དྲ་བཤེར་གྱི་སྡེ་ཚན།
འཕྲུལ་རིག་གསར་འགྱུར།
74 posts
ཀུ་ཤུའི་ཐོན་རྫས་གསར་པ་བདུན།
གཟའ་འཁོར་སྔོན་མའི་ནང་དུ། ཀུ་ཤུ་བཟོ་ཚོང་ཁང་གིས་ཐོན་རྗས་གསར་པ་བདུན་ཕྱིར་བསྒྲགས་བྱས་པ་དེ་ལ་མི་མང་པོ་ཞིག་གིས་དོ་སྣང་བྱེད་ཀྱི་ཡོད་ལ། ཐོན་རྫས་དེ་དག་གི་ཐོག་ཏུ་དཔྱད་གཏམ་ཡང་སྣ་ཚོགས་སྤེལ་མུས་ཡིན། ཐོན་རྫས་དེ་དག་ནི། 1.ཀུ་ཤུ་ཁ་པར iPhone 17e 2. ཨེ་ཕེ་རྩིས་འཕྲུལ་ལེབ་མོ། M4 iPad Air (11-inch and 13-inch models) 3.རྩིས་འཕྲུལ་རིན་གོང་འབྲིང་བ། M5…
ཁུ་ལོ་རིག་ནུས།
ཨ་མེ་རི་ཁའི(美国)་དམག་དཔུང་གིས་ཉེ་ཆར་ཨི་རན(伊朗)་ལ་གཏོར་རྒོལ་བྱེད་སྐབས། དམག་གི་འཆར་འགོད་དང་ལག་བསྟར་རིམ་པ་ཆ་ཚང་གི་ནང་དུ་ཁུ་ལོ་རིག་ནུས་བཀོལ་སྤྱོད་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད། ཁུ་ལོ(Claude AI)་དེ་མཚོན་ཆའི་མ་ལག་ཅིག་མིན་པས་དེས་རང་འགུལ་གྱི་ཐོག་ནས་མཚོན་ཆ་འཕེན་མི་ཐུབ་ནའང་། ཨ་རིའི་དམག་དོན་གྱི་ཐག་གཅོད་དང་དབྱེ་ཞིབ་ཀྱི་ཁྲོད་དུ་རོགས་འདེགས་བྱེད་མཁན་གྱི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། དམག་དོན་དང་འབྲེལ་བའི་ཐག་གཅོད་ག་འདྲ་ཞིག་ཡིན་རུང་། དེ་ལ་ཉམས་མྱོང་ཡོད་པའི་ཆབ་སྲིད་ལམ་སྟོན་པ་དང་། དམག་སྤྱི་ཆེན་མོ་སོགས་ཀྱིས་གནད་དོན་དང་ཉེན་ཁ། མཇུག་འབྲས་སོགས་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་དང་གྲོས་བསྡུར་གཏིང་ཟབ་བྱེད་དགོས་པ་བཞིན། ད་ཐེངས་ཨ་རིའི་དམག་འཁྲུག་གི་འཆར་གཞི་དང་བཀོད་འདོམས་ཀྱི་ཁྲོད་དུ། ཁུ་ལོ་རིག་ནུས་བཀོལ་སྤྱོད་བྱས་པས། རིག་ནུས་དེས་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ། ཨ་རིའི་དམག་དོན་དང་གསང་བའི་གནས་ཚུལ་ཕོན་ཆེན་དབྱེ་ཞིབ་ཟབ་མོ་བྱེད་པར་རོགས་པ་བྱེད་ཐུབ་ཡོད། དེ་དག་གི་ཁྲོད་དུ། མིས་བཟོས་འཁོར་སྐར་གྱིས་བླངས་བའི་བརྙན་པར་དང་། བརྡ་འཕྲིན་གནས་ཚུལ། མི་ཡི་སྙན་ཞུ། དེ་བཞིན་ཚོར་ཤེས་ཡོ་ཆས་ཀྱི་གནས་ཚུལ་སོགས་ཚུད་ཡོད། …
