་ཟུར་སྣོན་གྱི་རྣམ་པའི་ཐོག་བཏང་སྟེ། མི་སྒེར་དང་ཚོང་ལས་སྡེ་ཁག་གི་གཞི་གྲངས་གལ་ཆེན་ཁག་རྐུ་འཁྱེར་བྱས་ཡོད་ལ། ཨ་རིའི་ནང་གི་དྲ་རྒྱའི་བདེ་འཇགས་ཀྱི་བཟོ་ཚོང་ཁང་(Barracuda)གིས་བརྗོད་ན། རིམས་ནད་ཤུགས་ཆེར་དར་ཁྱབ་འགྲོ་བཞིན་པའི་དུས་སྐབས་སུ། འཛམ་གླིང་ནང་ཏོག་དབྱིབས་ནད་དུག་གི་བརྗོད་གཞིའི་སྟེང་ནས་འཇབ་རྒོལ་བརྩམས་པའི་གྲངས་འབོར བརྒྱ་ཆ་༦༦༧ % ཡར་འཕར་ཡོད་འདུག འཇབ་རྒོལ་དེ་དག་གི་ཁྲོད་ཀྱི་གནོད་འཚེ་ཕོག་ཡུལ་ཞིག་ནི། ཧོས་ཡི་ཧོས་ཡིན་(汇医慧影)ཟེར་བའི་པེ་ཅིན་གྱི་མིས་བཟོས་རིག་རྩལ་སྤྱི་གཉེར་ཁང་དེ་ཆགས་ཡོད། ཀོ་རི་ཡ་དང་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་དྲ་ཐོག་གི་འཇབ་རྒོལ་པ་ཁག་ཅིག་གིས།  སྲིད་གཞུང་དང་རྒྱ་ནང་གི་ཚན་རྩལ་བཟོ་ཚོང་ཁང་ཁག་གི་ཐོག་ཏུ་འཇབ་རྒོལ་བྱས་པའི་ཐོག་ནས་ཏོག་དབྱིབས་ནད་དུག་སྐོར་གྱི་ཉམས་ཞིབ་དང་འབྲེལ་བའི་གསང་བའི་ཡིག་ཆ་བརྐུས་ཡོད་འདུག…

ཐོན་མིའི་ལོ་ཙཱ་ཡིག་བསྒྱུར་མ་ལག

མཚོ་སྔོན་ཐོན་མིའི་ཆ་འཕྲིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གིས་༢༠༡༩་ལོར་བཟོ་སྐྲུན་བྱས་པའི་ཡིག་སྒྱུར་གྱི་བཀོལ་ཆས་ཐོན་རིམ་1.1.2 འགྲེམས་སྤེལ་བྱས་འདུག་ལ། བཀོལ་ཆས་འདིའི་ནང་དུ། ཨིན་སྐད་དང་། ཉི་ཧོང་སྐད། རྒྱ་སྐད། བོད་སྐད། ཧྥ་སྐད། ཨ་རབ་ཀྱི་སྐད། སོག་སྐད། བལ་ཡུལ་གྱི་སྐད་སོགས་སྐད་ཡིག་མི་འདྲ་བ་ཉི་ཤུ་ལྷག་ཙམ། ཕར་བསྒྱུར་ཚུར་བསྒྱུར་བྱེད་ཐུབ་ཀྱི་འདུག་པས། འཛམ་གླིང་གི་སྐད་ཡིག་གཞན་པར་དོ་སྣང་ཡོད་མཁན་དང་། ལྷག་པར། ཕྱོགས་མེད་རྒྱལ་ཁམས་ལ་འགྲིམ་མཁན་ཚོར་ཕན་ཐོགས་ཆེན་པོ་འབྱུང་བར་གདོན་མི་ཟ། འོན་ཀྱང་། བཀོལ་ཆས་འདི་ཚད་ལྡན་ངང་བཀོལ་སྤྱོད་བྱེད་པར། རྒྱལ་ཁབ་ཀྱི་ཁྲིམས་གཞིར་བཟུང་ལྟར།…

