དྲ་བཤེར་གྱི་སྡེ་ཚན།

sabjong tools

16 posts

ལྒང་བཞུ།

ལྒང་བཞུ་ནི། དྲ་རྒྱའི་ལྕགས་རི་གཏོར་ཏེ། སོ་སོའི་དགའ་མོས་བྱེད་སའི་བཀོལ་ཆས་དང་དྲ་ཚིགས་ཁག་རག་ཏུ་་འཇུག་པར་རོགས་པ་བྱེད་མཁན་གྱི་བཀོལ་ཆས་ཤིག་ཡིན་ལ།

སའེ་ཧྥོན།

སའེ་ཧྥོན་གྱིས་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཚོར་བདེ་འཇགས་ངང་དྲ་རྒྱའི་བཀག་སྡོམ་གྱི་བཙན་རྫོང་གཏོར་བར་རོགས་འདེགས་བྱེད་ཀྱི་ཡོད། མཉེན་ཆས་དེས་ད་དུང་ཁྱེད་རང་སྐུད་མེད་དྲ་བར་མཐུད་དུས།

ཁྲོར་བཤེར་ཆས།

ཁྲོར་ཡིས་འཛམ་གླིང་སྟེང་གི་གློག་ཀླད་རྩིས་འཁོར་མང་པོ་ཞིག་དང་འབྲེལ་མཐུད་བྱས་ཏེ། ཙོང་གི་པགས་པ་ལྟར་རིམ་པ་མང་པོ་བརྩེགས་ཀྱི་ཡོད་སྟབས། མི་གཞན་གྱིས་དྲ་ཐོག་ནས་ཁྱེད་རང་རྗེས་འདེེད་གཏོང་མི་ཐུབ། ཁྲོར་དྲ་བའི་བཤེར་ཆས་དེ་སྔ་ས་ནས་སྒྲིག་བཟོ་བྱས་ཏེ།ཁྱེད་ཀྱི་དངོས་མིང་ཕྱི་ལ་མ་ཤོར་བའི་ཁག་ཐེག་བྱས་ཏེ། དྲ་ཐོག་ཏུ་ཁྱེད་རང་སྲུང་སྐྱོབ་བྱེད་ཀྱི་ཡོད།  བདེ་འཇགས་ལྡན་པའི་མཉེན་ཆས་འདི་བཀོལ་སྤྱོད་བྱས་ཏེ་དྲ་མྱུལ་བྱེད་སྐབས། སྲིད་གཞུང་དང་དྲ་བའི་ཞབས་ཞུ་མཁོ་སྤྲོད་བྱེད་མཁན་གྱིས་ཁྱེད་ཀྱིས་དྲ་ཚིགས་གང་དག་ལ་ལྟ་ཀློག་བྱེད་ཀྱི་ཡོད་མེད་མི་ཤེས་ལ། དྲ་མྱུལ་བྱེད་མཁན་གྱི་མི་དེ་ཁྱེད་རང་ཡིན་མིན་ཡང་མི་ཤེས། དེ་བས། དྲ་ཐོག་ཏུ་ཁྱེད་རང་ངོས་འཛིན་དང་རྗེས་འདེད་གཏོང་སྲིད་པའི་ཞེད་སྣང་དང་སེམས་ཁྲལ་མི་དགོས།  ཁྲོར་བཤེར་ཆས་ཀྱི་ཁེ་ཕན། གསང་བའི་ཐོག་ནས་དྲ་མྱུལ་བྱེད་ཐུབ་ལ་བདེ་འཇགས་ལྡན་པའི་ཐོག་ནས་གཞི་གྲངས་གཏོང་ལེན་བྱེད་ཐུབ། ཁྱེད་རང་གི་ངོ་བོ་སྦ་གསང་བྱས་ཏེ་སྲུང་སྐྱོབ་བྱེད་ཐུབ། བཀག་སྡོམ་བྱས་ཡོད་པའི་དྲ་ཚིགས་ཁག་ལ་ལྟ་ཀློག་བྱེད་པའི་གོ་སྐབས་སྤྲོད་ཀྱི་ཡོད། གསང་བའི་མྱུལ་ཞིབ་ལ་གཡོལ་དུ་འཇུག་ནུས།  འབྲེལ་ཐག་འདི་ཁ་ཕྱེ།  https://s3.amazonaws.com/loklad.com/tor-browser.html ཕབ་ལེན་གནང་རོགས་ཀྱི་ཐོག་ཏུ་ནོན། …

ཨོར་བྷོར།

ཨོར་བྷོར་ནི་རིན་མེད་ཀྱི་ངོ་ཚབ་མཉེན་ཆས་ཤིག་ཡིན་ལ། འདིས་བདེ་འཇགས་ཡོད་པ་གང་ཞིག་ལ། མཉེན་ཆས་གཞན་ལ་བཀག་རྒྱ་གང་ཡང་མེད་པའི་ཐོག་ནས་དྲ་རྒྱ་བཀོལ་སྤྱོད་བྱེད་དུ་འཇུག་པར་ནུས་པ་འདོན་གྱི་ཡོད།

ཀུ་ཤུའི་ཁ་པར་ནང་ iCloud དང་སྦྲེལ་མཚམས་འཇོག་སྟངས།

ཀུ་ཤུའི་ཁ་པར་ནང། 1.སྒྲིག་འགོད་ཁ་ཕྱེ། 2.སོ་སོའི་མིང་གི་ཐོག་ལ་ནོན། 3. iCloud ཐོག་ལ་་ནོན། 4. iCloud  དང་སྦྲེལ་འདོད་མེད་པའི་མཉེན་ཆས་དག་གི་ཐོག་ལ་རེ་རེ་བཞིན་མནན་ཏེ་སྒོ་རྒྱོབས།  ད་དུང་། Icloud 云备份 ཡང་སྒོ་བརྒྱབ་ཚེ། ཁ་པར་སྟེང་གི་ཡིག་ཆ་ཁག་སྤྲིན་མཛོད་ཀྱི་ནང་དུ་ཉར་ཚགས་མི་བྱེད།

ཀུ་ཤུའི་གློག་ཀླད་ནང་ iCloud དང་སྦྲེལ་མཚམས་འཇོག་སྟངས།

1.ཀུ་ཤུའི་རྟགས་ཀྱི་ཐོག་ལ་མནན་ཏེ། 系统偏好设置 འདེམས། 2. འཆར་ངོས་གཡས་ཀྱི་Apple ID ལ་ནོན། གསལ་བཤད། གལ་ཏེ་ཁྱེད་ཀྱི་ཀུ་ཤུ་རྩིས་འཕྲུལ་གྱི་ཉེར་སྤྱོད་་མ་ལག་ Mojave ཡང་ན་དེ་ལས་རྙིང་བ་ཡིན་ཚེ། Apple ID ཐོག་ནོན་མི་དགོས། 3.དེ་རྗེས་སུ་ iCloud ཐོག་ནོན། 4.…