Claud AI ཡི་ཉེས་འཛུགས།
ཁུ་ལོ་རིག་ནུས (Claud AI)བཟོ་མཁན་གྱི་ཨ་རིའི་བརྡ་འཕྲིན་བཟོ་ལས་ཁང་(Anthropic)ཨན་ཐུ་རོ་ཕེ་ཁིག་གིས། རྒྱ་ནག་གི་མིས་བཟོས་རིག་ནུས་ DeepSeek དང་། Moonshot MiniMax་བཅས་ཀྱིས་ཁུ་ལོ་རིག་ནུས་ཀྱི་ཐོག་ཏུ། གོ་རིམ་དང་རྩ་འཛུགས་ཡོད་པའི་རང་འགུལ་ཅན་གྱི་གཞི་རྒྱ་ཆེ་བའི་འཇབ་རྒོལ་བྱས་ཡོད་ཚུལ་ཡོངས་བསྒྲགས་བྱས་ཡོད། རྒྱ་ནག་གི་བརྡ་འཕྲིན་བཟོ་ཚོང་ཁང་དེ་དག་གིས་ཁུ་ལོའི་སྟེང་དུ་ཐོ་ཁོངས་རྫུན་མ་24,000་ལྷག་བཟོས་རྗེས། དེ་དག་བེད་སྤྱད་དེ། ཁུ་ལོ་མིས་བཟོས་རིག་ནུས་དང་མཉམ་དུ་རྒྱུན་ལྡན་མིན་པའི་འབྲེལ་གཏུགས་དང་གནས་ཚུལ་བརྗེ་ལེན་ཐེངས་ས་ཡ་ 16་ལྷག་ལ་བྱས་ཏེ། ཁུ་ལོ་རིག་ནུས་ཁོངས་ཀྱི་ནུས་པ་བསྔོག་འདོན་བྱས་ཡོད་པ་དང་༌། གཡོ་ལེན་བྱས་པའི་ཁུ་ལོ་རིག་ནུས་ཀྱི་ནུས་པ་དག་སོ་སོའི་རིག་ནུས་ཀྱི་མ་དཔེའི་ཁོངས་སུ་བསྐྱར་སྤྱོད་དང་འདྲ་བཤུས་བྱེད་ཐབས་བྱས་ཡོད་ཚུལ་བརྗོད་ཡོད། སྙན་ཐོ་ལྟར་ན། ཁུ་ལོ་རིག་ནུས་ལ་གཞི་རྒྱ་ཆེ་བའི་ཐོག་ནས་འབྲེལ་གཏུག་བྱེད་པའི་རྩོལ་བ་དེའི་རྩ་བའི་དམིགས་ཡུལ་ནི། ཤེས་ཡོན་གྱི་བདག་དབང་གཡོ་འཕྲོག་བྱེད་རྒྱུ་དེ་ཡིན་པ་གསལ་འདུག…
མཱ་སི་ཁིག་གི་རིག་ནུས་ཀྱི་འཆར་སྣང་།
འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྟེང་དུ། འཛམ་གླིང་གི་ཕྱུག་བདག་མཱ་སི་ཁིག་གིས་མིས་བཟོས་རིག་ནུས་དང་འཕྲུལ་མི་གཉིས་ཀས་མཉམ་སྦྲེལ་གྱི་ཐོག་ནས། མ་འོངས་པར་འཛམ་གླིང་གི་དཔལ་འབྱོར་དང་སྤྱི་ཚོགས་ལ་འགྱུར་བ་ཆེན་པོ་གཏོང་ངེས་པར་བརྗོད་ཡོད། རིག་ནུས་ལ་བརྟེན་པའི་འཕྲུལ་མིའི་གྲངས་ཀ་མང་དུ་ཕྱིན་པ་ལ་བརྟེན་ནས། ཅ་ལག་དང་ཚོང་ཟོག་གི་གྲངས་ཀ་འབེལ་པོ་ཆགས་ཏེ། ཚོང་ཟོག་དང་ཞབས་ཞུའི་རིན་གོང་ཇེ་དམའ་རུ་འགྲོ་ངེས་པ་དང་། མིའི་འཚོ་བ་སྐྱེལ་སྟངས་ཇེ་ལེགས་སུ་བཏང་སྟེ་དབུལ་ཕོངས་ལྟ་བུའི་དཀའ་ངལ་ཆེན་པོ་དག་སེལ་བར་རོགས་རམ་བྱེད་ཐུབ་པར་བརྗོད། དེ་མ་ཟད། ཉིན་རེའི་དགོས་མཁོ་དག་གི་རིན་གོང་ཧ་ཅང་ཁེ་པོ་དང་རང་འགུལ་ཅན་དུ་བཟོས་ཏེ། ཅ་ལག་གི་རིགས་གང་ཡིན་ཡང་དཀོན་པོ་ཆགས་རྒྱུ་ཧ་ལམ་མེད་པ་བཟོ་ཐུབ་ཟེར། 🤖 མིས་བཟོས་རིག་ནུས་མུ་མཐུད་ནས་ཡར་རྒྱས་འགྲོ་གི་ཡོད་པ་བཞིན། མཱ་སི་ཁིག་གིས་མི་རིང་བར་མིས་བཟོས་རིག་ནུས་ཀྱི་ནུས་པ་དེ་མིའི་རིག་སྟོབས་ལས་ཡོངས་སུ་བརྒལ་སྲིད་པར་སྔོན་དཔག་བྱས་ཡོད་ལ། ད་ལོའི་ལོ་མཇུག་ཏུ་མིས་བཟོས་རིག་ནུས་ཀྱི་དཔེ་དབྱིབས་འགའ་ཤས་མི་སྒེར་བ་གང་རུང་ཞིག་ལས་སྤྱང་གྲུང་དོད་པོ་ཡོད་ངེས་པ་དང་། སྤྱི་ལོ་ ༢༠༣༠ ནས་ ༢༠༣༡…
སྲིད་གཞུང་གིས་བརྩམས་པའི་འཇབ་རྒོལ།
ཀུ་ཤུ་དང་དགོས་རྒུ་བཟོ་ཚོང་ཁང་གཉིས་ཀྱིས་སོ་སོའི་འཛད་སྤྱོད་པ་གྲངས་ངེས་མེད་ལ་དམིགས་པའི་དྲ་ཐོག་གི་འཇབ་རྒོལ་ལ་སྲུང་སྐྱོབ་བྱེད་ཆེད་ཛ་དྲག་གི་མཉེན་ཆས་གསར་སྒྱུར་མང་པོ་འདོན་སྤེལ་བྱས་ཡོད་འདུག དགོས་རྒུ་བཟོ་ཚོང་ཁང་གིས་ཁི་རོམ(Chrome)་བཤེར་ཆས་ནང་གི་བདེ་འཇགས་ཀྱི་སྐྱོན་ཆ་ཁག་ཅིག་ལ་གསར་སྒྱུར་བྱས་ཡོད་པ་དང་། དེའི་ཁྲོད་ཀྱི་སྐྱོན་ཆ་གཅིག་དགོས་རྒུས་གསར་སྒྱུར་མ་བྱས་གོང་འཇབ་རྒོལ་པས་ངོས་འཛིན་བྱས་པའི་ཐོག་ནས། སྐྱོན་ཆ་དེ་གོ་སྐབས་སུ་བཟུང་སྟེ། འཛད་སྤྱོད་པའི་ཐོག་ཏུ་འཇབ་རྒོལ་བརྩམས་ཚར་ཡོད་པ་ཤེས་རྟོགས་བྱུང་འདུག