དྲ་བཤེར་གྱི་སྡེ་ཚན།
ཉེན་སྲུང་ལྕགས་རི།
68 posts
བརྡ་རྟགས་ཀྱི་ལྕགས་སྡོང་གི་ཟུར་གསུམ་མའི་བཀོད་པ།
IMEI: རྒྱལ་སྤྱིའི་ཁ་པར་ཡོ་ཆས་ཀྱི་ངོ་རྟགས་ནི་ཨང་གྲངས་༡༥ དང་ཡང་ན། ༡༧ ལས་གྲུབ་པའི་ཨང་རྟགས་ཤིག་ཡིན་ལ། དེས་ཁྱེད་ཀྱི་ཁ་པར་ངོས་འཛིན་བྱེད་ཐུབ་ཀྱི་ཡོད། IMSI: རྒྱལ་སྤྱིའི་ཁ་པར་འཛད་སྤྱོད་པའི་ངོ་རྟགས་ནི། ཨང་གྲངས་༡༥་ལས་གྲུབ་པའི་་ཨང་རྟགས་ཤིག་ཡིན་ལ། དེ་རྒྱལ་སྤྱིའི་ཁ་པར་འབྲེལ་མཐུད་ཀྱི་མ་ལག་དང་རྒྱལ་སྤྱིའི་དྲ་རྒྱའི་ཁ་པར་འཛད་སྤྱོད་པའི་འབྲེལ་མཐུད་མ་ལག་ལ་མཐུད་ཡོད། བརྡ་རྟགས་ཀྱི་ལྕགས་སྡོང་གི་ཟུར་གསུམ་མའི་བཀོད་པ། ཁ་པར་སྒོ་ཕྱེ་ཡོད་པའི་སྐབས་སུ། ཉེ་འཁོར་དུ་ཡོད་པའི་བརྡ་རྟགས་ཀྱི་ལྕགས་སྡོང་གསུམ་གྱིས། ཁ་པར་གྱི་བརྡ་རྟགས་བཀོལ་སྤྱོད་བྱས་པའི་ཐོག་ནས། ཁྱེད་རང་གི་སྡོད་གནས་གཏན་འཁེལ་བྱེད་པའི་ཐབས་ལམ་དེ་ལ། བརྡ་རྟགས་ཀྱི་ལྕགས་སྡོང་གི་ཟུར་གསུམ་མའི་བཀོད་པ་ཟེར་ལ།བརྡ་རྟགས་ཀྱི་ལྕགས་སྡོང་གཅིག་གིས་ཁ་པར་ཞིག་གི་ས་གནས་གཏན་འཁེལ་བྱེད་དུས། ས་ཁྱོན་རྒྱ་ཆེན་པོ་ཞིག་སྟོན་གྱི་ཡོད་རུང་། དེས་རྩད་གཅོད་གསལ་པོ་བྱེད་ཐུབ།…
ལག་བསྟར་བྱེད་ཆོག་པའི་ཡིག་ཆ།
ལག་བསྟར་བྱེད་ཆོག་པའི་ཡིག་ཆ་ནི་མཉེན་ཆས་ཀྱི་རིགས་ཤིག་ཡིན་ལ། མཉེན་ཆས་དེར་གློག་ཀླད་ཀྱི་ནང་དུ་བྱེད་ལས་སྣ་ཚོགས་རྩོམ་དུ་འཇུག་ཐུབ་པ་མ་ཟད། གློག་ཀླད་ཀྱི་བྱ་སྤྱོད་ལ་འགྱུར་བ་གཏོང་ཐུབ་པའི་ནུས་པ་ཡོད། .EXE དང་། .BAT .DMG སོགས་ནི་ལག་བསྟར་བྱེད་ཆོག་པའི་ཡིག་ཆའི་དཔེ་མཚོན་ཡིན། དྲ་ཐོག་ནས་མཉེན་ཆས་རིགས་ཕབ་ལེན་བྱེད་དུས། ག་དུས་ཡིན་ཡང་གཟབ་གཟབ་བྱེད་དགོས། མཉེན་ཆས་རིགས། ཕབ་ལེན་བྱེད་སའི་དྲ་གནས་ངོ་མ་ནས་ཕབ་རྒྱུ་ཧ་ཅང་གལ་ཆེ། ད་མ་གཏོགས། དྲ་ཐོག་གི་འཇབ་རྒོལ་པ་ཚོས།མཉེན་ཆས་གང་རུང་ཞིག་གི་ཁོངས་སུ་དྲ་འབུ་བླུགས་ནས། དྲ་ཐོག་ཏུ་འཇོག་པའི་ཉེན་ཁ་ཡོད། གལ་ཏེ། ཁྱེད་ཀྱིས་དྲ་ཚིགས་གང་བྱུང་ནས་དྲ་འབུ་བསྐུངས་ཡོད་པའི་མཉེན་ཆས་ཕབ་ལེན་བྱས་ཚེ། དེས་ཁྱེད་ཀྱི་གློག་ཀླད་ལ་སྟངས་འཛིན་བྱེད་པ་དང་།་གློག་ཀླད་ནང་གི་ཡིག་ཆ་རྐུ་མ་རྒྱག་པ་སོགས་བྱེད་ཐུབ། …
བོད་ཁུལ་གྱི་དྲ་བའི་ཞབས་ཞུ།
ཐོག་མའི་ངོ་སྤྲོད། བོད་ཁུལ་གྱི་དྲ་རྒྱའི་འབྲེལ་མཐུད་སྐོར་གླེང་དུས། མི་མང་པོ་ཞིག་གིས་བོད་ཁུལ་དུ་དྲ་རྒྱའི་འབྲེལ་མཐུད་རེག་རྒྱུ་ཧ་ཅང་དཀའ་རྒྱུ་རེད་སྙམ་གྱི་ཡོད། དོན་དངོས་ཐོག བོད་ཁུལ་དུ་དྲ་རྒྱའི་འབྲེལ་མཐུད་རེག་རྒྱུ་དེ་ང་ཚོས་བསམ་པ་ལས་ཧ་ཅང་ལས་སླ་པོ་ཡོད། འོན་ཀྱང་དྲ་བའི་འབྲེལ་མཐུད་ལས་སླ་པོ་རེག་ཐུབ་པ་གང་ཞིག་ལ། དཀའ་ངལ་དང་མགོ་ཉོག་མང་པོ་ཞིག་ཀྱང་མཉམ་དུ་སླེབས་ཡོང་གི་ཡོད། བོད་ཕྱི་ནང་གཉིས་ནས་ཕར་ཚུར་ལ་གནས་ཚུལ་གཏོང་ལེན་བྱེད་པའི་ལམ་ཁ་ཆ་ཚང་ཞིབ་བཤེར་དང་བཀག་སྡོམ་བྱེད་ཀྱི་ཡོད་ལ། ཀྲུང་གོ་འཁྱེར་འཕྲིན (中国移动) དང་། ཀྲུང་གོ་འབྲེལ་འཕྲིན་(中国联通) ཀྲུང་གོ་གློག་འཕྲིན་(中国电信) གསུམ་ཁོ་ནར་མ་གཏོགས། བོད་ནང་དུ་དྲ་བའི་ཞབས་ཞུ་མཁོ་སྤྲོད་བྱེད་པའི་དབང་ཆ་མེད། བོད་ནང་གི་དྲ་རྒྱའི་སྐོར་གྱི་གཞི་རྩའི་གནས་ཚུལ། དྲ་ཚིགས་དང་མཉེན་ཆས་མང་དག་ཅིག་བཀག་སྡོམ་བྱས་ཡོད། སྲིད་གཞུང་གི་ངོས་ནས།…
རྡུང་རྡུང་།(KnockKnock)
རྡུང་རྡུང་མཉེན་ཆས་ཕབ་ལེན་བྱེད་སའི་དྲ་ཚིགས། https://s3.amazonaws.com/loklad.com/knock-knock.html
ལས་དོན་འཚོལ་ཞིབ།(Task Explorer) ནི་ཅི་ཞིག་ཡིན།
མཉེན་ཆས་ཕབ་ལེན་བྱེད་སའི་དྲ་ཚིགས། https://s3.amazonaws.com/loklad.com/task-explorer.html