དྲ་བཤེར་གྱི་སྡེ་ཚན།
མཉེན་ཆས་གླིང་ག
22 posts
བརྡ་རྟགས་གླེང་མོལ་བཀོལ་ཆས།(Signal)
བརྡ་རྟགས་གླེང་མོལ་བཀོལ་ཆས་ནི། བདེ་འཇགས་ཀྱི་ཐད་ནས་བརྟན་ཤོས་ཡིན་པའི་འཛམ་གླིང་ནང་གི་སྒེར་གྱི་གླེལ་མོལ་བཀོལ་ཆས་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། བརྡ་རྟགས་གླེང་མོལ་བཀོལ་ཆས་ནི་ཅི་ཞིག་ཡིན། བརྡ་རྟགས་གླེང་མོལ་བཀོལ་ཆས་ནི་རྩ་བའི་ཆ་ནས། བདེ་འཇགས་ཡིན་པའི་ཡོངས་ཁྱབ་ཀྱི་གླེང་མོལ་བཀོལ་ཆས་ཤིག་ཡིན་ལ། དེས་ཨན་ཌོ་དང་ཀུ་ཤུའི་ཁ་པར་ནང་གི་སྲོལ་རྒྱུན་SMS འཕྲིན་ཐུང་གི་ཚབ་བྱེད་ཀྱི་ཡོད། བརྡ་རྟགས་གླེང་མོལ་བཀོལ་ཆས་ཀྱི་ནང་དུ་བཏང་བའི་འཕྲིན་ཐུང་རིགས་ཚང་མ་གསང་སྡོམ་བྱས་ཡོད་པས། ཁྱེད་རང་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད། ནམ་རྒྱུན་SMS འཕྲིན་ཐུང་བཀོལ་ཆས་བེད་སྤྱད་དེ་བཏང་བའི་འཕྲིན་ཐུང་རིགས་བརྟན་པོ་མིན། ཁྱེད་ཀྱིས་བརྡ་རྟགས་གླེང་མོལ་བཀོལ་ཆས་བརྒྱུད་དེ། བརྡ་རྟགས་གླེང་མོལ་བཀོལ་ཆས་དེ་བཀོལ་སྤྱོད་བྱེད་ཀྱི་མེད་པའི་མི་ཞིག་ལ་འཕྲིན་ཐུང་བཏང་བ་ཡིན་ན། བརྡ་རྟགས་གླེང་མོལ་བཀོལ་ཆས་ཀྱིས་ཁྱེད་ལ་འཕྲིན་ཐུང་དེ་བདེ་འཇགས་མིན་པའི་ཉེན་བརྡ་གཏོང་བ་མ་ཟད། ཁྱེད་རང་གི་འཕྲིན་ཐུང་གཏང་ཡུལ་གྱི་མི་དེ་བརྡ་རྟགས་གླེང་མོལ་བཀོལ་ཆས་ནང་གདན་འདྲེན་ཞུ་བའི་རེ་སྐུལ་བྱེད་ངེས། བརྡ་རྟགས་གླེང་མོལ་བཀོལ་ཆས་བེད་སྤྱོད་བྱེད་པར། རང་ཉིད་ཀྱི་ཁ་པར་ཨང་གྲངས་བརྒྱུད་ནས་ཐོ་འགོད་བྱེད་དགོས། …
ཁུངས་འབྱེད་མཉེན་ཆས་ཀྱི་ཁེ་ཕན།
