དྲ་བཤེར་གྱི་སྡེ་ཚན།

sabjong tools

16 posts

ཀུ་ཤུ་ཁ་པར་གྱི་ནང་ནས་བཀོལ་ཆས་ཕྱིར་འདོན་བྱེད་སྟངས།

1.ཀུ་ཤུ་ཁ་པར་གྱི་སྒྲིག་འགོད་ “设置” ནང་དུ་ཕེབས་ཏེ། རྒྱུན་སྤྱོད་ “通用” ཐོག་ཏུ་ནོན། 2.དེ་ནས་འཆར་ངོས་ཡར་དེད་དེ།  ཀུ་ཤུའི་གསོག་ཉར་བར་སྟོང་(iPhone 储存空间) གི་ཐོག་ཏུ་ནོན། 3.དེ་ནས་རང་ཉིད་ཀྱིས་གསུབ་འདོད་ཡོད་པའི་བཀོལ་ཆས་ཁག་འདེམས། 4.མཐའ་མཇུག་བདམས་ཚར་བའི་བཀོལ་ཆས་དེའི་ནང་ནས།  བཀོལ་ཆས་གཙང་གསུབ་(删除 App)ཀྱི་ཐོག་ཏུ་མནན་ཏེ་དགོས་མེད་ཀྱི་བཀོལ་ཆས་རིགས་གནས་དབྱུང་ཐོངས།

ཨན་ཊོ་ཁ་པར་ནས་བཀོལ་ཆས་ཕྱིར་འདོན་བྱེད་སྟངས།

1.སྒྲིག་འགོད་ “设置” ནང་ཕེབས་ཏེ། 2.བཀོལ་ཆས་ “应用”ཐོག་ཏུ་ནོན། 3. བཀོལ་ཆས་དོ་དམ“应用管理”་ཐོག་ཏུ་ནོན། 4.བཀོལ་ཆས་ཁག་གི་ཐོ་གཞུང་གི་ཁོངས་ནས་ཕྱིར་འདོན་བྱེད་འདོད་པའི་བཀོལ་ཆས་དེའི་ཐོག་ལ་ནོན།(དཔེར་ན། མགྱོགས་འཕྲིན་ལྟ་བུ།) 5.མཐའ་མཇུག་གནས་དབྱུང་གི་གདམ་ཀའི “卸载’’་ཐོག་ཏུ་མནན་ཏེ། དགོས་མེད་ཀྱི་བཀོལ་ཆས་རིགས་མེད་པར་བཟོས།

ཀུ་ཤུ་ཁ་པར་ནང་དུ་བཀོལ་ཆས་ཀྱི་ཆོག་མཆན་ལ་དོ་དམ་བྱེད་སྟངས།

1.སྒྲིག་འགོད་ཀྱི་ཁོངས་སུ་ཕྱིན་ཏེ་འཆར་ངོས་ཡར་དེད་ན། དེའི་མཐའ་རུ་ཁ་པར་ནང་དུ་ཕབ་ལེན་བྱས་ཡོད་པའི་བཀོལ་ཆས་ཚང་མ་མཐོང་ཐུབ། 2.བཀོལ་ཆས་ཁག་རེ་རེ་བཞིན་ཁ་ཕྱེ་སྟེ། ཆོག་མཆན་གང་དག་སྤྲད་ཡོད་མེད་ལ་གཟིགས། གོང་གི་པར་ནང་གི་བཀོལ་ཆས་དེར་ Siri དང་འགུལ་སྐྱོད་ཀྱི་གཞི་གྲངས་གཉིས་ཀའི་ཆོག་མཆན་སྤྲད་ཡོད་པ་མཐོང་ཐུབ། 3.ང་ཚོས་དཔེ་བརྗོད་གཞན་པ་ཞིག་འཇོག: སྐད་འཕྲིན། 4.སྐད་འཕྲིན་ལ་ཆོག་མཆན་མང་དག་ཅིག་སྤྲད་ཡོད་པ་མཐོང་གསལ་ལྟར། དེ་དག་གི་ཁོངས་ནས་ཆོག་མཆན་གང་རུང་ཞིག་དགོས་མེེད་མཐོང་་ཚེ། གཡོན་ཕྱོགས་སུ་ཤུད་འདེད་བྱས་ཏེ་སྟངས་འཛིན་བྱོས།

ཨན་ཌོ་ཁ་པར་ནང་གི་བཀོལ་ཆས་ཀྱི་ཆོག་མཆན་ལ་དོ་དམ་བྱེད་སྟངས།

1.སྒྲིག་འགོད་ཀྱི་ཁོངས་སུ་ཕེབས། 2.བཀོལ་ཆས་དོ་དམ་གྱི་ཐོག་ལ་ནོན།(ཉེར་སྤྱོད་སྟངས་འཛིན།) 3. བཀོལ་ཆས་གང་རུང་ཞིག་གི་ཐོག་ལ་ནོན། 4. ཉེར་སྤྱོད་ཆོག་མཆན་གྱི་ཐོག་ལ་ནོན། 5.ཁྱེད་ཀྱིས་བཀོལ་ཆས་བྱེ་བྲག་པ་འདིར་ཆོག་མཆན་གང་དག་སྤྲད་ཡོད་མེད་མཐོང་ཐུབ། 6.གལ་ཏེ་ཆོག་མཆན་གང་རུང་ཞིག་སྤྲད་འདོད་མེད་ཚེ། གཡོན་ཕྱོགས་སུ་ཤུད་འདེད་བྱོས།