གཟའ་འཁོར་སྔོན་མའི་ནང་དུ། ཀུ་ཤུ་བཟོ་ཚོང་ཁང་གིས་ཐོན་རྗས་གསར་པ་བདུན་ཕྱིར་བསྒྲགས་བྱས་པ་དེ་ལ་མི་མང་པོ་ཞིག་གིས་དོ་སྣང་བྱེད་ཀྱི་ཡོད་ལ། ཐོན་རྫས་དེ་དག་གི་ཐོག་ཏུ་དཔྱད་གཏམ་ཡང་སྣ་ཚོགས་སྤེལ་མུས་ཡིན། ཐོན་རྫས་དེ་དག་ནི།
1.ཀུ་ཤུ་ཁ་པར iPhone 17e
2. ཨེ་ཕེ་རྩིས་འཕྲུལ་ལེབ་མོ། M4 iPad Air (11-inch and 13-inch models)
3.རྩིས་འཕྲུལ་རིན་གོང་འབྲིང་བ། M5 MacBook Air4.
4. རྩིས་འཕྲུལ་རིན་གོང་མཐོ་ཤོས། MacBook Pro M5 Pro & M5 Max chips
5. ཀུ་ཤུ་འཆར་ཤེལ། New Studio Display
6. ཀུ་ཤུ་འཆར་ཤེལ། Studio Display XDR
7. རིན་གོང་ཆུང་བའི་རྩིས་འཕྲུལ། MacBook Neo བཅས་ཡིན།
ཐོན་རྫས་དེ་དག་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཀུ་ཤུའི་ཚོང་ཁང་ནང་དུ་འགྲེམས་སྟོན་བྱས་ཡོད་ཀྱང་། ས་གནས་སུ་དངོས་སུ་ཉོ་རྒྱུ་ཡོད་མེད་ད་རུང་གསལ་ཁ་མེད་པས། ཀུ་ཤུའི་གཞུང་ཕྱོགས་ཀྱི་དྲ་ཚིགས་བརྒྱུད་དེ་རང་ཉིད་ཀྱི་ས་གནས་སུ་ཉོ་རྒྱུ་ཡོད་མེད་ལྟ་དགོས་ཞེས་ཀུ་ཤུ་བཟོ་ཚོང་ཁང་གིས་གནས་ཚུལ་སྤེལ་འདུག ད་ཆ་ཐོན་རྫས་དེ་དག་གི་ཁྲོད་ཀྱི་MacBook Neo་རྩིས་འཕྲུལ་ནི་མི་ཚང་མའི་གླེང་བྱ་གཙོ་བོ་དེ་ཆགས་ཡོད།
ཁ་པར་ལ་ཆ་མཚོན་ན། iPhone 17e (e-economical དོན་ཡིན་ལ། ཀུ་ཤུ་ཁ་པར་གཞན་དང་བསྡུར་ན། རིན་གོང་ཆུང་བ་ཡོད་པས་དངུལ་བསྲི་ཚགས་བྱེད་ཐུབ་པ་མཚོན་གྱི་ཡོད) ཁ་པར་འདིའི་སྤྱིའི་བཟོ་བཀོད་ནི་iPhone 16e དང་ཆ་འདྲ་བོ་ཡོད་ཀྱང་། རིན་གོང་ཆུང་བའི་ཀུ་ཤུ་ཁ་པར་ཐོན་རིམ་གསར་པ་འདིའི་ནང་དུ། བྱེད་ལས་མྱུར་བའི A19 ཉིང་ལྷེབ་བཅུག་ཡོད་ལ། ཁབ་ལེན་སྐུད་མེད་གློག་གསོག་གི་ཁྱད་ཆོས་ཡོད། ཁ་པར་གྱི་ལྗིད་ཚད་ནི། ཁེ་༡༧༠་ཡིན། མདུན་རྒྱབ་ཀྱི་པར་ཆས་ཤུགས་ཚད་ནི་12-megapixel དང་ 48-megapixel ཡིན། དུས་ཡུན་ཆུ་ཚོད་༢༦་རིང་དུ་བརྙན་ལ་ལྟ་ཐུབ་པའི་གློག་གི་འདང་ཚད་ངེས་ཅན་ཡོད་པ་བརྗོད་ཡོད། ཁ་པར་འདིའི་ གཞི་རྩའི་ཤོངས་ཚད་256 GB ནས་མགོ་འཛུགས་ཀྱི་ཡོད་ལ། རྒྱལ་ནང་དུ་ཁ་པར་གྱི་རིན་གོང་དམངས་སྒོར 4499་ནས་མགོ་འཛུགས་ཀྱི་ཡོད།
ཨེ་ཕེ་རྩིས་འཕྲུལ་ལེབ་མོ་གསར་པ་དང་ཀུ་ཤུ་རྩིས་འཕྲུལ MacBook Air MacBook Pro སོགས་ཀྱི་ནང་གི་ཉིང་ལྷེབ་དང་ཤོངས་ཚད་སོགས་ལ་ཡར་རྒྱས་དང་རྒྱ་བསྐྱེད་བཏང་ཡོད་པ་མ་གཏོགས། དམིགས་བསལ་གྱིས་ཧང་སངས་དགོས་པའི་ཁྱད་ཆོས་གསར་པ་དེ་ཙམ་མེད།
རྩིས་འཕྲུལ་ལ་ཆ་མཚོན་ན། MacBook Neo་ནི་ཀུ་ཤུ་བཟོ་ཚོང་ཁང་གིས་འདོན་སྤེལ་བྱས་པའི་ཀུ་ཤུ་རྩིས་འཕྲུལ་རིན་གོང་ཆུང་ཤོས་དེ་ཆགས་ཀྱི་ཡོད། རྩིས་འཕྲུལ་འདིའི་ཕྱིའི་བཟོ་བཀོད་མཛེས་ལ ཆེ་ཆུང་རན་པ། རིན་གོང་ཆུང་བ། རྩིས་འཕྲུལ་ཚོང་རྟགས་གཞན་པ་དང་བསྡུར་ན། ལྟོས་ས་ལྟོས་འཇོག་གི་ཐོག་ནས་བྱེད་ལས་མྱུར་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། མི་ཚང་མས་གླེང་སློང་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད། རྩིས་འཕྲུལ་འདིའི་རིན་གོང་ནི། དམངས་སྒོར་4599 མགོ་འཛུགས་ཀྱི་ཡོད་ཀྱི་ཡོད་པས། ཀུ་ཤུ་ཁ་པར་iPhone 17e དང་MacBook Neo གཉིས་ཀྱི་རིན་གོང་ལ་དམངས་སྒོར་100 ཁྱད་པར་མ་གཏོགས་མེད།
ལམ་ཡིག་གི་ཞབས་མཆན། ཐེངས་རྗེས་མར། ཀུ་ཤུ་རྩིས་འཕྲུལMacBook Neo སྐོར་ལ་རྒྱས་བཤད་བྱེད་རྒྱུ་ཡིན་པས། ཚང་མས་དོ་ཁུར་གནང་རོགས།