དྲ་བཤེར་གྱི་སྡེ་ཚན།

མཉེན་ཆས་གླིང་ག

22 posts

ཀུ་ཤུ་ཁ་པར་ནང་དུ ID དང་གསང་ཚིག་བཟོ་སྟངས།(དང་པོ།)

*གསལ་བཤད། རྒྱལ་ཁབ་ཕྱི་ཕྱོགས་ཀྱི་མཉེན་ཆས་རིགས་དགོས་ན། ID དང་གསང་ཚིག་བཟོ་བའི་སྐབས་སུ། རྒྱལ་ཁབ་གཞན་པ་དཔེར་ན་ཨ་རི་དང་ཁ་ན་ཌ་སོགས་རང་གི་འདོད་མོས་ལྟར་འདེམས་དགོས། གལ་ཏེ་(中国) འདེམས་ན། Psiphon ལྟ་བུའི་བཀོལ་སྤྱོད་ཧ་ཅང་ཆེ་བའི་མཉེན་ཆས་མང་པོ་ཞིག་ཕབ་ལེན་བྱེད་མི་ཐུབ།

Mozilla ཡིག་ཆ་གཏོང་ལེན་ཞབས་ཞུ།

Mozilla བཟོ་ཚོང་ཁང་གིས་གསང་སྡོམ་གྱི་ཁྱད་ཆོས་ལྡན་པའི་ཡིག་ཆ་གཏོང་ལེན་གྱི་ཞབས་ཞུ་གསར་པ་ཞིག་དྲ་ཐོག་ཏུ་རིན་མེད་ཐོག་མཁོ་སྤྲོད་བྱེད་ཀྱི་ཡོད་པའི་གནས་ཚུལ་གསར་ལམ་ཁག་ཏུ་ཁྱབ་སྤེལ་གནང་འདུག སྤྱིར་དྲ་ལམ་དུ་ཡིག་ཆ་གཏོང་ལེན་བྱེད་སྤྱད་ཀྱི་ཞབས་ཞུ་མང་པོ་ཡོད་རུང་། Mozilla བཟོ་ཚོང་ཁང་གི་ Firefox Send ཟེར་བ་དེ། བཤེར་ཆས་འདྲ་མིན་གྱི་ནང་དུ་ལས་ཀ་བྱེད་ཀྱི་ཡོད་པ་མ་ཟད། རིན་མེད་ཡིན་ལ། གསང་སྡོམ་གྱི་ཁྱད་ཆོས་ཀྱང་ལྡན་པས། ཧ་ཅང་དམིགས་བསལ་བ་ཞིག་ཆགས་ཡོད། གལ་ཏེ། ཁྱེད་ཀྱིས་དྲ་ལམ་དུ་ཡིག་ཆ་སྣ་ཚོགས་བརྒྱུད་གཏོང་བྱེད་དགོས་ཚེ། ཐོག་མར་Firefox Send ཡི་དྲ་ངོས་སུ་ཕེབས་ཏེ། རང་ཉིད་ཀྱིས་གཏོང་འདོད་པའི་ཡིག་ཆ་དེ་དྲ་ངོས་སུ་འདྲུད་པའམ།…

VPN སྐོར་གྱི་དྲ་ལམ་ཟབ་སྦྱོང་།

སའེ་ཧྥོན་སྣང་བརྙན་སྒེར་གྱི་དྲ་བའི་སྐོར་གྱི་དྲ་ལམ་ཟབ་སྦྱོང་ཐོག་མ། གསལ་བཤད། བརྩེ་བའི་དྲ་གྲོགས་ལྷན་རྒྱས། ངེད་སྐད་འཕྲིན་ཚོགས་པའི་ནང་ཚོགས་མི་༡༠༠་ལྷག་བརྒལ་ཚར་འདུག་པས། ཁྱེད་རང་ཚོགས་པའི་ནང་ཐད་ཀར་འཛུལ་མི་ཐུབ། དེར་བརྟེན། ལམ་ཡིག་དྲ་ཚིགས་གཙོ་སྐྱོང་བའི་སྐད་འཕྲིན་ཨང་   Lamyig གི་ཐོག་ཏུ་གྲོགས་པོའི་རེ་སྐུལ་ཞུས་དང་། དེ་ནས་ཁྱེད་རང་ཟབ་སྦྱོང་སྤྲོད་ཡུལ་གྱི་སྐད་འཕྲིན་ཚོགས་པའི་ནང་འཇུག་ཆོག   ལམ་ཡིག་གི་སྐད་འཕྲིན་བཤེར་རིས།