མཉམ་འབྲེལ་རྒྱལ་ཚོགས་དང་ཐིན་ཞུན་བཟོ་ཚོང་ཁང་གཉིས་བར་གྱི་མཉམ་འབྲེལ།

གཟའ་འཁོར་འདིའི་ནང་དུ། འཛམ་གླིང་མཉམའབྲེལ་རྒྱལ་ཚོགས་ཀྱིས།   རྒྱལ་ཚོགས་བཙུགས་ནས་ལོ་ངོ་༧༥་འཁོར་བའི་དུས་དྲན་དང་བསྟུན་ནས་སྤེལ་འཆར་ཡོད་པའི་རྒྱལ་སྤྱིའི་རང་བཞིན་གྱི་ལས་འགུལ་ཞིག་གི་ཆེད་དུ། རྒྱལ་ནང་གི་འཕྲུལ་རིག་བཟོ་ཚོང་ཁང་ཆེ་ཤོས་ཐིན་ཞུན་བཟོ་ཚོང་ཁང་དང་མཉམ་འབྲེལ་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་བསྐྱངས་ཡོད་ལ།  ཐིན་ཞུན་བཟོ་ཚོང་ཁང་ནི་ནི་སྲིད་གཞུང་གི་གསང་མྱུལ་ལག་ཆ་སྟོབས་ཤོས་དེ་ཡིན་པས།  རྒྱལ་ཚོགས་ཀྱི་གསལ་བསྒྲགས་དེས་མི་སྒེར་གྱི་བདེ་འཇགས་ཀྱི་ཐད་ལ་དོ་ཁུར་བྱེད་མཁན་གྱི་ཚོགས་པ་དང་མི་སྒེར་མང་པོ་ཞིག་ལ་སེམས་ཁྲལ་འཕར་མ་ཞིག་བཟོས་ཡོད། རྒྱལ་ཚོགས་ཀྱི་གསལ་བསྒྲགས་དེའི་ནང་། ཐིན་ཞུན་བཟོ་ཚོང་ཁང་གིས། རྒྱལ་ཚོགས་ཀྱི་ངོས་ནས་འཛམ་གླིང་གི་མི་གྲངས་ས་ཡ་མང་པོར་ཁྱབ་ཐུབ་པའི་ལས་འགུལ་ཞིག་སྤེལ་འཆར་ཡོད་པ་དེའི་ཆེད་དུ། དྲ་ལམ་གཟུགས་མཐོང་གླེང་མོལ་དང་གྲོས་མོལ་གྱི་ལག་ཆ་མཁོ་སྤྲོད་བྱེད་རྒྱུ་ཡིན་པ་གསལ་འདུག  ཐིན་ཞུན་བཟོ་ཚོང་ཁང་གི་ཐོན་རྫས་གྲགས་ཆེ་ཤོས་དེ་ནི་སྐད་འཕྲིན་ཡིན་ལ།བཀོལ་ཆས་དེ་ནི་གཞུང་གིས་མང་ཚོགས་ཀྱི་ཐོག་ཏུ་སོ་ལྟ་བྱེད་སྤྱད་ཀྱི་ལག་ཆ་ཡག་ཤོས་དང་ནུས་པ་ཆེ་ཤོས་དེ་ཆགས་ཡོད། འདི་ནི་རྒྱལ་ཚོགས་ཀྱིས་ཐིན་ཞུན་དང་མཉམ་འབྲེལ་བྱས་པ་ཐེངས་དང་པོ་མིན། འོན་ཀྱང་། ད་ཐེངས་ཀྱི་མཉམ་འབྲེལ་འདི་ནི་འཛམ་གླིང་ཡོངས་ཁྱབ་ཀྱི་མཉམ་འབྲེལ་ཞིག་ཆགས་ཡོད།  ༢༠༡༨་ལོར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡར་རྒྱས་ལས་འཆར་ཚོགས་པས། གྲོང་ཁྱེར་ནང་གི་ཛ་དྲག་གི་དཀའ་ངལ་ཁག་སེལ་ཕྱིར།…