འོན་ཀྱང་། དེའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་གང་ཡང་ཕྱིར་བསྒྲགས་བྱས་མི་འདུག མཉེན་ཆས་ཁོངས་ཀྱི་སྐྱོན་ཆ་དེ་ཀུ་ཤུའི་བདེ་འཇགས་འཕྲུལ་རྩལ་རུ་ཁག་དང་དགོས་རྒུའི་ཉེན་ཁ་དབྱེ་ཞིབ་རུ་ཁག་གཉིས་ཀྱིས་རྙེད་པ་ཡིན་པ་བརྗོད་ཡོད། རུ་ཁག་དེ་གཉིས་ནི་གཙོ་བོ་གཞུང་གི་གསང་འཛུལ་བ་དང་སོ་མྱུལ་མཉེན་ཆས་བཟོ་མཁན་ཐོག་ཏུ་ཞིབ་འཇུག་བྱེད་མཁན་ཡིན་པས། ད་ཐེངས་ཀྱི་འཇབ་རྒོལ་དེ་སྲིད་གཞུང་གང་རུང་གིས་རྒྱབ་སྐྱོར་བྱས་པའི་འཇབ་རྒོལ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད།ཀུ་ཤུ་བཟོ་ཚོང་ཁང་གིས་ཀྱང་། ཀུ་ཤུ་ཁ་པར་དང་རྩིས་འཕྲུལ། ཨེ་ཕེད་སོགས་དང་། དེ་དག་གི་ནང་གི་ས་ཧྥ་རེ་(Safari)བཤེར་ཆས་ཀྱི་བདེ་འཇགས་ཀྱི་གསར་སྣོན་འདོན་སྤེལ་བྱས་ཡོད། ཀུ་ཤུ་བཟོ་ཚོང་ཁང་གིས་བརྗོད་ན། ད་ཐེངས་ཀྱི་འཇབ་རྒོལ་འདི་ནི་ཀུ་ཤུ་ཉེར་སྤྱོད་མ་ལག་iOS 26 གོང་གི་མ་ལག་བཀོལ་མཁན་གྱི་མི་བུ་བྱེ་བྲག་ཁག་ཅིག་ལ་ཆེད་དམིགས་ཀྱི་ཐོག་ནས་བརྩམས་པའི་ཧ་ཅང་ཚད་མཐོ་བའི་འཇབ་རྒོལ་ཞིག་ཡིན་འདུག་ལ། འཇབ་རྒོལ་འདིའི་ཁྲོད་དུ་སྲིད་གཞུང་གང་རུང་གིས་གསང་འཛུལ་ལག་ཆ་དང་སོ་མྱུལ་མཉེན་ཆས་བེད་སྤྱོད་དེ་གསར་འགོད་པ་དང་།…
HarmonyOS 6
ཧྭ་ཝེ་བཟོ་ཚོང་ཁང་གི་ཉེར་སྤྱོད་མ་ལགHarmonyOS 6 དེ་ཧྭ་ཝེ Mate 80 ཡི་ནང་དུ་དངོས་སུ་འདོན་སྤེལ་བྱེད་རྒྱུ་རེད་འདུག ཁ་པར་ཐོན་རིམ་གསར་པ་འདི་ངོས་འཇམ་དང་། རིག་སྟོབས། བདེ་འཇགས་སོགས་གཙོ་གནད་དུ་བཟུང་སྟེ་འཆར་འགོད་བྱས་ཡོད་འདུག ཁ་པར་འདི་ལ Kirin 9030 ཉིང་ལྷེབ་ཀྱིས་ནུས་ཤུགས་བསྩལ་ཡོད་པ་ཞིག་ཡིན། HarmonyOS ནི། ཨ་རིའི་སྲིད་འཛིན་ཁྲི་རོམ་ཕུས་ཧྭ་ཝེ་བཟོ་ཚོང་ཁང་གི་ཐོག་ཏུ་ཚོང་འབྲེལ་གྱི་དམག་འཁྲུག་འགོ་བརྩམས་པ་ལ་བརྟེན་ནས། སྤྱི་ལོ 2019…