ཁུངས་འབྱེད་མཉེན་ཆས་ནི་གློག་ཀླད་ནང་གི་མཉེན་ཆས་ཀྱི་རིགས་ཤིག་ཡིན་ལ། དེའི་ནང་དུ། ཡོངས་ཁུངས་ཨང་ཚབ་དེ་ཁྲིམས་མཐུན་གྱི་ཆོག་མཆན་ཡོད་པའི་ཐོག་ནས་འགྲེམས་སྤེལ་བྱས་ཡོད་པ་མ་ཟད། མཉེན་ཆས་བཟོ་སྐྲུན་བྱེད་མཁན་གྱི་ངོས་ནས། མཉེན་ཆས་བེད་སྤྱོད་གཏོང་མཁན་ལ། དམིགས་ཡུལ་གང་རུང་གི་ཆེད་དུ། མཉེན་ཆས་དེའི་སྐོར་ལ་སློབ་སྦྱོང་བྱེད་པ་དང་། འགྱུར་བ་གཏོང་བ། ཁྱབ་བརྡལ་གཏོང་བ་སོགས་ཀྱི་་ཐོབ་ཐང་ཆ་ཚང་སྤྲོད་ཀྱི་ཡོད། ཁུངས་འབྱེད་མཉེན་ཆས་ནི་ཡོངས་ཁྱབ་མཉམ་འབྲེལ་གྱི་དཔེ་མཚོན་ཡག་ཤོས་ཤིག་ཡིན། ཁུངས་འབྱེད་མཉེན་ཆས་ཟེར་དུས། མཉེན་ཆས་ཀྱི་ཡོངས་ཁུངས་ཨང་ཚབ་དེ་མི་ཚང་མར་རིན་མེད་ཀྱི་ཐོག་ནས་རེག་ཐུབ་ལ། ཡོངས་ཁུངས་ཨང་ཚབ་དེ་གང་ཟག་གསུམ་པ་ཞིག་གིས་ཆ་རྐྱེན་མེད་པའི་ཐོག་ནས་ལྟ་བ་དང་། འགྱུར་བ་གཏོང་བ། བེད་སྤྱོད་གཏོང་བ་སོགས་བྱེད་ཆོག ཁུངས་འབྱེད་ཟེར་ན་རིན་མེད་ལ་མི་གོ འོན་ཀྱང་། ཁུངས་འབྱེད་མཉེན་ཆས་མང་པོ་རིན་མེད་ཡིན།…
དུང་དཀར་བོད་སྐད་ངོས་འཛིན་བཀོལ་ཆས།
ཕྱི་ལོ ༢༠༡༨་ལོའི་ཟླ་༡༠ པའི་ནང་དུ། རྒྱ་ནག་གི་ཁིག་ཏཱ་ཞུན་ཧྥེ་(科大讯飞)བཟོ་ཚོང་ཁང་ཞིག་གི་མཐུན་འགྱུར་འོག ༼ དུང་དཀར་བོད་ཡིག་འཇུག་ཐབས།༽ཟེར་བའི་བོད་ཀྱི་སྐད་ཆ་ངོས་འཛིན་བྱེད་ཐུབ་པའི་བཀོལ་ཆས་གསར་པ་ཞིག་ལེགས་འགྲུབ་བྱུང་ཡོད་ལ། འདི་ནི་བོད་ཀྱི་ལོ་རྒྱུས་སྟེང་། བོད་པའི་སྐད་ཆ་ཡིག་ཐོག་ཏུ་འབེབ་ཐུབ་པའི་རིན་མེད་ཀྱི་བཀོལ་ཆས་ཐོག་མ་དེ་ཆགས་ཡོད་སྟབས།བོད་ཕྱི་ནང་གི་དྲ་ལམ་ཁག་ཏུ་ཤུགས་ཆེར་ཁྱབ་སྤེལ་འགྲོ་བཞིན་ཡོད། དུང་དཀར་བོད་ཡིག་བཀོལ་ཆས་འདིའི་ནང་དུ་སྐད་སྒྲ་ནང་འདྲེན་གྱི་ཁྱད་ཆོས་ཙམ་མ་ཟད།གྷོ་གྷིལ་ཡིག་སྒྱུར་ལྟར།བོད་ཡིག་གི་ཚིག་གྲུབ་རྒྱ་ཡིག་ནང་བསྒྱུར་ཐུབ་པའི་ནུས་པའང་འདུག དུང་དཀར་བོད་ཡིག་བཀོལ་ཆས་འདི་སྐད་འཕྲིན་དང་སྦྲེལ་བ་ཡིན་ན། ཁྱེད་ལ་བོད་ཡིག་གཏགས་བྱེད་ཀྱི་དུང་དཀར་བོད་ཡིག་གི་མཐེབ་གཞོང་དང་། བོད་ཡིག་ལག་བྲིས་ངོས་འཛིན་བྱེད་ཐུབ་པའི་ནང་འདྲེན་གྱི་གདམ་ག་གཉིས་ཡོད། དེ་ལས་ཁྱད་ཆོས་འཕར་མ་གཞན་ཞིག་ཡོད་པ་ནི། དུས་ཡུན་སྐར་མ་གཅིག་གི་ནང་དུ་བོད་ཡིག་གི་ཡིག་འབྲུ་༡༨༠ ངོས་འཛིན་བྱས་ཏེ་ནང་འདྲེན་བྱེད་ཐུབ་པ་དེ་རེད། འོན་ཀྱང་། བཀོལ་ཆས་འདིའི་ནང་དུ་དབུས་སྐད་ཀྱི་སྐད་གདངས་ངོས་འཛིན་ཐུབ་པའི་ཚད་གཞི་དེ་བརྒྱ་ཆ་༩༨་ཙམ་ཡིན་རུང་། ཨམ་སྐད་ཀྱི་སྒྲ་གདངས་ངོས་འཛིན་ཚད་ལྡན་མིན་པ་མ་ཟད།…
སའེ་ཧྥོན་མཉེན་ཆས།
སའེ་ཧྥོན་ནི་དྲ་རྒྱའི་བཀག་སྡོམ་གཏོར་བྱེད་ཀྱི་ཡོ་བྱད་ཅིག་ཡིན་ལ། ཡོ་བྱད་དེ་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཚོར་རོགས་འདེགས་བྱེད་པར་དམིགས་ནས་འཆར་འགོད་བྱས་པ་ཡིན་པས། སའེ་ཧྥོན་གྱིས་བཀག་སྡོམ་བྱས་པའི་དྲ་རྒྱའི་བཙན་རྫོང་གི་མ་ལག་ཁག་བདེ་འཇགས་ངང་གཏོར་དུ་འཇུག་གི་ཡོད། ཁྱེད་རང་སྐུད་མེད་དྲ་བར་མཐུད་དུས། སའེ་ཧྥོན་གྱིས་དྲ་རྒྱ་དང་ཁྱེད་གཉིས་ཀྱི་དབར་ལ་སྒེར་གྱི་ཕུག་ལམ་བརྟན་པོ་ཞིག་བསྐྲུན་ཏེ་ཁྱེད་རང་སྲུང་སྐྱོབ་ཀྱང་བྱེད་ཀྱི་ཡོད། ཟུར་ཁྲིད་འདིའི་ནང་དུ། ཁྱེད་ཀྱིས་རང་གི་ཨན་ཌོ་ཉེར་སྤྱོད་མ་ལག་གི་ནང་དུ་སའེ་ཧྥོན་བཀོལ་ཆས་ཇི་ལྟར་ནང་འཇུག་དང་བེད་སྤྱོད་བྱེད་དགོས་མིན་སྐོར་སློབ་ཐུབ། བརྒྱུད་རིམ་དང་པོ། སའེ་ཧྥོན་བཀོལ་ཆས་ཇི་ལྟར་ཕབ་ལེན་བྱེད་དགོས། ༡) ཁི་རོམ་བཤེར་ཆས་ཁ་ཕྱེས་རྗེས། དྲ་ཚིགས https://s3.amazonaws.com/loklad.com/eng/psiphon.html འདིའི་ངོས་སུ་ཕེབས། ༢) སྐད་ཡིག་གི་གདམ་གའི་ཁྲོད་ནས་བོད་ཡིག་འདེམས། ༣) ཐོ་གཞུང་གི་མཐེབ་ཅུའི་སྒང་ལ་གནོན། ༤) …