Vivo ཁ་པར X300 

ཝེ་ཝོ་ཚོང་རྟགས་ཀྱི་ལོ་ངོ་30 འཁོར་བའི་དུས་དྲན་དང་བསྟུན་ནས།  ཝི་ཝོ་ཁ་པརX300 དེ་དངོས་སུ་འགྲེམས་སྤེལ་བྱས་ཡོད་ལ། ཁ་པར་ཐོན་རིམ་གསར་པ་འདིའི་བཟོ་བཀོད་དང་། པར་ཆས་ཀྱི་ནུས་ཤུགས། བྱེད་ལས། མཉེན་ཆས་སོགས་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བཏང་ཡོད་འདུག   

རིན་གོང་།  ཁ་པར་གྱི་རིན་གོང་དམངས་སྒོར་4399 ནས་5299 བར་ཡིན། 

པར་ཆས། Vivo དང་ Zeiss གཉིས་ཀྱིས་མཉམ་འབྲེལ་ཐོག་གསར་སྤེལ་བྱས་པའི་པར་ལེན་མ་ལག་དེ་ཚད་མཐོ་བོ་ཡོད་ལ། པར་ཆས་ཀྱི་ཤུགས་ཚད་ནི 200MP ཡིན། གླུ་གཞས་འཁྲབ་སྟོན་དང་། ལུས་རྩལ། དེ་བཞིན་མགྱོགས་མྱུར་ངང་འགུལ་སྐྱོད་བྱེད་བཞིན་པའི་མཛེས་ལྗོངས་དག་བརྙན་ལེན་པར་ཧ་ཅང་འཚམ་པོ་ཡོད་ལ། མཛུབ་གནོན་ཐེངས་གཅིག་གིས་འདྲ་པར་དག་མིས་བཟོས་རིག་ནུས་སྤྱད་དེ་བརྙན་ཐུང་བཟོ་ཐུབ་པའི་ཁྱད་ཆོས་ཡོད། 

མཁྲེགས་ཆས། ཝེ་ཝོ་ཁ་པར་ཐོན་རིམ་འདིའི་ནང་དུ 联发科天玑9500 ཉིང་ལྷེབ་བེད་སྤྱོད་བྱེད་ཀྱི་ཡོད་པས། དྲ་སྟེང་དུ་རོལ་རྩེད་རྩེ་དུས་དང་། བྱེད་ལས་མང་པོ་དུས་གཅིག་ཏུ་རྩོམ་དུས་མཁྲེགས་ཆས་ལ་དཀའ་ངལ་གང་ཡང་མི་འཕྲད་པའི་ཁག་ཐེག་བྱེད་ཐུབ། 

འཆར་ཤེལ།  འཆར་ཤེལ་གྱི་སྤུས་ཀ་བཟང་བས། འོད་གསལ་པོ་མེད་ས་དང་། མུན་ནག་ནང་དུ་ཡི་གེ་སོགས་ཀློག་བདེ་པོ་དང་མིག་ལ་དེ་ཙམ་མི་གནོད་པའི་ཁྱད་ཆོས་ལྡན། 

འབྲེལ་མཐུད། ཝི་ཝོ་ཡི་OriginOS 6 དེ་ཨན་ཌོ་མ་ལག་ལ་གཞི་རྟེན་བཅོལ་བའི་ཉེར་སྤྱོད་མ་ལག་ཅིག་ཡིན་ལ། ད་ཆ་མ་ལག་འདི་ཐད་ཀར་ཀུ་ཤུ་ཁ་པར་དང་འབྲེལ་མཐུད་བྱེད་ཐུབ་པའི་ཁྱད་ཆོས་ཤིག་ཁ་སྣོན་བྱས་ཡོད་ཚུལ་གསལ་ཡོད། དེར་བརྟེན། ད་ནས་བཟུང་། ཝེ་ཝོ་དང་ཀུ་ཤུ་ཁ་པར་གཉིས་ཕན་ཚུན་དབར་ཡིག་ཆ་གཏོང་ལེན་གྱི་དཀའ་ངལ་མེད་པར་ཆགས་འགྲོ་སྲིད་ཀྱི་ཡོད།  ཁྱད་ཆོས་འདིས་ཨན་ཌོ་དང་ཀུ་ཤུ་གཉིས་ཀྱི་བར་ཐག་ཇེ་ཐུང་དུ་གཏོང་བར་འབད་པ་བྱེད་བཞིན་ཡོད་པ་མཚོན་ཐུབ།

Leave a Reply

Your email address will not be published. Required fields are marked *