ཧྭ་ཝེ Nova 15

ཧྭ་ཝེ་བཟོ་ཚོང་ཁང་གིས་Nova 15་ཁ་པར་ཐོན་རིམ་གསར་པ་ཁག་དངོས་སུ་འགྲེམས་སྤེལ་བྱས་ཡོད་ལ། ཁ་པར་འདི་ནི་འབྲིང་རིམ་ཁྲོམ་ར་དང་། ན་གཞོན། མཛེས་རྩལ་སོགས་ལ་དམིགས་ཏེ་ཇུས་འགོད་བྱས་པ་ཞིག་ཡིན། 

བཟང་ཆ། 👍

འཆར་ཤེལ། འཆར་ཤེལ་ཆེ་(17cm)ལ། དེའི་ནང་དུ་འཆར་བའི་གཟུགས་རིས་ཀྱི་ཚོན་མདངས་རྣམ་པར་བཀྲ་བས་བརྙན་སོགས་ལ་བལྟས་ན་ཧ་ཅང་བཟང་།

བྱེད་ནུས།  Kirin 8020 ཉིང་ལྷེབ་ཀྱིས་ནུས་ཤུགས་བསྩལ་ཡོད། Kirin 8020 ཉིང་ལྷེབ་ནི 5G-ནུས་པ་ལྡན་པའི་སྒྲིག་གཅོད་ཆས་ཤིག་ཡིན་ལ།  ཁ་པར་གྱི་བྱེད་ནུས་ཐོན་སྔོན་མ་དང་བསྡུར་ན་བརྒྱ་ཆ་62%ཡར་རྒྱས་བཏང་ཡོད། དུས་མཚུངས་སུ། ཉིང་ལྷེབ་དེས་རོལ་རྩེད་ཀྱི་ནུས་པའི་བརྒྱ་ཆ་60%ཡིས་མཐོར་འདེགས་བཏང་ཡོད་སྟབས། དྲ་ཐོག་གི་རོལ་རྩེད་ལ་དགའ་མོས་བྱེད་མཁན་གྱི་འཛད་སྤྱོད་པ་ཚོས་རྩེད་མོ་རྩེད་སྐབས་བར་ཆད་གང་ཡང་མི་ཡོང་།

པར་ཆས། པར་ཆས་གཙོ་བོའི་ཤུགས་ཚད་ནི་ 50MP ཡིན་ལ། རྒྱང་ཤེལ་པར་ཆས་ཀྱི་ཤུགས་ཚད་ནི་12MP་ཡིན། 

གློག་རྫས། 6000 mAh་ནས་6500mAh ཡོད་པའི་གློག་རྫས་ཆེན་པོ་ཞིག་ཡོད།

ཐལ་རྡུལ་དང་ཆུ་འགོག་གི་ནུས་པ IP65 ཡིན། 

འཁོར་སྐར་མ་ལག་གི་ཁྱད་ཆོས། འདི་ནི་ཁ་པར་གྱིས་བྱང་སྐར་འཁོར་སྐར་མ་ལག་(北斗卫星导航系统)བེད་སྤྱོད་བྱེད་ཐུབ་པའི་ཁྱད་ཆོས་ཐོག་མ་དེ་ཡིན། ཁ་པར་གྱིས་ད་དུང་ས་གནས་སུ་དྲ་རྒྱ་མེད་པའི་སྐབས་སུ་འཕྲིན་ཐུང་གཏོང་ཐུབ་པ་དང་ས་ཁྲ་སྟོན་ཐུབ་པས། ཁ་པར་སྤྱོད་མཁན་ཚོ་བྱེ་ཐང་ངམ་མཚོ་ཐོག་ཏུ་ཉེན་ཁའི་གནས་སུ་ལྷུང་བའམ་ཡང་ན་ས་ཡོམ་གྱི་རྐྱེན་གྱིས་སྐྱོབ་བསྒུགས་བྱེད་སྐབས་ཕན་ཆེན་པོ་ཐོགས་ཐུབ།

རིན་གོང་། དམངས་སྒོར་2699 ནས་4999 བར་ཡིན།

ཞན་ཆ།  👎མཉེན་ཆས་ཀྱི་དཀའ་ངལ། ཧྭ་ཝེ་ཁ་པར་ཁག་ལ་ཨན་ཌོ་ཞབས་ཞུའི་རྒྱབ་སྐྱོར་མེད་པས། སེམས་སོང་དང་ཞའོ་མིས་སོགས་དང་བསྡུར་ན། མཉེན་ཆས་ཀྱི་གདམ་གསེས་མང་པོ་མེད། 

ཁ་པར་འདི་རིན་གོང་མཐོ་བོ་མེད་ལ།  གློག་རྒྱུན་རིང་པོར་འདང་བའི་ཐོག་ལ་བརྙན་དང་པར་སོགས་བླངས་ན་ཧ་ཅང་བཀྲགས་མདངས་ཆེ་བས། གློག་རྒྱུན་རིང་པོར་འདང་དགོས་མཁན་དང་པར་ལེན་རྒྱུར་དགའ་མཁན། རིན་གོང་མཐོ་བའི་ཁ་པར་ཉོ་མི་ཐུབ་མཁན་གྱི་འཛད་སྤྱོད་པ་ཚོར་མཚོན་ན། ཁ་པར་འདི་ནི་ཆེས་འོས་ཤིང་འཚམས་པ་ཞིག་ཆགས་ཡོད།

Leave a Reply

Your email address will not be published. Required fields are marked *